དབྱི་ལང་དྲག་ཆས་དམག་དཔུང་གིས་དབྱི་ལང་གི་ནུས་ཁུངས་རྨང་གཞིའི་སྒྲིག་ཆས་དང་གྲུ་ཁར་དམིགས་པའི་འཇབ་རྒོལ་ཡོད་ཚད་ལ་རྩ་མེད་རང་བཞིན་གྱི་རྒོལ་ལན་སྤྲོད་རྒྱུ་ཡིན་པའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

​དབྱི་ལང་ཐཱ་སི་ཉི་མུའུ་འཕྲིན་གཏོང་ཁང་གིས་ཚེས12ཉིན་བསྒྲགས་པ་ལྟར་ན།    དབྱི་ལང་དྲག་ཆས་དམག་དཔུང་ཧཱ་ཐཱ་མུའུ་ཨན་པི་ཡ་ཀྲུང་དབྱང་སྤྱི་ཁྱབ་པུའུ་ཡི་མགྲིན་ཚབ་པས་ཉིན་དེར་བསྟན་དོན།    དབྱི་ལང་གི་ནུས་ཁུངས་རྨང་གཞིའི་སྒྲིག་ཆས་དང་གྲུ་ཁར་དམིགས་པའི་འཇབ་རྒོལ་ཡོད་ཚད་ལ་རྩ་མེད་རང་བཞིན་གྱི་རྒོལ་ལན་སྤྲོད་ངེས་ཡིན་ཟེར།

མགྲིན་ཚབ་པ་དེས་ཉེན་བརྡ་བཏང་ནས་བཤད་རྒྱུར།   གལ་ཏེ་དབྱི་ལང་གི་ནུས་ཁུངས་རྨང་གཞིའི་སྒྲིག་ཆས་དང་གྲུ་ཁར་དམིགས་པའི་འཇབ་རྒོལ་དོན་རྐྱེན་བྱུང་ན།   ཨ་མེ་རི་ཁ་དང་དེའི་མནའ་འབྲེལ་གྲོགས་པོའི་དབུས་ཤར་ས་ཁུལ་གྱི་སྣུམ་རླངས་སྒྲིག་ཆས་ཡོད་ཚད་ལ་འཇབ་རྒོལ་དང་གཏོར་གཤིག་གི་ཉེན་ཁ་ཡོད་ཟེར།

ལྷ་མོ་ཚེ་རིང་གིས་བསྒྱུར།