ལི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

ཟླ3པའི་ཚེས13ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཚོགས་ཆེན་གཉིས་སྐབས་སུ་གནང་བའི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། 《རྒྱལ་སྲིད་སྤྱི་ཁྱབ་ཁང་གི2026ལོའི་བྱ་བ་གཙོ་བོའི་ལས་བགོས་ཇུས་གཞི》ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་ཞིང་།ས་གནས་ནོར་སྲིད་ཀྱི་ལྡོག་ཕྱོགས་གསལ་ཐོའི་དོ་དམ་རྐྱེན་སྲོལ་འཛུགས་རྒྱུར་ཞིབ་འཇུག་བྱས་པར་མ་ཟད། 《རྒྱལ་ཡོངས་ཀྱི་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་སྲོལ་ཡིག(བཟོ་བཅོས་འཆར་ཟིན)》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཚོགས་ཆེན་གཉིས་སྐབས་སུ་གནང་བའི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་དགོས་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱེད་དགོས་ལ། སྲིད་གཞུང་བྱ་བའི་སྙན་ཞུའི་བཀོད་སྒྲིག་དོན་འཁྱོལ་བྱེད་དགོས་པར་མ་ཟད།ལོ་ཧྲིལ་པོའི་དམིགས་འབེན་ལས་འགན་ལ་དམིགས་ནས་བྱ་བ་སྣ་ཚོགས་ཏན་ཏིག་གིས་བཟང་བོར་སྒྲུབ་སྟེ“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ཡག་པོ་རྩོམ་པར་འགན་ལེན་བྱེད་དགོས།སྡེ་ཁག་སོ་སོ་དང་ལས་ཁུངས་སོ་སོས་རང་འགུལ་ངང་འགན་འཁྲི་ལེགས་པོར་འཁུར་བ་དང་། བྲེལ་མྱུར་འདུ་ཤེས་དང་ལག་བསྟར་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ། སྲིད་གཞུང་བྱ་བའི་སྙན་ཞུའི་ནང་གཏན་འཁེལ་བྱས་པའི་གཙོ་གནད་ལས་འགན་དམ་འཛིན་ནན་མོ་བྱེད་པ། སྔོན་དུ་ནུས་ཤུགས་འདོན་པ་དང་། སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ། དངོས་གཉེར་གོ་ཆོད་ཀྱི་སྲིད་ཇུས་བྱེད་ཐབས་འདོན་པ་བཅས་བྱས་ཏེ།  བྱ་བ་སྣ་ཚོགས་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས། བྱ་བའི་མཐུན་སྦྱོར་རང་བཞིན་དང་མཐིལ་རྟོགས་རང་བཞིན་ཆེ་རུ་གཏོང་བ་དང་། སྤྱི་ཡོངས་ཀྱི་འདུ་ཤེས་དང་མ་ལག་གི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། ནུས་མཐོ་མཉམ་འགུལ་གྱིས་བྱ་བ་སྒྲུབ་དགོས། ས་གནས་ལ་རིགས་དབྱེ་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གནས་ཚུལ་གསར་པར་ཞིབ་འཇུག་དང་གནད་དོན་གསར་པ་ཐག་གཅོད་རྒྱུར་དོ་སྣང་བྱས་ནས་ཕན་ཡོད་ཀྱི་ཉམས་མྱོང་སྔར་ལས་མང་པོ་གསར་གཏོད་བྱེད་དགོས་ལ། ས་གནས་སོ་སོའི་དགེ་མཚན་འདོན་སྤེལ་དང་འཕེལ་རྒྱས་ཀྱི་ཁྱད་ཆོས་མངོན་པར་བྱས་ནས་སྲིད་ཇུས་རྒྱབ་སྐྱོར་གྱི་གནད་འཁེལ་རང་བཞིན་དང་ནུས་ལྡན་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།རྗེས་སྙེག་ལྟ་སྐུལ་དང་མཐུན་སྦྱོར་སྐུལ་འདེད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲིད་ཇུས་གལ་ཆེན་དང་དོན་དག་གལ་ཆེན་ལ་དུས་ཐོག་ཏུ་ཕན་འབྲས་དཔྱད་དཔོག་བྱས་ནས་བརྒྱུད་རིམ་ཡོངས་ཀྱི་དོ་དམ་བྱེད་ཐབས་གྲུབ་པར་བྱེད་དགོས།

གྲོས་ཚོགས་ལས་བསྟན་དོན། ས་གནས་ནོར་སྲིད་ཀྱི་ཁ་གསབ་སྲིད་ཇུས་ཚད་ལྡན་དུ་གཏོང་རྒྱུ་དེ་དྲང་གཞག་འགྲན་རྩོད་ཀྱི་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་དང་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་མོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན། དུས་སྐབས་སྔོན་མའི་བྱ་བའི་རྨང་གཞིའི་སྟེང་ས་གནས་ནོར་སྲིད་ཀྱི་ཁ་གསབ་ཐད་ལྡོག་ཕྱོགས་ཀྱི་གསལ་ཐོ་དོ་དམ་བྱེད་ཐབས་ལག་བསྟར་བྱེད་པ་དང་། རྒྱལ་ཡོངས་གཅིག་གྱུར་གྱི་ས་གནས་ནོར་སྲིད་ཁ་གསབ་ཀྱི་ལྡོག་ཕྱོགས་གསལ་ཐོ་བཟོས་ནས་ས་གནས་སྲིད་གཞུང་གིས་ནོར་སྲིད་ཁ་གསབ་ལག་བསྟར་བྱེད་པར་གཏན་འགོག་བྱེད་པའི་བྱེ་བྲག་གི་གནས་ཚུལ་སྔར་ལས་གཏན་འབེབས་གསལ་བོ་བྱེད་དགོས། 

གྲོས་ཚོགས་ལས་བསྟན་དོན། ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་ནི“ཞིང་གསུམ”གནས་ཚུལ་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱེད་པ་དང་། ཚན་རིག་མཐུན་པའི་སྒོ་ནས“ཞིང་གསུམ”སྲིད་ཇུས་གཏན་འབེབས་བྱེད་པའི་གཞི་འཛིན་ས་གལ་ཆེན་ཞིག་ཡིན། 《སྲོལ་ཡིག》དག་བཅོས་བྱེད་པའི་གོ་སྐབས་དང་བསྟུན་ནས།  སྤུས་ཚད་མཐོན་པོས་རྒྱལ་ཡོངས་ཀྱི་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་ཐེངས་བཞི་པ་སྤེལ་བ་དང་།  ཚན་རིག་དང་མཐུན་པའི་ཡོངས་ཁྱབ་ཞིབ་བཤེར་དང་ཁྲིམས་ལྟར་ཡོངས་ཁྱབ་ཞིབ་བཤེར་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ། གཞི་གྲངས་ཀྱི་སྤུས་ཚད་ཚོད་འཛིན་དང་རྒྱུ་ཆར་དོ་དམ་ནན་མོ་བྱེད་པ། དེང་རབས་ཀྱི་ཆ་འཕྲིན་ལག་རྩལ་བེད་སྤྱོད་གང་ལེགས་བྱེད་པ། སྡེ་ཁག་མཐུན་སྦྱོར་དང་རྩ་འཛུགས་ཀྱི་འགན་ལེན་ལ་ཤུགས་སྣོན་པ་བཅས་བྱས་ནས་ཡོངས་ཁྱབ་ཞིབ་བཤེར་གྱི་སྤུས་ཚད་དང་ཕན་འབྲས་སྔར་ལས་ཆེ་རུ་གཏོང་དགོས། 

གྲོས་ཚོགས་སྟེང་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།