ཀྲུང་གོ་དང་ལོའོ་ཝུའོ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པས་མཉམ་དུ“ཀྲུང་ལོའོ་མཛའ་འབྲེལ་ལོ”འགོ་ཚུགས་པ་ཁྱབ་བསྒྲགས་བྱས།
ཁུངས། ཞིན་ཧྭ་གསར་འགྱུར། ཀློག་གྲངས།

ཟླ2ཚེས5ཉིན།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོའོ་ཝུའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན་ལ་འཕྲིན་ལན་སྤྲིངས་ནས2026ལོ“ཀྲུང་ལོ་མཛའ་འབྲེལ་ལོར”གཏན་འཁེལ་བྱས་པ་མ་ཟད་རྟེན་འབྲེལ་བྱེད་སྒོ་རབ་དང་རིམ་པ་སྤེལ་འགོ་ཚུགས་པ་མཉམ་དུ་ཁྱབ་བསྒྲགས་གནང་།

ཞི་ཅིན་ཕིང་གིས་བསྟན་དོན།  ཀྲུང་གོ་དང་ལོའོ་ཝུའོ་རྒྱལ་ཁབ་གཉིས་ནི་རི་ཆུའི་རྒྱུད་འབྲེལ་ཞིང་མི་རབས་ནས་མི་རབས་བར་མཛའ་འབྲེལ་གྱི་ཁྱིམ་མཚེས་བཟང་པོ་དང་གྲོགས་པོ་བཟང་པོ་ཡིན་པ་དང་། བློ་སེམས་མཐུན་ཞིང་བགྲོད་ལམ་གཅིག་ལ་ལས་བསྐལ་གཅིག་མཐུན་གྱི་བློ་མཐུན་བཟང་པོ་དང་ཟླ་གྲོགས་བཟང་པོ་ཡིན།  ཉེ་བའི་ལོ་འགའི་ཚུན་དུ།  ཕྱོགས་གཉིས་ཀས་གཉིས་ཕན་མཉམ་རྒྱལ་སྒོས་འཕེལ་རྒྱས་དོན་གཉེར་དང་མཐུན་སྒྲིལ་མཉམ་ལས་སྒོས་འགྲན་སློང་བསུས་ཏེ། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ་རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་དོན་དངོས་ཀྱི་བདེ་སྐྱིད་བསྐྲུན་ཡོད།  ང་རང་སྤྱི་ཁྱབ་ཧྲུའུ་ཅི་ཐུང་ལུན་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལ་ཐུག་འཕྲད་ཐེངས་མང་བྱས་ཤིང་། ཀྲུང་གོ་དང་ལོའོ་ཝུའོ་ལས་བསྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ཟབ་སྐུལ་གཏོང་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ནས་གནས་བབ་གསར་པའི་འོག་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་འཆར་བཀོད་བཟོས་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ལོ་གཅིག་གི་འགོ་བསྐྱར་དུ་ཚུགས་ཤིང་སྐྱེ་དངོས་ཀུན་ལ་གསོན་ཤུགས་གསར་བ་རྒྱས།  ཀྲུང་གོ་དང་ལོའོ་ཝུའི་འབྲེལ་བ་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་ནས་ཡངས་ཤིང་རྒྱ་ཆེ་བའི་འཕེལ་རྒྱས་ཀྱི་མདུན་ལམ་བསུས་ཡོད།  ཀྲུང་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་རིང་པོར་བསམ་ནས་ཀྲུང་གོ་དང་ལོའོ་ཝུའི་འབྲེལ་བར་ལྟ་སྟངས་འཛིན་གྱི་ཡོད་ཅིང་། ལོའོ་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ལོའོ་ཝུའོ་དབར་ཕྱི་འབྲེལ་བཙུགས་ནས་ལོ65འཁོར་བ་དང“ཀྲུང་ལོའོ་མཛའ་འབྲེལ་ལོ”གོ་སྐབས་སུ་བཟུང་ནས་སྲོལ་རྒྱུན་མཛའ་འབྲེལ་རྒྱུན་འཛིན་བྱས་ཏེ། དངོས་གཉེར་མཉམ་ལས་ཟབ་སྤེལ་དང་འཐབ་ཇུས་རོགས་ལས་བྱེད་ཤུགས་ཆེ་རུ་བཏང་ནས། ཀྲུང་ལོའོ་ལས་བསྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་དེ་རྒྱལ་ཁབ་དང་རྒྱལ་ཁབ་དབར་གྱི་འབྲེལ་བའི་མདུན་གྲལ་དུ་བསྐྱོད་དེ་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་དང་འཕེལ་རྒྱས་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་སྔར་བས་ཆེ་བ་འབུལ་འདོད་ཡོད།

ཐུང་ལུན་གྱིས་ཞི་ཅིན་ཕིང་ལ་སྤྲིངས་བའི་དཔྱིད་གསར་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་སྐུ་དངོས་ཀྱི་ཐུགས་ཁུར་དང་སྣེ་ཁྲིད་འོག  ལོའོ་ཀྲུང་གཉིས་ཀྱི་སྲོལ་རྒྱུན་མཛའ་འབྲེལ་སྔར་བས་སྲ་བརྟན་དུ་ཕྱིན་ཡོད་ལ། ཆབ་སྲིད་ཀྱི་ཡིད་ཆེས་ཉིན་རེ་བཞིན་ཟབ་ཏུ་ཕྱིན་ཏེ། ་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད།  ངས་ལོའོ་ཕྱོགས་ཀྱི་སྡེ་ཁག་སོ་སོས་ཀྲུང་ཕྱོགས་དང་མཉམ་ལས་བྱས་ཏེ་ལོའོ་ཀྲུང་དབར་ཕྱི་འབྲེལ་བཙུགས་ནས་ལོ65འཁོར་བ་དང“ལོ་ཀྲུང་མཛའ་འབྲེལ་ལོའི”རྟེན་འབྲེལ་བྱེད་སྒོ་རབ་དང་རིམ་པ་ལེགས་པོ་སྤེལ་བར་མཛུབ་ཁྲིད་བྱས་ཏེ། ཚད་གཞི་མཐོ་བ་དང་།   སྤུས་ཚད་མཐོ་བ།  ཆུ་ཚད་མཐོ་བ་བཅས་ཀྱི་ལའོ་ཀྲུང་ལས་བསྐལ་གཅིག་མཐུན་ཚོགས་པ་སྐྲུན་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་ཁྱབ་ཁོངས་སོ་སོའི་དངོས་སྒྲུབ་མཉམ་ལས་དེ་དུས་སྐབས་གསར་པར་མཐོ་ཚད་གསར་པར་བསྐྱོད་རྒྱུར་མུ་མཐུད་སྐུལ་འདེད་བཏང་སྟེ་མིའི་རིགས་ཀྱི་ལས་བསྐལ་གཅིག་མཐུན་ཚོགས་པ་སྐྲུན་པར་དཔེ་སྟོན་བྱེད་དགོས།