
ཟླ3པའི་ཚེས10ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས། མཚོ་སྔོན་འཐུས་ཚབ་ཚོགས་པའི་གསར་འགྱུར་མགྲིན་ཚབ་པ་ཆོ་ཡཱ་ཆུན་གྱིས་ཁྱབ་བསྒྲགས་བྱས།
ཆོ་ཡཱ་ཆུན་གྱིས་མཚོ་སྔོན་འཐུས་ཚབ་ཚོགས་པའི་ཚོགས་ཞུགས་གནས་ཚུལ་དང་། གྲོས་འདོན་གྲོས་གཞི་སྤྲད་པའི་གནས་ཚུལ། ལོ་གཅིག་རིང་གི་འགན་སྒྲུབ་བྱ་བའི་གནས་ཚུལ་བཅས་མཚམས་སྦྱོར་བྱས་ལ། མཚོ་སྔོན་འཐུས་ཚབ་ཚོགས་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཅང་སུའུ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཉམ་དུ་སློབ་སྦྱོང་དང་དེར་གོ་བ་ཟབ་མོ་བླངས་པའི་གནས་ཚུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་ཞིབ་ནན་མོ་བྱས་པའི་གནས་ཚུལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་མཚོ་སྔོན་འཐུས་ཚབ་ཚོགས་པར་ཕེབས་ཏེ། འཐུས་མི་རྣམས་དང་མཉམ་དུ་གྲོས་ཞིབ་བྱས་པའི་གནས་ཚུལ་བཅས་མཚམས་སྦྱོར་བྱས།
ཆོ་ཡཱ་ཆུན་གྱིས་མཚམས་སྦྱོར་བྱས་དོན། མཚོ་སྔོན་ཞིང་ཆེན་དུ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་རྒྱལ་ཡོངས་ཀྱི་དམངས་ཆེན་འཐུས་མི་ཁྱོན་བསྡོམས24ཡོད། ཚོགས་འདུའི་སྔོན་དུ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་དུ་ཡོད་པའི་རྒྱལ་ཡོངས་དམངས་ཆེན་འཐུས་མི་རྩ་འཛུགས་བྱས་ཏེ་ཆེད་དོན་རྟོག་ཞིབ་དང་གཅིག་སྡུས་ཞིབ་བཤེར་བྱས་ནས། སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང་འཆར་ཟིན། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་བཅའ་ཁྲིམས་འཆར་ཟིན། རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་ཀྱི་བཅའ་ཁྲིམས་འཆར་ཟིན་བཅས་ལ་དམིགས་ཏེ་ཞིབ་ཀློག་དང་གྲོས་སྡུར་ཞིབ་མོ་བྱས་པར་མ་ཟད། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་འདོན་གྲོས་གཞི་གྲ་སྒྲིག་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས། འཐུས་མིས་ཚོགས་འདུ་ཡག་པོ་བསྡུ་བ་དང་འགན་འཁྲི་ཡག་པོར་སྒྲུབ་པར་ཁག་ཐེག་བྱ་ཆེད། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་གྱིས་སྤུས་ཚད་མཐོན་པོས་གྲོས་གཞི་འདོན་པ་དང་ཆུ་ཚད་མཐོན་པོས་གྲོས་ཞིབ་གཏམ་བཤད་ལེགས་པོར་སྤེལ་བ་སོགས་ཀྱི་ཕྱོགས་ནས་བླང་བྱ་གསལ་བོ་བཏོན་པ་དང་བྱེ་བྲག་གི་བཀོད་སྒྲིག་བྱས།
ཟླ3པའི་ཚེས9ཉིན་བར། མཚོ་སྔོན་འཐུས་ཚབ་ཚོགས་པས་གྲོས་གཞི2སྤྲད་པ་དང་། འཐུས་མིའི་གྲོས་གཞི90སྤྲད་ལ། དེའི་ནང་དོན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས། དམངས་འཚོ་ལེགས་བཅོས། སྤྱི་ཚོགས་བཅོས་སྐྱོང་སོགས་ཚུད་ཡོད།
ཆོ་ཡཱ་ཆུན་གྱིས་འདས་པའི་ལོ་གཅིག་གི་ནང་། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་རིམ་པའི་ཁྲིམས་སྲོལ11གཏན་འབེབ་དང་བཟོ་བཅོས། མེད་པར་བཟོས་པ་དང་། ས་གནས་རང་བཞིན་གྱི་ཁྲིམས་སྲོལ29ལ་ཞིབ་བཤེར་ཆོག་མཆན་བཀོད་པ། ཆེད་དམིགས་བྱ་བའི་སྙན་ཞུ19ལ་ཉན་ཏེ་གྲོས་ཞིབ་བྱས། ཁྲིམས་འཛིན་ཞིབ་བཤེར་ཐེངས4སྤེལ་བ་དང་། ཆེད་དོན་འདྲི་རྩད་ཐེངས་གཅིག་དང་ཆེད་དོན་རྟོག་ཞིབ་ཐེངས3བྱས་ཏེ། གཏན་འབེབས་སྣ36ལ་གྲོས་ཐག་བཅད་པས། ཁྲིམས་སྐྱོང་ལ་བརྟེན་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད་ཟེར།
ཆོ་ཡཱ་ཆུན་གྱིས་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་བླང་བྱ་གལ་ཆེན་དང་མངགས་བཅོལ་ནན་མོ་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་ནས།“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་།“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ལེགས་པོར་སྒྲུབ་དགོས། ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ལ་དམིགས་ནས། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱས་ཏེ། ཁྲིམས་ལྟར་འགན་དབང་བཀོལ་སྤྱོད་དང་མི་དམངས་ཀྱི་སེམས་གཏམ་མཚོན་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པ་སོགས་ཀྱི་ཐད་ཧུར་ཐག་གིས་ཐབས་འདོན་ཇུས་འབུལ་བྱས་ནས། མཚོ་སྔོན་གྱི་གཏམ་རྒྱུད་ཡག་པོ་བཤད་པ་དང་མཚོ་སྔོན་གྱི་སྐད་སྒྲ་བརྒྱུད་སྒྲོག་བྱེད་པ། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་། དྲིན་ཚོར་མདུན་སྐྱོད་བྱེད་པ། ཡིད་ཆེས་ཇེ་བརྟན་དུ་གཏོང་བ། དངོས་སྒྲུབ་སྔོན་བརྩོན་བཅས་ཀྱི་བྱས་རྗེས་གསར་པ་དང་བྱ་སྤྱོད་གསར་པ། ཉམས་འགྱུར་གསར་པ། འགྱུར་ལྡོག་གསར་པ་བཅས་མངོན་འགྱུར་བྱེད་དགོས་ཟེར།
ཤ་བོ་རིན་མཚོས་བསྒྱུར།