
སྲིད་འབྲས་ཀྱི་ལྟ་བ་ཡང་དག་པ་འཛུགས་པ་དང་ལག་ལེན་དུ་བསྟར་ནས་སློབ་སྦྱོང་སློབ་གསོ་འགོ་བརྩམས་པ་ནས་བཟུང་། ཐེན་ཅིན་དང་ཀུའེ་ཀྲོའུ། ཧའེ་ནན། ལིའོ་ཉིང་སོགས་ས་གནས་སུ་ཟབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་། ལག་ལེན་དང་སློབ་སྦྱོང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་སློབ་གསོ་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱེད་དགོས།
ཐེན་ཅིན་གྱིས་སློབ་སྦྱོང་སློབ་གསོ་དམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། གྲོང་ཁྱེར་རིམ་པའི་འགོ་ཁྲིད་ཚན་ཁག་གི་ཁོངས་མིས་སློབ་སྦྱོང་སློབ་གསོར་དམིགས་ནས་གནད་དོན37གཏན་འཁེལ་བྱས་པ་དང་སྣེ་ཁྲིད་དེ་བརྟག་དཔྱད་ཞིབ་འཇུག་བྱས། ཀྲུང་དབྱང་གི་སྐོར་ཞིབ་དང་ལྟ་ཞིབ་ཞིབ་བཤེར་ཁག་ལས་བཏོན་པའི་གནད་དོན་ལ་ཞིབ་བསྡུར་བྱས་ནས། ཚོང་གཉེར་ཁོར་ཡུག་ལེགས་བཅོས་དང་། གྲོང་ཁྱེར་བཅོས་སྐྱོང་ལ་ཤུགས་སྣོན། དམངས་འཚོའི་ཞན་ཆ་ཁ་གསབ་སོགས་ཀྱི་ཐད་གནས་པའི་སྲིད་འབྲས་ལྟ་བའི་ནོར་འཁྲུལ་གནད་དོན་དང་། འགོ་ཁྲིད་གསར་པས་རྩིས་ཐོ་རྙིང་པར་ཁ་ཡ་མི་བྱེད་པ། མིག་རྒྱང་ཐུང་བ། རྫུན་བཟོ་སོགས་ཀྱི་གནད་དོན་མངོན་གསལ་ཅན་ལ་བཅོས་སྒྲིག་བྱས།
ཐེན་ཅིན་གྲོང་ཁྱེར་ཏང་ཨུའི་རྩ་འཛུགས་པུའུ་ཁྲུའུ་གསུམ་པའི་ཁྲུའུ་ཀྲང་ཏུང་ཧྭ་ལིའང་གིས་བཤད་རྒྱུར། ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་བསྟར་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ། “ཏང་འཛུགས་སྤྱི་དོན་དང་། དམངས་ལ་བདེ་སྐྱིད་བསྐྲུན་པ། ཚན་རིག་དང་མཐུན་པའི་ཇུས་ཐག་གཅོད་པ། དམ་འཛིན་དངོས་སྒྲུབ”བཅས་ཀྱི་སྤྱིའི་བླང་བྱ་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་དང་། གནད་དོན་འཚོལ་ཞིབ་དང་གནད་དོན་དག་ཐེར་ཡོ་བསྲང་དམ་འཛིན་ལེགས་པོ་བྱེད་པ། ཡུན་ཕན་ལམ་སྲོལ་འཐུས་སྒོ་ཇེ་ཚང་དུ་བཏང་ནས་རང་འགུལ་ངང་མང་ཚོགས་ཀྱི་བསམ་འཆར་ལ་ཉན་པ་དང་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱས་ཏེ་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་དངོས་ལ་འགྱུར་བར་བྱེད་དགོས།
ཀུའེ་ཀྲོའུ་ཡིས་གཞི་གཅིག་ཏུ་སློབ་སྦྱོང་དང་། ཞིབ་བཤེར། བསྒྱུར་བཅོས་བཅས་ལ་སྐུལ་འདེད་བཏང་ནས། མཚོན་བྱེད་རང་བཞིན་དང་དམིགས་གཏད་རང་བཞིན་ལྡན་པའི་ལྡོག་ཕྱོགས་ཀྱི་དཔེ་མཚོན་གྱོད་གཞིར་དབྱེ་ཞིབ་གཏིང་ཟབ་བྱས་པ་མ་ཟད། ཕྱོགས8ཀྱི་གཙོ་གནད་ལས་འགན56གི་གསལ་ཐོ་ཡང་བཀོད་པ་རེད། ཏང་ཡོན་ལས་བྱེད་པར་སྲིད་འབྲས་ལྟ་བའི་ནོར་འཁྲུལ་ལ་དོགས་ཟོན་དང་ཡོ་བསྲང་ནུས་ལྡན་བྱེད་པར་ཁྲིད་སྟོན་བྱ་དགོས། རིམ་པ་སོ་སོའི་ཏང་ཡོན་ལས་བྱེད་པས་མང་ཚོགས་ཀྱི་བསམ་འཆར་ལ་ནན་ཏན་གྱིས་ཉན་ནས། བསམ་བློའི་ངོས་འཛིན་གྱི་གནད་དོན་ཐག་གཅོད་རྒྱུ་དང་མང་ཚོགས་ཀྱི་དཀའ་ཉེན་དང་སེམས་ཁྲལ་གྱི་གནད་དོན་ཐག་གཅོད་རྒྱུར་ཟུང་འབྲེལ་ནན་མོ་བྱས་ཏེ་གྲུབ་འབྲས་དངོས་ལ་བརྟེན་ནས་སློབ་སྦྱོང་སློབ་གསོའི་ཕན་འབྲས་ལ་ཞིབ་བཤེར་བྱ་དགོས།
ཀུའེ་ཀྲོའུ་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་རྩ་འཛུགས་ཁྲུའུ་དང་པོའི་ཁྲུའུ་ཀྲང་ཀའོ་ཧྥུང་གིས་བཤད་རྒྱུར།
ང་ཚོས་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་པ་ཡིན། “གཏན་འཁེལ་གཉིས”ལ་གོང་བཀུར་མཐའ་གཅིག་ཏུ་བྱེད་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པ། ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་བསྟར་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ། བསམ་བློའི་ངོས་འཛིན་ཇེ་མཐོར་གཏོང་བ། གནད་དོན་གཙོ་བོར་དག་ཐེར་ཡོ་བསྲང་། ལམ་ལུགས་དང་སྒྲིག་སྲོལ་ཡག་པོ་བཙུགས་ནས། སློབ་སྦྱོང་སློབ་གསོའི་གཙོ་གནད་ལས་འགན་དོན་འཁྱོལ་ཞིབ་ཚགས་བྱ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས།
ཧའེ་ནན་གྱིས་ཞིང་ཆེན་ཡོངས་ཀྱི་སློབ་སྦྱོང་སློབ་གསོའི་ལག་བསྟར་ཇུས་གཞི་བཟོས་ནས་ལས་དོན་བཀོད་སྒྲིག་ཞིབ་ཕྲ་དང་དོན་འཁྱོལ་བྱས།
ཧའེ་ནན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ་ལི་ཅེ་ཡིས་བཤད་རྒྱུར།
ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་བསྟར་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། སློབ་སྦྱོང་དང་། ཞིབ་བཤེར། ལེགས་བཅོས་བཅས་ལ་གཅིག་གྱུར་ཐོག་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ལྷག་པར་དུ་མངོན་གསལ་གྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པ། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་ལ་སྐུལ་འདེད་ནན་མོ་གཏོང་དགོས། “ཕར་གཏོང་ཐུབ་པ”དང“དོ་དམ་ཡག་པོ”བྱེད་ཐུབ་པ་སྟེ“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ཡག་པོ་ཚུགས་པ་དང་གོམ་སྟབས་ཡག་པོ་སྤོ་ཐུབ་པ་བྱེད་དགོས།
ལིའོ་ཉིན་ཞིང་ཆེན་ཏང་ཨུས་སློབ་སྦྱོང་སློབ་གསོ་འགོ་འཛུགས་རྒྱུའི་བཀོད་སྒྲིག་བྱས། ཞིང་ཆེན་ཡོངས་ཀྱི་དཔེ་མཚོན་གྱོད་གཞི30བདམས་པ་དང་། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཞིབ་བསྡུར་གསལ་སྟོན་དང་གནད་དོན་གསལ་ཐོ་བཟོས། ཉེ་འགྲམ་གྱི་བྱ་བར་བརྟེན་ནས་ཉེ་འགྲམ་གྱི་མིར་སློབ་གསོ་ཡག་པོ་བཏང་སྟེ་སློབ་སྦྱོང་སློབ་གསོའི་དམིགས་གཏད་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་གཏོང་དགོས། དུས་མཚུངས་སུ། ཞིང་ཆེན་ཡོངས་ཀྱིས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་རྒྱུན་མཐུད་བཅོས་སྒྲིག་དང“སྣང་བརྙན་ལས་གཞི”དང“སྲིད་འབྲས་ལས་གཞི”སྤེལ་བ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་བྱས་ནས་སློབ་སྦྱོང་སློབ་གསོའི་ཚད་གཞི་མཐོན་པོ་འགན་ལེན་བྱ་རྒྱུ་རེད།
ལིའོ་ཉིང་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ་སུང་ཀྲེན་ཧྭ་ཡིས་བཤད་རྒྱུར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། སློབ་སྦྱོང་སློབ་གསོ་གོ་སྐབས་སུ་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ལིའོ་ཉིང་དར་རྒྱས་ཀྱི་མངོན་གསལ་གནད་དོན་ལ་དམིགས་ནས་ཤུགས་རྒྱག་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་པ་རེད། རང་འགན་གཙང་སྒྲུབ་དང་འགན་འཁྲི་ཕྲག་ཏུ་འཁུར་ཕོད་པ་བཅས་ཀྱི་དངོས་སྒྲུབ་གྲུབ་འབྲས་དངོས་ལ་བརྟེན་ནས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པ་དང་གོམ་སྟབས་ཡག་པོ་སྤོ་རྒྱུར་འགན་སྲུང་བྱེད་དགོས།