
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་པེ་ཅིང་དུ་ཚེས་ལྔ་ཉིན་ཁུ་པའི་ཏང་དང་སྲིད་གཞུང་གི་དམིགས་བསལ་ཕོ་ཉ་དང་། ཁུ་པའི་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཕྱི་འབྲེལ་པུའུ་ཀྲང་ལུའོ་ཏེ་ལི་ཀེ་སི་བཅས་དང་མཇལ་འཕྲད་གནང་།
ཝང་ཧུའུ་ཉིང་གིས་བསྟན་དོན། 2025ལོར། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཏི་ཡ་སི-ཁ་ནེར་ཀྲུའུ་ཞི་གཉིས་ཞལ་འཛོམས་ཐེངས་གཉིས་གནང་སྟེ། སྔར་ལས་འབྲེལ་བ་དམ་ཟབ་ཡིན་པའི་ཁུ་པ་དང་ཀྲུང་གོའི་ལས་བསྐལ་གཅིག་མཐུན་ཚོགས་པ་འཛུགས་པར་འཆར་འགོད་ལེགས་པོ་འཐེན་པ་དང་། ཀྲུང་གོས་ཁུ་པ་ཕྱོགས་ཀྱིས་ཕྱི་ཕྱོགས་ཐེ་གཏོགས་ལ་ངོ་རྒོལ་བྱེད་པའི་དྲང་བདེན་གྱི་འཐབ་རྩོད་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ནས་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ལུགས་མཐུན་ཁེ་དབང་སྲུང་སྐྱོང་བྱ་རྒྱུ་ཡིན་པ་དང་། ཁུ་པ་གུང་ཁྲན་ཏང་གིས་དཀའ་ངལ་དང་ཉེན་ཁ་ཁྱད་བསད་བྱས་ཏེ་ཁུ་པའི་མི་དམངས་ཀྱི་སྣེ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་ལམ་བུའི་ཐོག་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་རྒྱུའི་ཡིད་ཆེས་ཡོད་པར་བསྟན། ཀྲུང་གོ་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཀྲུང་གོ་དང་ཁུ་པའི་མཛའ་མཐུན་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་སྟོབས་ཤུགས་འབུལ་འདོད་ཡོད།
ལུའོ་ཏེ་ལི་ཀེ་སིས་བསྟན་དོན། ཀྲུང་གོ་ནི་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པས། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་རེ་བ་མཚོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁུ་པའི་ཕངས་མེད་ཀྱི་རོགས་སྐྱོར་ལ་བཀའ་དྲིན་ཆེ་ཞུས་པ་དང་། ཁུ་པ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་དོན་འཁྱོལ་ཡག་པོ་བྱས་ཏེ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་བཏང་ནས་ཐུན་མོང་ཐོག་རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་སྲུང་སྐྱོང་བྱེད་དགོས།
པ་ཐེར་དང་ཝང་ཏུང་ཧྥུང་སོགས་མཇལ་འཕྲད་ནང་ཞུགས།