སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་སར་ལྷན་འཛོམས་ཀྱི་རྟེན་འབྲེལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་ཀུན་གྱིས་དོ་སྣང་ཆེན་པོ་བྱས།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

ལུགས་རྙིང་ལོ་སར་སླེབས་ལ་ཉེ་བའི་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས2026ལོའི་ལོ་སར་ལྷན་འཛོམས་ཀྱི་རྟེན་འབྲེལ་ཚོགས་འདུའི་སྟེང་གསུང་བཤད་གལ་ཆེན་གནང་ནས། ལོ་གཅིག་གི་རིང་རྒྱལ་ཁབ་འཕེལ་རྒྱས་ཐད་བླངས་པའི་འོད་སྟོང་འབར་བའི་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་ཕྱིར་ལྟ་བྱས་ཏེ། ཚང་མར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཐབ་ལམ་གསར་པའི་སྟེང་ཞུམ་མེད་མདུན་སྐྱོད་བྱེད་དགོས་པའི་ལྕག་སྐུལ་གནང་། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ལ་རྒྱལ་ཡོངས་ས་གནས་ཁག་ཏུ་དོ་སྣང་ཆེན་པོ་བྱས་པ་དང་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་པོ་བྱས་ཏེ། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་གི་ཆེད་དུ་སྔར་ལས་ལྷག་པའི་བྱས་རྗེས་གསར་བ་འཇོག་དགོས།

ལོ་སར་ལྷན་འཛོམས་ཀྱི་རྟེན་འབྲེལ་ཚོགས་འདུའི་སྟེང་།  ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་ཚང་མར་བྱམས་བརྩེའི་ངང་གུས་འདུད་ཞུས་པ་དང་། ཚང་མར་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཕུལ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། འདས་ཟིན་པའི་ཤིང་མོ་སྦྲུལ་ལོ་ནི་སྤྱིར་བཏང་མ་ཡིན་པའི་ལོ་ཞིག་རེད། ལོ་ཧྲིལ་པོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དམིགས་འབེན་དང་ལས་འགན་གཙོ་བོ་བདེ་བླག་ངང་འགྲུབ་པ་དང་།“ལོ་ལྔའི་འཆར་འགོད་བཅུ་བཞི་པ”ལེགས་འགྲུབ་བྱུང་སྟེ། རང་རྒྱལ་གྱི་དཔལ་འབྱོར་སྟོབས་ཤུགས་དང་། ཚན་རྩལ་སྟོབས་ཤུགས། རྒྱལ་སྲུང་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་སྐས་རིམ་གསར་པར་སླེབས་ཤིང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གོམ་སྟབས་གསར་པ་བརྟན་པོ་སྤོས་ཡོད།

མཁར་གྲོང་ནས་ཞིང་སྡེ་བར།  ཀྲུང་གོའི་ས་གཞི་ཆེན་མོའི་སྟེང་ལོ་སར་གྱི་རྣམ་པ་བཟང་བོ་དང་རྟེན་འབྲེལ་དགའ་སྟོན་གྱི་རྣམ་པས་ཁེངས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་འབྲི་ཆུའི་ལྷོ་བྱང་ཀུན་ལ་ཁྱབ་པ་དང་།  དེས་མི་སེམས་ལ་དྲོད་ཁོལ་སྦྱིན་པ་དང་སྤོབས་པས་མདུན་དུ་སྐྱོད་པར་སྐུལ་ལྕག་གནང་།

མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཝུན་ཐིང་སྲང་ལམ་སྡེ་ཁུལ་གྱི་ལས་སྒྲུབ་མི་སྣ་སྒྲོལ་མ་དབྱངས་སྐྱིད་ཀྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིས2026ལོའི་ལོ་སར་ལྷན་འཛོམས་ཀྱི་རྟེན་འབྲེལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་ལ་ཉན་རྗེས་ངའི་སེམས་པ་ཧ་ཅང་དགའ་བྱུང་། ང་ཚོའི་རྒྱལ་ཁབ་ཀྱིས་ལོ་གཅིག་གི་རིང་བླངས་པའི་སྤྱིར་བཏང་མ་ཡིན་པའི་གྲུབ་འབྲས་དེས་མི་རྣམས་ལ་སྐུལ་མ་ཐེབས་པ་དང་། ང་ཚོས་འབད་འབུངས་ཡར་བརྩོན་བྱེད་པར་སྔར་བས་གདེང་ཚོད་ཡོད་པ་དང་ལས་སྒྲུབ་ཀྱི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་བཏང་། ང་ཚོས་བདེ་སྐྱིད་ཟ་ཁང་དང་རྒན་པར་ཞབས་ཞུ་སྒྲུབ་པ་སོགས་དངོས་དོན་འདི་དག་སྔར་བས་ལེགས་པར་སྒྲུབ་སྟེ།  སྡེ་ཁུལ་གྱི་སྡོད་དམངས་ཚོར་ཆེས་བློ་བདེའི་བག་ཕེབས་ཀྱི་བདེ་སྐྱིད་གནས་མཆོག་ཅིག་བསྐྲུན་རྒྱུ་ཡིན།

ཧེ་ལུང་ཅང་ཞིང་ཆེན་ཧྲོང་ཡ་ཧྲན་གྲོང་ཁྱེར་ཅི་ཞན་རྫོང་ཡུང་ཧྲེང་ཞིང་འཕྲུལ་མཉམ་ལས་ཁང་གི་ལས་འཛིན་འགོ་གཙོ་ལིའུ་མིང་ཁུན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲུབ་འབྲས་ཀྱིས་མི་རྣམས་ལ་སྐུལ་མ་ཐེབས་པ་དང་། འབད་འཐབ་ཀྱིས་ཡིད་ཆེས་ཇེ་བརྟན་དུ་བཏང་ཡོད་ཅེས་གསུངས་མྱོང་།   ན་ནིང་རང་རྒྱལ་གྱི་འབྲུ་རིགས་ཐོན་ཚད་རྒྱ་མ་ཁྲག་ཆེན་གཅིག་ཁྲག་ཁྲིག་བཞི་ལས་བརྒལ་བས། ངའི་སྤོབས་སེམས་ཆེ་རུ་བཏང་ལ། འདིའི་ནང་དུ་ང་ཚོའི་བྱས་རྗེས་ཡོད། ལོ་གསར་པའི་ནང་། ང་ཚོས་འབད་འབུངས་ཡར་བརྩོན་བྱས་ནས། ཀྲུང་གོའི་ཕོར་བའི་ནང་ཀྲུང་གོའི་འབྲུ་རིགས་འཇུག་རྒྱུ་ཡིན།

ཞིན་ཅང་ཧོ་ཐེན་ས་ཁུལ་ཧོ་ཐན་རྫོང་པའེ་ཧི་གྲོང་རྡལ་གྱི་འགོ་གཙོ་ཙུའུ་ལི་ཕི་ཁར·མུའུ་ཧོ་པའེ་ཐི་ཡིས་བཤད་རྒྱུར། ན་ནིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཞིན་ཅང་དུ་ཕེབས་ཏེ་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོར་ཞུགས་པས། ང་ཚོར་སྐུལ་ལྕག་ཆེན་པོ་ཐེབས་པ་དང་སེམས་ལ་དྲོད་ཁོལ་ཆེན་པོ་སྦྱིན།  2026ལོ་ནི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་ཚུགས་པའི་ལོ་ཡིན་པས། ང་ཚོས་གྲོང་གསེབ་དར་སྤེལ་གཏོང་བའི་ཡངས་ཤིང་རྒྱ་ཆེ་བའི་བགྲོད་ལམ་ཐོག་ཞུམ་མེད་མདུན་སྐྱོད་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅིའི་རེ་བ་སྟོང་ཟད་དུ་མི་གཏོང་།

ཀོང་ཏུང་ཞིང་ཆེན་ཀོང་ཀྲོའུ་གྲོང་ཁྱེར་གྱི་གྲོང་མི་ཧྥང་ཀྲི་རོའུ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཏུང་དང་ཞང་ཀང་། ཨའོ་མོན་བཅས་ས་ཁུལ་གསུམ་གྱིས་མཉམ་འབྲེལ་ཐོག་རྒྱལ་ཡོངས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པ་སྒྲུབ་པའི་སྐོར་གླེང་དུས།  ཀོང་ཏུང་དང་། ཞང་ཀང་། ཨའོ་མོན་མཚོ་ཁུག་ཆེན་མོའི་གྲོང་མི་ཞིག་ཡིན་པའི་ཆ་ནས། སྤོབས་སེམས་དང་ངར་སེམས་ཆེན་པོ་སྐྱེས། ལོ་གསར་པའི་ནང་། ངས་ཀྱང་རང་ཉིད་ཀྱི་ལས་གནས་ཐོག་འབད་བརྩོན་བྱས་ནས་བྱས་རྗེས་འཇོག་རྒྱུ་ཡིན་པ་དང་། ང་ཚོའི་ཀོང་ཏུང་དང་། ཞང་ཀང་། ཨའོ་མོན་མཚོ་ཁུག་ཆེན་མོ་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་སྟེ་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བ་དང་། ང་ཚོའི་མེས་རྒྱལ་སྔར་བས་དར་རྒྱས་གོང་འཕེལ་ཡོང་བའི་སྨོན་འདུན་ཞུས་པ་ཡིན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། གྲུབ་འབྲས་ཀྱིས་མི་སེམས་ལ་སྐུལ་མ་ཐེབས་པ་དང་འབད་འཐབ་ཀྱིས་ཡིད་ཆེས་ཇེ་བརྟན་དུ་བཏང་།  འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱས་ཏེ། གོམ་པ་རེ་རེ་བཞིན་བློ་བརྟན་འགྱུར་མེད་ངང་མདུན་སྐྱོད་བྱེད་པ་དང་། དུས་རིམ་རེ་རེ་བཞིན་ཏན་ཏིག་གིས་སྐུལ་འདེད་བཏང་ན། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཐད་རྒྱུན་ཆད་མེད་པར་རྒྱལ་ཁ་ཆུང་ངུ་བསགས་པ་ནས་རྒྱལ་ཁ་ཆེན་པོ་འཐོབ་ངེས་པ་དང་། ང་ཚོའི་དམིགས་ཡུལ་མངོན་འགྱུར་བྱེད་ཐུབ་ངེས་ཡིན། 

ཧྲན་ཞི་ཞིང་ཆེན་ཐའེ་ཡོན་གྲོང་ཁྱེར་ཝན་པོ་ནགས་ཁུལ་དམངས་སྲིད་ཅུས་ཀྱི་ཅུས་ཀྲང་གཞོན་པ་རེན་ཅོན་གྱིས་བཤད་རྒྱུར། ང་ཚོས“གཏན་ཕབ་གཉིས”ལ་གོང་བཀུར་བྱེད་པ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ལེགས་པོར་སྒྲུབ་སྟེ། སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས། ཀུན་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། མཐའ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོ་འགན་སྲུང་ཁྱབ་ཁོངས་སུ་མུ་མཐུད་དུ་ཤུགས་སྣོན་དགོས། སྤྱི་ཚོགས་རོགས་སྐྱོབ་མ་ལག་སྔར་བས་འཐུས་ཚང་དུ་གཏོང་བ་དང་། རྒན་གསོའི་ཞབས་ཞུའི་མཁོ་སྤྲོད་མུ་མཐུད་ཇེ་ལེགས་སུ་གཏོང་བ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཇེ་ཆེར་གཏོང་དགོས།

ཀྲུང་གོ་ཚན་རིག་ལག་རྩལ་སློབ་ཆེན་དངོས་ལུགས་སློབ་གླིང་གི་དགེ་རྒན་ཆེན་མོ་ཀྲོའུ་ཙུང་ཆོན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གོམ་པ་རེ་རེ་བཞིན་བློ་བརྟན་འགྱུར་མེད་ཀྱིས་མདུན་དུ་བསྐྱོད་དགོས་པ་ནན་གྱིས་བསྟན་ཡོད། ང་ཚོའི་རུ་ཁག་གིས་མ་འགྱངས་པའི་སྔོན་ལ་སྲ་རྣམ་ཚད་རྡུལ་གསོག་འཇོག་ལས་ཆོད་ཀྱི་འཛམ་གླིང་གི་ཟིན་ཐོ་གསར་ཏུ་བསྐྲུན་ཏེ། ཚང་མར་སེམས་འགུལ་ཐེབས་བཞིན་ཡོད། ང་ཚོས་རྟ་ལོ་ལ་རྟ་ཕོ་ལྕག་གིས་སྐུལ་བ་བཞིན་ཞུམ་མེད་མདུན་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ་བྱས་ནས། ཚད་རྡུལ་ཚན་རྩལ་གྱི་འགྲན་ལམ་གསར་པ་རུ་ནུས་ཤུགས་ཡོད་རྒུས་ཐོད་བརྒལ་བྱ་རྒྱུ་ཡིན།

ཀན་སུའུ་ཞིང་ཆེན་ཏིང་ཞི་གྲོང་ཁྱེར་སྤྱི་བདེ་ཅུས་ཨན་ཏིང་ཡན་ལག་ཅུས་དམིགས་བསལ་ཉེན་རྟོག་རུ་ཆེན་གྱི་རུ་མི་ལི་ཆི་ཧེང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ80འཁོར་བར་གཟབ་རྒྱས་ངང་དྲན་གསོ་ཞུ་སྐབས། ང་གྲ་སྒྲིག་དམག་ཞབས་རུ་སྟར་གྲུ་བཞིའི་ཁོངས་མི་ཞིག་ཡིན་པའི་ངོས་ནས། ཐེངས་དེའི་དམག་གཟིགས་མཛད་སྒོར་ཞུགས་པ་དང་། ད་ལྟ་ཕྱིར་དྲན་བྱས་ན་སྔར་བཞིན་ངར་སེམས་སྐྱེད་པ་ཞིག་རེད། ངས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཟུང་ནས། ཁྱིམ་ཚང་ཆུང་ངུའི་བདེ་སྐྱིད་ཧུར་ཐག་གིས་སྲུང་སྐྱོང་བྱས་ཏེ། ཁྱིམ་ཚང་ཆེན་པོ་དར་རྒྱས་ཡོང་བར་རང་ཉིད་ཀྱི་སྟོབས་ཤུགས་འབུལ་རྒྱུ་ཡིན།

དེ་རིང་ནི་ལོ་སར་གུང་གསེང་གི་ཉིན་དང་པོ་ཡིན་མོད། ད་དུང་མི་མང་པོ་ཞིག་གིས་ལས་གནས་བརྟན་སྲུང་བྱེད་ཀྱིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ནན་མོ་ཡིས་འབད་འཐབ་པ་བགྲང་ལས་འདས་པས་དངོས་སྒྲུབ་ཀྱི་འགན་འཁྲིར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་པར་ལྕག་སྐུལ་བྱས་ཡོད།

པེ་ཅིང་གྲོང་ཁྱེར་གཙོ་གནད་ས་ཚིགས་དོ་དམ་ཨུ་ཡོན་ལྷན་ཁང་པེ་ཅིང་ལྷོ་ཚུགས་ས་ཁུལ་དོ་དམ་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་ལིའུ་རུང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོའི་ཏང་ནི་མི་དམངས་ཀྱི་ཆེད་དུ་བྱུང་བ་དང་། མི་དམངས་ཀྱི་ཆེད་དུ་དར་རྒྱས་ཡོང་བ། བྱ་བ་ཐམས་ཅད་མི་དམངས་ཀྱི་བདེ་སྐྱིད་ཀྱི་ཆེད་དུ་ཡིན་པ་བསྟན་ཡོད། ལོ་སར་སྐྱེལ་འདྲེན་འགན་ལེན་གྱི་ལས་ཡུལ་དང་པོའི་བྱ་བ་སྒྲུབ་མཁན་ཞིག་ཡིན་པའི་ངོས་ནས་བཤད་ན། ང་ཚོས་ཆེད་ལས་ཀྱི་བྱང་ཚད་སྔར་བས་མཐོ་རུ་བཏང་ནས། འགྲུལ་པར་ཞབས་ཞུ་འགན་ལེན་ཡག་པོ་སྒྲུབ་རྒྱུ་ཡིན།

 ཧའེ་ཐའེ་འབྲི་ཆུའི་ཕུག་ལམ་རྣམ་གྲངས་པུའུ་ཡི་འབིགས་འཕྲུལ་འགོ་གཙོ་ཝང་ཡན་ཆིང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དཔའ་ངར་ཆེར་སྐྱེད་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་བྱེད་དགོས་པ་བསྟན་ཡོད། ང་ཚོས་རྟ་ཕོ་ལྕག་གིས་སྐུལ་བ་ལྟ་བུའི་ངར་ཤུགས་ཀྱིས་ཚངས་ཐིག་ཧ་ཅང་ཆེ་བའི་འབིགས་འཕྲུལ་རྙོག་འཛིང་ཆེ་བའི་གཙང་པོའི་མཐིལ་གྱི་ས་རིམ་བརྒལ་བའི་ལག་རྩལ་གྱི་དཀའ་གནད་སེལ་ཏེ། མང་ཚོགས་ཁྲི་སྟོང་མང་པོས་རེ་སྒུག་བྱེད་པའི་འབྲི་ཆུ་སྒྲོལ་བའི་བགྲོད་ལམ་དེ་སྔ་མོ་ནས་བསྐྲུན་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན། 

2026ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བའི་ལོ་དང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་ཚུགས་པའི་ལོ་ཡང་ཡིན། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། རྟ་ཁྱུ་བང་རྒྱུག་གི་བརྗིད་ཉམས་དང་། རྟ་མཆོག་སྔོན་སྐྱོད་ཀྱི་ངར་ཤུགས་ཀྱིས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྱོང་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེའི་ལེའུ་གསར་པ་ཧུར་ཐག་གིས་རྩོམ་དགོས།

ཐེན་ཅིན་གྲུ་ཁའི་དོས་སྒམ་གྲུ་ཁ་གཉིས་པ་ཚད་ཡོད་ཀུང་སིའི་བཀོལ་སྤྱོད་པུའུ་ཡི་སྤྱི་གཉེར་བ་ཧྥིན་མེའོ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིས་ལོ་སར་ལྷན་འཛོམས་ཀྱི་རྟེན་འབྲེལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་ཀྱིས་མི་སེམས་ལ་དྲོ་སྐྱིད་སྦྱིན་ཡོད། ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་ཚུགས་པའི་ལོར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངག་བཅོལ་ཡིད་ལ་བརྟན་པོར་བཅངས་ནས། འཛམ་གླིང་སྟེང་གི་རིག་ནུས་གྲུ་ཁ་རྩེ་གྲ་དང་ལྗང་མདོག་གྲུ་ཁ་བསྐྲུན་རྒྱུར་མུ་མཐུད་དུ་ཤུགས་སྣོན་བྱས་ཏེ། འཛམ་གླིང་ཡོངས་ལ་ཤར་གཏོང་ཐུབ་པའི་མཚོ་ཐོག་སྐྱེལ་འདྲེན་དྲ་རྒྱ་འཛུགས་རྒྱུ་ཡིན།

 ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་གཞི་གྲངས་ཅུས་ཀྱི་ཅུས་ཀྲང་ཞུས་ཆིན་ཧྲན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ཀྱིས་ང་ཚོར་རྒྱལ་ཁ་ཐོབ་པའི་ཡིད་ཆེས་ཇེ་བརྟན་དུ་བཏང་བ་དང་། ལོ་གསར་པའི་ནང་། ང་ཚོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། ཆ་ཚང་ཞིང་ཡང་དག་པའི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་། མིས་བཟོས་རིག་ནུས་ཀྱི་ལྟེ་བའི་ཚད་འགྱུར་དེ་དམ་པོར་བཟུང་སྟེ།  སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་ལེགས་པོར་རྩོམ་པར་འགན་ལེན་བྱ་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་དེ་ཞང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་ཀྱི་ལས་རིགས་སོ་སོས་དོ་སྣང་ཆེན་པོ་བྱས། 

གྲུ་ཁའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚའེ་རུང་ཞིན་གྱིས་བཤད་རྒྱུར། ཀྲུའུ་ཞི་ཡིས་ལོ་སར་ལྷན་འཛོམས་ཀྱི་རྟེན་འབྲེལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་དེ་ཁྱོན་ཡོངས་ལ་གཞི་ཚུགས་པ་དང་རྒྱང་རིང་ལ་དམིགས་ཏེ་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་འོག་རྒྱལ་ཁབ་ཀྱིས་འཐབ་ཇུས་ངེས་ཤུགས་རྒྱུན་འཁྱོངས་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཡིད་ཆེས་བརྟན་པོ་མངོན་པར་བྱས་ཡོད། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཐབ་ལམ་གསར་པར་ཕྱོགས་ནས། ཞང་ཀང་གིས་རིམ་པ་སྔར་བས་མཐོ་བ་དང་ཁྱབ་ཁོངས་སྔར་བས་ཆེ་བའི་སྒོ་ནས་རྒྱལ་ཁབ་འཕེལ་རྒྱས་ཁྲོད་ཞུགས་པ་དང་། ཞང་ཀང་གིས་རྒྱལ་ཁབ་དེང་རབས་ཅན་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བ་དང་མཉམ་དུ་རང་ངོས་ཀྱི་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་དང་ཤུགས་རྐྱེན་བསྟུད་མར་ཆེ་རུ་གཏོང་དགོས།

ཨའོ་མོན་ན་གཞོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ལི་ཀྲའོ་ཙུའུ་ཡིས་བཤད་རྒྱུར། ཀྲུའུ་ཞི་ཡིས་ལོ་སར་ལྷན་འཛོམས་ཀྱི་རྟེན་འབྲེལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་ཀྱིས་ང་ཚོར་ལྕག་སྐུལ་ཆེན་པོ་ཐེབས་བྱུང་། ལོ་གསར་པའི་ནང་ང་ཚོས་ཀྲུའུ་ཞི་ཞི་ཅིན་ཕིང་གི་མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་ནས། དུས་རབས་ཀྱི་འགན་འཁྲི་འཁུར་ཕོད་པ་དང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལམ་ལུགས་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ནས། རྒྱལ་ཁབ་དང་རྒྱལ་སྤྱིའི་གོ་སྐབས་མཉམ་གནས་ཀྱི་དམིགས་བསལ་ཆ་རྐྱེན་ལེགས་པོ་སྤྱད་དེ། རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་སྔར་བས་རང་འགུལ་ངང་མཉམ་འདྲེས་བྱེད་པ་དང་། རྒྱལ་ཁབ་ཀྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ལེགས་པོ་ཞིག་རྩོམ་པར་ནུས་ཤུགས་ཆེན་པོ་འབུལ་རྒྱུ་ཡིན།

ཐའེ་ཝན་གྱི་སྐབས་དོན་དཔྱད་གླེང་བ་ཝང་པིང་ཀྲུང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟ་ཡི་མཚོན་དོན་ནི་དཔའ་ངར་ཆེར་བསྐྱེད་དང་འབད་འཐབ་ལྷོད་མེད་ཡིན་པ་དམིགས་སུ་གསུངས་ཡོད། མེ་ཕོ་རྟ་ལོར་མཚོ་འགག་འགྲམ་གཉིས་ཀྱི་ཀྲུང་གོ་བ་ཚང་མས་མཉམ་དུ་མཐུན་སྒྲིལ་དང་ཐུན་མོང་འབད་འཐབ་བྱས་ཚེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་འཕེལ་ཕྱོགས་ཆེན་མོར་སྐུལ་འདེད་གཏོང་ཐུབ་ལ།  རྟ་མཆོག་གི་བང་རྩལ་འགྲན་པ་ལྟར་འགོག་ཐབས་བྲལ་བ་ཞིག་ཡིན་ངེས།