ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་བཀའ་རྒྱར་མཚན་རྟགས་བཀོད།
ཁུངས། ཞིན་ཧྭ་གསར་འགྱུར་ཁང་། ཀློག་གྲངས།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ3པའི་ཚེས12ཉིན་ཀྲུའུ་ཞིའི་བཀའ་རྒྱ་ཨང་བདུན་ཅུ་པ་དང་ཨང་དོན་གཅིག་པ། ཨང་དོན་གཉིས་པ། ཨང་དོན་གསུམ་པ་བཅས་ལ་མཚན་རྟགས་བཀོད།

ཀྲུའུ་ཞིའི་བཀའ་རྒྱ་ཨང་བདུན་ཅུ་པའི་ནང་བཤད་རྒྱུར། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང》2026ལོའི་ཟླ3པའི་ཚེས12ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་བའི་སྟེང་གྲོས་འཆམ་བྱུང་ནས་ད་ལྟ་སྤྱི་བསྒྲགས་བྱས་ལ། 2026ལོའི་ཟླ8པའི་ཚེས15ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

ཀྲུའུ་ཞིའི་བཀའ་རྒྱ་ཨང་དོན་གཅིག་པའི་ནང་བཤད་རྒྱུར། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་བཅའ་ཁྲིམས》2026ལོའི་ཟླ3པའི་ཚེས12ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་སྟེང་གྲོས་འཆམ་བྱུང་ནས་ད་ལྟ་སྤྱི་བསྒྲགས་བྱས་པ་ཡིན་ལ། 2026ལོའི་ཟླ7པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་དགོས།

ཀྲུའུ་ཞིའི་བཀའ་རྒྱ་ཨང་དོན་གཉིས་པའི་ནང་བཤད་རྒྱུར། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་བཅའ་ཁྲིམས》2026ལོའི་ཟླ3པའི་ཚེས12ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་སྟེང་གྲོས་འཆམ་བྱུང་ནས་ད་ལྟ་སྤྱི་བསྒྲགས་བྱས་པ་ཡིན་ཞིང་། སྤྱི་བསྒྲགས་བྱས་ཉིན་ནས་ལག་བསྟར་བྱས།

ཀྲུའུ་ཞིའི་བཀའ་རྒྱ་ཨང་དོན་གསུམ་པའི་ནང་དུ་བཤད་རྒྱུར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པ་ལས་ 2026ལོའི་ཟླ3པའི་ཚེས12ཉིན་གྲོས་འཆམ་བྱུང་བའི《རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པ་ལས<རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཅའ་ཁྲིམས་གཙང་བཤེར་བྱ་བའི་གནས་ཚུལ་དང་འབྲེལ་ཡོད་བཅའ་ཁྲིམས་དང་གཏན་འབེབས་ཐག་གཅོད་བསམ་འཆར་སྐོར་གྱི་སྙན་ཞུར>མཆོག་མཆན་བཀོད་པའི་ཐག་གཅོད》ལྟར།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་ཡོངས་ཀྱི་དབང་བའི་ལམ་ལུགས་བཟོ་ལས་ཁེ་ལས་བཅའ་ཁྲིམས》མེད་པར་བཟོས་ལ།  ད་ལྟ་སྤྱི་བསྒྲགས་བྱས་པ་ཡིན།