
ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་དྲ་འཕྲིན་གཞུང་སྒྲུབ་ཁང་། རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུས། མི་དམངས་ཉིན་རེའི་ཚགས་པར་ཁང་། ཞིན་ཧྭ་གསར་འགྱུར་ཁང་། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། དཔལ་འབྱོར་ཉིན་རེའི་ཚགས་པར་ཁང་། ཀྲུང་གོ་ཉིན་རེའི་ཚགས་པར་ཁང་། ཀྲུང་གོ་གསར་འགྱུར་ཁང་། ཁྲིམས་སྐྱོང་ཉིན་རེའི་ཚགས་པར་ཁང་སོགས་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་དང་། ཡུལ་དངོས་ཀྱི་རྩོམ་སྒྲིག་པ་དང་གསར་འགོད་པའི་འཐུས་མི་ཞུགས་ཡོད།
ཀྲའོ་ལེ་ཅི་ཡིས་བསྟན་དོན། ཏང་ཀྲུང་དབྱང་གི་གཅིག་གྱུར་འགོ་ཁྲིད་འོག ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་དང་། འབྲེལ་ཡོད་སྡེ་ཁག་སོ་སོ་དང་གསར་འགྱུར་ལས་ཁུངས་གཙོ་བོས་ཆབ་སྲིད་ཀྱི་ཁ་ཕྱོགས་དང་གླེང་ཕྱོགས་ཀྱི་ཁྲིད་ཕྱོགས་ཡང་དག་ཁོང་དུ་ཆུད་པར་བྱས་པ་དང་། ཇུས་འགོད་ཞིབ་ཚགས་དང་སྒྲིག་འཛུགས་ཞིབ་ཚགས་བྱས་ནས་ཚོགས་ཆེན་གྱི་གསར་འགྱུར་དྲིལ་སྒྲོག་ལས་འགན་མཉམ་དུ་ཡོངས་འགྲུབ་བྱས།
ཀྲའོ་ལེ་ཅི་ཡིས་བསྟན་དོན། གསར་འགྱུར་ལས་ཁུངས་ཀྱིས་སྤུས་ཚད་མཐོ་བ་དང་ཁྱད་ཆོས་ལྡན་པ། སྐུལ་ལྕག་གཏོང་ཐུབ་པའི་བརྩམས་ཆོས་མང་པོ་སྤེལ་ནས་ཡིད་ཆེས་དང་སྟོབས་ཤུགས་བརྒྱུད་སྤྲོད་བྱས། གཅིག་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་པའི་གསར་འགྱུར་དྲིལ་སྒྲོག་བྱ་བ་གང་ལེགས་སྒོས་བསྒྲུབས། སྤྱི་ཁྱབ་ཧྲུའུ་ཅི་ཡིས་དམངས་ཆེན་འཐུས་མི་དང་བརྩེ་བས་བརྗེ་རེས་དང་རྒྱལ་དོན་ལ་མཉམ་གྲོས་བྱེད་པའི་གསོན་ཉམས་ལྡན་པའི་རྣམ་པ་གཅིག་བསྡུས་ཀྱིས་དྲིལ་སྒྲོག་ཟབ་མོ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅིའི་གཙོ་འཛིན་གྱི་གཟི་ཉམས་དང་དམངས་ལ་བཅངས་པའི་བརྩེ་སེམས་གང་ལེགས་སྒོས་མཚོན་པར་བྱས། གཉིས་ནི་རང་རྟོན་རང་སྟོབས་དང་མཐུན་སྒྲིལ་ཡར་བརྩོན་གྱི་བརྗོད་དོན་འབུར་དུ་ཐོན་པར་བྱས་ནས་སྤྱི་ཚོགས་ཡོངས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”ཕྱོགས་སུ་འབད་པས་སྐྱོད་པའི་སྙིང་སྟོབས་སྐུལ་སློང་བྱས།གསུམ་ནི་ལམ་ལུགས་ཀྱི་དགེ་མཚན་དང་ཁྲིམས་སྐྱོང་གི་སྙིང་སྟོབས་མངོན་བྱས་པ་དང་། ཚོགས་ཆེན་གྱི་དམངས་གཙོ་དང་མཐུན་སྒྲིལ། བདེན་འཚོལ། འབད་འབུངས་ཡར་བརྩོན་བཅས་ཀྱི་ཉམས་འགྱུར་མངོན་པར་བྱས། བཞི་ནི་དུས་རབས་གསར་པའི་དམངས་ཆེན་འཐུས་མིས་འགན་འཁྲི་སྒྲུབ་པའི་ཉམས་འགྱུར་མངོན་པར་བྱས། “འཐུས་མིའི་རྒྱུ་ལམ”མང་ཚོགས་དང་ཉེ་བར་བཅར་ཞིང་དྲོད་ཁོལ་ལྡན་ལ། གསོན་ཉམས་དོད་པའི་གཏམ་རྒྱུད་རེ་རེ་བརྒྱུད་ནས་ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་ལེགས་ཆ་མཚོན་པར་བྱས་ཡོད།
ཀྲའོ་ལེ་ཅི་ཡིས་ནན་གྱིས་བསྟན་དོན། ལམ་ལུགས་བཟང་བོ་ངོ་མཚར་བའི་སྒོ་ནས་འགྲེལ་བཤད་བྱེད་དགོས་ལ། གཏམ་རྒྱུད་ལེགས་པོ་སྔོག་འདོན་གཏིང་ཟབ་བྱེད་དགོས། ཚང་མས་དམངས་ཆེན་གྱི་གསར་འགྱུར་དྲིལ་སྒྲོག་བྱ་བར་མུ་མཐུད་ནས་སེམས་ཁུར་དང་རྒྱབ་སྐྱོར་བྱས་ཏེ། ལམ་ལུགས་ཀྱི་སྐད་བརྡ་དང“ཁྲིམས་ལུགས་སྐད་བརྡ”དེ་བརྒྱུད་སྒྲོག་གི་བྱེད་ནུས་དང་ཡིད་འགུག་གི་བྱེད་ནུས་ལྡན་པའི་དྲིལ་སྒྲོག་ཏུ་བསྒྱུར་ནས། རྒྱལ་ཁབ་ཀྱི་རྩ་བའི་ཆབ་སྲིད་ལམ་ལུགས་སེམས་སུ་སིམ་པར་སྐུལ་འདེད་གཏོང་དགོས།
ལི་ཧྲུའུ་ལའེ་དང་ལི་ཧུང་ཀྲུང་སོགས་ཀྱིས་མཉམ་དུ་འཚམས་འདྲི་བྱས།