“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”སྐབས་སུ་རང་རྒྱལ་གྱི་དཔལ་འབྱོར་སྟོབས་ཤུགས་སྐས་རིམ་གསར་པར་སླེབས།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་། རྒྱལ་ཁབ་ཕྱི་ནང་གི་རྙོག་འཛིང་ཆེ་བའི་གནས་བབ་ཀྱི་མདུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཁ་ཕྱོགས་གསལ་སྟོན་དང་ཁྱོན་ཡོངས་གཅིག་འདོམས་བྱས་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་ཆེན་པོ་གཉིས་ལ་གཅིག་གྱུར་འཆར་འགོད་བྱས་ཤིང་། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱས་པར་མ་ཟད།བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་དང་། རང་རྒྱལ་གྱི་དཔལ་འབྱོར་གྱིས་གནོན་ཐེག་མདུན་སྐྱོད་དང་། གསར་པ་དང་བཟང་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ལ། དཔལ་འབྱོར་དངོས་ཤུགས་སྐས་རིམ་གསར་པ་ཞིག་ཏུ་སླེབས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་གོམ་སྟབས་གསར་པ་བརྟན་པོ་ཞིག་སྤོས།

2025ལོར། རང་རྒྱལ་གྱི་ལོ་ཧྲིལ་པོའི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་རབ་བཀྲམ་ཆེན་པོ་གཅིག་རབ་བཀྲམ་བཞི་ཁྲག་ཁྲིག་གཅིག་ཐེར་ཆེན་བརྒྱད་ཐེར་འབུམ་བདུན་དུང་ཕྱུར་དགུ་ཡིན་པ་དང་། ཐེངས་དང་པོར་སྒོར་རབ་བཀྲམ་ཆེན་པོ་གཅིག་རབ་བཀྲམ་བཞི་ཡི་འགག་སྒོ་ཆེན་པོ་ལས་བརྒལ་ཏེ། ཀྲུང་གོའི་དཔལ་འབྱོར་བསྡོམས་འབོར་ཐད་ཐོལ་བརྒལ་གསར་པ་བྱུང་།

“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”ལོ་ལྔའི་རིང་། རང་རྒྱལ་གྱི་དཔལ་འབྱོར་བསྡོམས་འབོར་བསྟུད་མར་སོ་སོར་སྒོར་རབ་བཀྲམ་ཆེན་པོ་གཅིག་དང་རབ་བཀྲམ་གཅིག་དང་། སྒོར་རབ་བཀྲམ་ཆེན་པོ་གཅིག་དང་རབ་བཀྲམ་གཉིས། སྒོར་རབ་བཀྲམ་ཆེན་པོ་གཅིག་དང་རབ་བཀྲམ་གསུམ། སྒོར་རབ་བཀྲམ་ཆེན་པོ་གཅིག་དང་རབ་བཀྲམ་བཞི་བཅས་ཀྱི་སྐས་རིམ་ཆེན་པོ་བཞི་ལས་བརྒལ་ནས་ཀྲུང་གོའི་དཔལ་འབྱོར་གྱི་སྤུས་ཚད་ནུས་ལྡན་དང་གྲངས་འབོར་ལུགས་མཐུན་ངང་མཐོ་རུ་ཕྱིན།

གོ་ལ་ཧྲིལ་པོར་བལྟས་ན། ཀྲུང་གོས་འཛམ་གླིང་གི་དཔལ་འབྱོར་འཕར་བར་བྱས་རྗེས་བཞག་ཚད30%ཡས་མས་རྒྱུན་འཁྱོངས་བྱས་པ་དང་། རྒྱུན་མཐུད་ངང་འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་བྱས་རྗེས་འཇོག་མཁན་ཆེ་ཤོས་དང་བརྟན་ལྷིང་གི་གཏིང་རྡོ་ལྟ་བུར་གྱུར་ཏེ། རྒྱལ་སྤྱིའི་ཤུགས་རྐྱེན་ནུས་པའི་ཐད་མཐོར་འདེགས་གསར་པ་བྱུང་།

དོན་དག་མ་བརྒྱུད་ན་དཀའ་སྡུག་མི་ཤེས། ལེགས་འགྲུབ་སླ་ཡང་བརྒྱུད་རིམ་དཀའ་ཁག་ཆེ།

འདས་པའི་ལོ་ལྔའི་རིང་། རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་དང་དཀའ་ཚེགས་ཆེ་བའི་རྒྱལ་ནང་གི་བཅོས་སྒྱུར་འཕེལ་རྒྱས་བརྟན་འཇགས་ཀྱི་ལས་འགན་མདུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་བསྐྱོད་པ་དང་། འབད་འབུངས་མདུན་སྐྱོད་བྱས་ནས། དུས་རབས་ཀྱི་རིམས་ནད་ཚབས་ཆེན་གྱི་ཤུགས་རྐྱེན་ཐེག་པར་བྱས་པ་དང་། ཉེན་ཁ་དང་འགྲན་སློང་གལ་ཆེན་རབ་དང་རིམ་པར་ཁ་གཏད་ནུས་ལྡན་བྱས་ནས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་གྲུབ་འབྲས་གལ་ཆེན་གསར་པ་ཐོབ་རྒྱུར་སྐུལ་འདེད་བཏང་།

བསྟུད་མར་ལོ་ལྔ་ལ་འབད་འཐབ་བྱས་པ་བརྒྱུད། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དམིགས་འབེན་དང་ལས་འགན་གཙོ་བོ་རྒྱལ་ཁའི་ངང་ལེགས་འགྲུབ་བྱུང་།

རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་སྤྱི་ཁོག་དཔལ་འབྱོར་ཞིབ་འཇུག་ཁང་གི་ཞིབ་འཇུག་པ། ཀྲང་ལིན་ཧྲན་གྱིས་བཤད་རྒྱུར།འོད་སྟོང་འཕྲོ་བའི་གྲུབ་འབྲས་དེ་དག་ཐོབ་པའི་རྩ་བ་ནི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཚན་རིག་དང་མཐུན་པའི་འཆར་འགོད་ལ་རག་ལས། ཕྱིའི་འགོག་གནོན་ཇེ་དྲག་ཏུ་སོང་བ་དང་། ནང་ཁུལ་གྱི་འགུལ་ནུས་བརྗེ་སྤོར་གྱི་གནོན་ཤུགས་ཉིས་བརྩེགས་འོག སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ངེས་གཏན་རང་བཞིན་གྱིས་ཕྱི་རོལ་ཁོར་ཡུག་གི་ངེས་གཏན་རང་བཞིན་ལ་གདོང་གཏད་པ་དང་། ཏང་ཀྲུང་དབྱང་གིས་རྙོག་འཛིང་ཆེ་བའི་གནས་བབ་ལ་ཁ་གཏད་འཇལ་བའི་ཁྱད་དུ་འཕགས་པའི་ནུས་པ་གང་ལེགས་སྒོས་མཚོན་པར་བྱས་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་བཏིང་སྟེ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རྣམས་དཔའ་མཛངས་རྟུལ་ཕོད་ཀྱིས་འཐབ་ལམ་གསར་པར་སྐྱོད་པའི་ཡིད་ཆེས་དང་གཏིང་ཤུགས་ཇེ་ཆེར་ཕྱིན།

ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རིང་། རང་རྒྱལ་གྱི་དཔལ་འབྱོར་དེ་གནས་བབ་དང་ལྡོག་ནས་གོང་འཕེལ་དང་། རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ།

གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སུ་བཏང་།

ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རིང་། རང་རྒྱལ་གྱིས་ཐོག་མཐའ་བར་གསུམ་དུ་གསར་གཏོད་བྱེད་རྒྱུ་དེ་དེང་རབས་ཅན་འཛུགས་སྐྲུན་གྱི་ཁྱོན་ཡོངས་ཀྱི་སྲོག་ཤིང་གོ་གནས་སུ་བཞག་པ་དང་།  2025ལོར། སྤྱི་ཚོགས་ཡོངས་ཀྱི་ཞིབ་འཇུག་དང་ཚོད་ལྟ་འཕེལ་རྒྱས་ཀྱི་གྲོན་དངུལ་གཏོང་ཚད་ཀྱིས་རྒྱལ་ནང་ཐོན་ཚད་སྤྱི་འབོར་གྱི2.80%ཟིན་ཏེ། ཐེངས་དང་པོར་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་རྒྱལ་ཁབ་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒལ། རང་རྒྱལ་འཛམ་གླིང་གསར་གཏོད་སྟོན་གྲངས་ཀྱི་ཨང་རིམ་ཁྲོད་ཨང་བཅུ་བར་སླེབས་ཏེ། 2020ལོ་ལས་ཨང་རིམ4འཕར།

དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་སོང་བ་དང་དངོས་ཕུང་དཔལ་འབྱོར་གྱི་རྨང་གཞི་ཇེ་བརྟན་དུ་སོང་།

ཞིང་ལས་དེང་རབས་ཅན་ལ་འཕེལ་རྒྱས་ལེགས་པོ་བྱུང་བ་དང་། རྨོ་ཞིང་འཕྲུལ་ཆས་ཅན་དུ་འགྱུར་ཚད75%ལས་བརྒལ། བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་གིས་རྒྱལ་ནང་ཐོན་ཚད་སྤྱི་འབོར་གྱི་བསྡུར་ཚད་ཟིན་གྲངས་བརྟན་བརླིང་ཡིན་པ་དང་། གྲུབ་ཚུལ་སྔར་ལས་ལེགས་སྒྱུར་བྱས།  ལོ་ལྔའི་འཆར་འགོད་བཅུ་བཞི་པའི་ལོ་ལྔའི་རིང་། ཀྲུང་གོའི་ལོ་རེའི་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་སྒོར་རབ་བཀྲམ་གསུམ་ལས་བརྒལ་ནས། འཛམ་གླིང་གི་མདུན་གྲལ་དུ་སླེབས་པའི་གནས་བབ་རྒྱུན་འཁྱོངས་བྱས། གཞི་ཁྱོན་ཡན་གྱི་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་གི་ལོ་རེའི་ཆ་སྙོམས་འཕར་ཚད་གྲངས་གནས་གཉིས་ལ་སླེབས་ནས་ལག་རྩལ་མཐོ་བའི་ཐོན་རྫས་མཁོ་སྤྲོད་བྱེད་ཚད་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ་དང་།འགྲན་རྩོད་ནུས་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན།

ཐོན་ལས་མུ་ཕྲེང་དང་མཁོ་སྤྲོད་མུ་ཕྲེང་གི་མཉེན་ཆ་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ནས་ཐོན་ལས་ཀྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་ཕྱིན། འགག་རྩའི་ལག་རྩལ་དང་ཐོན་རྫས་འབོར་ཆེན་སྐོར་ཞིག་བཟོ་སྐྲུན་ཅན་དང་ཐོན་ལས་ཅན་དུ་འགྱུར་བའི་འགག་གནད་ལས་སྒྲོལ་བ་དང་། ཕྱོགས་བསྡུས་གློག་ལམ་དང་བཟོ་ལས་ཀྱི་མ་འཕྲུལ། སྨན་བཅོས་སྒྲིག་ཆས། གྲུ་གཟིངས་སོགས་གཙོ་གནད་ཐོན་ལས་མུ་ཕྲེང་ལ་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས་གཙོ་གནད་ཐོན་ལས་མུ་ཕྲེང་གི་རང་བརྟེན་ཚོད་འཛིན་ཆུ་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན།ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་འཕེལ་རྒྱས་བྱུང་བ་དང་། གྲངས་འཛིན་ལག་རྩལ་དེ་ཐོན་སྐྱེད་དང་འཚོ་བའི་ཁྲོད་གང་མགྱོགས་སྒོས་སིམ་པར་བྱས་ཏེ། ལས་རིགས་མང་པོར་སྒུལ་ནུས་བསྩལ། ཐོན་ལས་གསར་པ་དང་ལས་རྣམ་གསར་པ།ཚོང་ལས་རྣམ་པ་གསར་པ་བཅས་མཚོན་བྱེད་དུ་གྱུར་པའི་དཔལ་འབྱོར་གསར་པས་རྒྱལ་ནང་ཐོན་ཚད་སྤྱི་འབོར་ཁྲོད་ཟིན་པའི་བསྡུར་ཚད་བརྒྱ་ཆའི18ལས་བརྒལ་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པར་གྱུར།

གེགས་མེད་འཁོར་རྒྱུག་གིས་འཕོ་འགྱུར་ལ་ཁ་གཏད་འཇལ་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་སྒོས་བསྐྲུན། རྒྱལ་ཡོངས་གཅིག་གྱུར་གྱི་ཚོང་ར་ཆེན་པོ་འཛུགས་སྐྲུན་བྱེད་པར་ཧུར་ཐག་གིས་སྐུལ་འདེད་བཏང་ནས་རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་ཤུགས་ཆེན་པོས་སྟོབས་ཆེར་བཏང་།“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”སྐབས་སུ། རང་རྒྱལ་གྱིས་ཕན་ནུས་ལྡན་པའི་དངུལ་གཏོང་ཆེ་རུ་བཏང་བ་དང་། སྡོམ་པས་ཀྲུང་དབྱང་གི་སྔོན་རྩིས་ནང་དུ་མ་དངུལ་སྒོར་ཁྲག་ཆེན་གསུམ་ཁྲག་ཁྲིག་བཞི་བཀོད་སྒྲིག་བྱས་ནས། ཞན་ཆ་ཁ་གསབ་དང་གྲུབ་ཚུལ་ལེགས་སྒྲིགདམངས་འཚོར་ཕན་པའི་སྤྱི་བའི་ཁྱབ་ཁོངས་ཀྱི་ལས་གཞི་འཛུགས་སྐྲུན་གཙོ་གནད་དུ་བཟུང་སྟེ་རྒྱབ་སྐྱོར་བྱས་པ་དང་། དུས་ཡུན་རིང་བའི་དམིགས་བསལ་རྒྱལ་བུན་མ་དངུལ་སྒོར་ཁྲག་ཆེན་གཅིག་ཁྲག་ཁྲིག་ལྔ་བཀོད་སྒྲིག་བྱས་ནས“གལ་ཆེན་གཉིས”འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས།ནུས་ཁུངས་དང་ཆུ་བེད། འགྲིམ་འགྲུལ་སོགས་ཁྱབ་ཁོངས་ཀྱི་དངུལ་གཏོང་རྒྱུན་མཐུད་ངང་འཕར་ནས་དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་ཆས་མ་ལག་མགྱོགས་མྱུར་ངང་འཐུས་སྒོ་ཇེ་ཚང་དུ་ཕྱིན། འཛད་སྤྱོད་མཐོར་འདེགས་གཏོང་བའི་ཆེད་དོན་འགུལ་སྐྱོད་ལག་བསྟར་བྱས་པ་དང་། འཛད་སྤྱོད་ལ་སྐུལ་བའི་སྒྲིག་སྲོལ་ལམ་སྲོལ་འཐུས་ཚང་དུ་བཏང་ལ།  གཞི་ཁྱོན་ཤིན་ཏུ་ཆེ་བའི་ཚོང་རའི་སྦས་ཤུགས་ཆེན་པོ་རྒྱུན་ཆད་མེད་པར་འདོན་སྤེལ་བྱས་ནས་འཛད་སྤྱོད་ཀྱི་སྒུལ་ཤུགས་གཙོ་བོའི་ནུས་པ་ཇེ་ཆེར་སོང་། ནང་མཁོའི་སྒུལ་ཤུགས་རྒྱུན་མཐུད་ངང་ཆེ་རུ་ཕྱིན། 2025ལོར་རྒྱལ་ཡོངས་ཀྱི་སྤྱི་ཚོགས་འཛད་སྤྱོད་ཐོན་རྫས་སིལ་ཚོང་བསྡོམས་འབོར་མ་དངུལ་སྒོར་རབ་བཀྲམ་ལྔ་ལས་བརྒལ་ནས། ཁྱབ་ཁོངས་གལ་ཆེན་དང་རིགས་མང་པོའི་འཛད་སྤྱོད་བྱེད་ཚད་འཛམ་གླིང་གི་ཁྲོམ་ར་ཆེ་ཤོས་སུ་གྱུར།

བློ་བརྟན་འགྱུར་མེད་སྒོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་བཏང་ནས་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་གཉིས་ཕན་ཚུན་སྐུལ་འདེད་དང་སྤུས་ཚད་མཐོ་རུ་གཏོང་བར་སྐུལ་ཁྲིད་བྱས།ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རིང་། རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་ཚོང་གིས་གནོན་ཤུགས་ཐེག་ཐུབ་པར་བྱས་ཤིང་མཉེན་ཤུགས་མངོན་པས། དངོས་ཟོག་ཉོ་ཚོང་བརྟན་ལྷིང་ངང་འཛམ་གླིང་གི་ཨང་དང་པོར་སླེབས། 2025ལོར། དངོས་ཟོག་ཕྱིར་གཏོང་ནང་འདྲེན་གྱི་སྤྱི་འབོར་མ་དངུལ་ཐོག་མར་སྒོར་རབ་བཀྲམ་བཞི་ཁྲག་ཆེན་ལྔ་ལས་བརྒལ་ནས་གྲུབ་ཚུལ་མུ་མཐུད་དུ་ཇེ་ལེགས་སུ་ཕྱིན།ཞབས་ཞུའི་ཉོ་ཚོང་གཞི་ཁྱོན་འཛམ་གླིང་གི་ཨང་གཉིས་པར་བརྟན་པོར་གནས་པ་དང་། ཨ་སྒོར་ཁྲག་ཆེན་གྱི་རྨང་གཞིའི་སྟེང་སྐས་རིམ་གསར་པར་སླེབས་པར་བྱས།

ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་སུ། རིམ་རྩིས་བྱས་ན་ཕྱི་རྒྱལ་གྱི་ཚོང་པས་ཀྲུང་གོར་མ་དངུལ་གཏོང་ཚད་སྒོར་ཁྲག་ཆེན་ལྔ་ལས་བརྒལ་ནས་མ་དངུལ་ནང་འདྲེན་གྱི་གྲུབ་ཚུལ་རྒྱུན་ཆད་མེད་པར་ལེགས་སྒྱུར་བྱས། “ཀྲུང་གོའི་དངུལ་གཏོང་གི”སྤུས་རྟགས་ཇེ་རྒྱས་ཇེ་ལེགས་སུ་ཕྱིན།

“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རིང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་གཙོ་བོར་དམིགས་ནས་འཐབ་ཇུས་ཀྱི་གཏན་ཤུགས་རྒྱུན་འཁྱོངས་དང་རྒྱལ་ཁ་ཐོབ་ངེས་པའི་ཡིད་ཆེས་ཆེ་རུ་བཏང་སྟེ་འགྲན་སློང་བསུ་བ་དང་ཉེན་ཁ་འགོག་པ། དཀའ་གནད་སེལ་ཐབས་བཅས་བྱས་ནས། ཀྲུང་གོའི་དཔལ་འབྱོར་གྱི་གྲུ་གཟིངས་འཐབ་ལམ་གསར་པའི་སྟེང་དཔའ་ངར་ཞུམ་མེད་ཀྱིས་མདུན་དུ་སྐྱོད་ངེས་ཡིན།