ཞི་ཅིན་ཕིང་གིས་ཧོ་པེའི་ཞུང་ཨན་ཁུལ་གསར་དུ་རྟོག་ཞིབ་གནང་།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

ཟླ3པའི་ཚེས23ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧོ་པེའི་ཞུང་ཨན་ཁུལ་གསར་དུ་རྟོག་ཞིབ་གནང་བར་མ་ཟད་འགོ་འཛིན་མཛད་ནས་ཞུང་ཨན་ཁུལ་གསར་གྱི་སྤུས་ཚད་མཐོ་བའི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུ་བསྡུས།  འདི་ནི་ཚེས23ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་འགོ་འཛིན་མཛད་དེ་ཞུང་ཨན་ཁུལ་གསར་གྱི་སྤུས་ཚད་མཐོ་བའི་འཛུགས་སྐྲན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུ་བསྡུས་པར་མ་ཟད་གསུང་བཤད་གལ་ཆེན་གནང་བའི་རྣམ་པ་རེད། 

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།   རྒྱལ་ཁབ་ཀྱི་ཀྲུའུ་ཞི།  ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས23ཉིན་ཧོ་པེའི་ཞུང་ཨན་ཁུལ་གསར་དུ་རྟོག་ཞིབ་གནང་བར་མ་ཟད་འགོ་འཛིན་མཛད་ནས་ཞུང་ཨན་ཁུལ་གསར་གྱི་སྤུས་ཚད་མཐོ་བའི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུ་བསྡུས་པ་མ་ཟད་གསུང་བཤད་གལ་ཆེན་གནང་།   ཁོང་གིས་ནན་གྱིས་བསྟན་དོན།  ཞུང་ཨན་ཁུལ་གསར་དེ་པེ་ཅིང་གི་རྒྱལ་ས་མ་ཡིན་པའི་བྱེད་ནུས་ཁ་འགྲེམས་གཅིག་སྡུད་ཐེག་ནུས་ཁུལ་གྱི་བྱེད་ནུས་ངེས་གནས་གཙོ་བོ་ཡིན་པའི་ངོས་ནས། འཐབ་ཇུས་ཀྱི་ངེས་ཤུགས་དང་ལོ་རྒྱུས་ཀྱི་ངང་རྒྱུད་རིང་བོ་རྒྱུན་འཁྱོངས་བྱས་ཏེ།  བསམ་བློ་བཅིངས་འགྲོལ་དང་། བསམ་ཕྱོགས་གསར་གཏོད། མཐུན་སྦྱོར་ལ་ཤུགས་སྣོན། སྟོབས་ཤུགས་གཅིག་བསྡུས་བཅས་བྱེད་དགོས་ལ།  བཅོས་བསྒྱུར་གསར་གཏོད་ཀྱིས་ནང་གནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་བར་སྣེ་ཁྲིད་དང་། རྒྱུ་རྐྱེན་གཙོ་བོའི་ཐོན་ཁུངས་ལུགས་མཐུན་ངང་གཅིག་བསྡུས་བྱ་རྒྱུ་དེ་ཁུལ་གསར་གྱི་གསོན་ཤུགས་བསྐྱེད་པའི་གཙོ་གནད་དུ་བཞག་ནས།  དུས་རབས་གསར་པའི་གསར་གཏོད་ཀྱི་མཐོ་ས་དང་སྤུས་ལེགས་འཕེལ་རྒྱས་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་བའི་མ་དཔེ་བསྐྲུན་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ།    རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་དང་།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ།  ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཚའེ་ཆི།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་བཅས་མཉམ་དུ་རྟོག་ཞིབ་གནང་བར་ཕེབས་པ་མ་ཟད་བཞུགས་མོལ་ཚོགས་འདུར་ཞུགས།

ཚེས23ཉིན་གྱི་སྔ་དྲོར།   ཞི་ཅིན་ཕིང་ཞུང་ཨན་ཁུལ་གསར་དུ་འབྱོར་རྗེས།   ཧོ་པེ་ཞིང་ཆེན་ཏང་ཨུའུ་ཧྲུའུ་ཅི་ཉི་ཡའེ་ཧྥིན་དང་ཧྲིན་ཀྲང་ཝང་ཀྲིན་ཕུའུ་ཡི་ཕེབས་རོགས་འོག་རླངས་འཁོར་ལ་བཞུགས་ནས་ལམ་རྒྱུད་ཀྱི་འགོ་ཚུགས་ཁུལ་འཛུགས་སྐྲུན་གྱི་འཕེལ་རིམ་ལ་གཟིགས་ཞིབ་གནང་། ཁུལ་གསར་འཛུགས་སྐྲུན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་མཐོང་སྐབས་ཁོང་གིས་ཁས་ལེན་གང་ལེགས་གནང་།

ཟླ3པའི་ཚེས23ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧོ་པེའི་ཞུང་ཨན་ཁུལ་གསར་དུ་རྟོག་ཞིབ་གནང་བར་མ་ཟད་འགོ་འཛིན་མཛད་ནས་ཞུང་ཨན་ཁུལ་གསར་གྱི་སྤུས་ཚད་མཐོ་བའི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུ་བསྡུས། འདི་ནི་ཚེས23ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཀྲུང་གོ་ཧྭ་ནུན་སྡེ་ཚོགས་ཚད་ཡོད་ཀུང་ཟི་རུ་རྟོག་ཞིབ་གནང་སྐབས། ཁེ་ལས་ཀྱི་ལས་བཟོ་པ་དང་བྱམས་བརྩེའི་ཞལ་བརྡ་གནང་བའི་རྣམ་པ་རེད། 

དེའི་རྗེས་ཞི་ཅིན་ཕིང་གིས་ཀྲུང་གོ་ཧྭ་ནུན་སྡེ་ཚོགས་ཚད་ཡོད་ཀུང་སི་རུ་རྟོག་ཞིབ་གནང་།  2025ལོའི་ཟླ10པར། ཧྭ་ནུན་སྡེ་ཚོགས་སྤྱི་ཁྱབ་པུའུ་དང་འབྲེལ་ཡོད་ཡན་ལག་ཀུང་སིའི་ལས་མི1000ལྷག་ཞུང་ཨན་ཁུལ་གསར་དུ་གནས་སྤོས་པ་རེད།  ཞི་ཅིན་ཕིང་ཁེ་ལས་གཉེར་སྐྱོང་ལྟ་སྐུལ་ཚོད་འཛིན་དང་འཕྲལ་སྡོམ་བཀོད་འདོམས་ལྟེ་གནས་སུ་ཕེབས་ཏེ།  ཁེ་ལས་གནས་སྤོ་དང་ཐོན་ལས་སྒྲིག་བཀོད། གསར་གཏོད་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ངོ་སྤྲོད་བྱས་པར་གསན་པ་དང་། ཁེ་ལས་ཀྱི་དུས་ཐོག་གཉེར་སྐྱོང་གཞི་གྲངས་དང་རྒྱང་འཛིན་པར་རིས་ལ་གཟིགས།   ཁོང་གིས་ཞུང་ཨན་ཁུལ་གསར་དུ་གནས་སྤོས་པ་གོ་སྐབས་སུ་བཟུང་སྟེ།  ཁེ་ལས་ཀྱི་ལས་བྱེད་ལས་བཟོ་པའི་གསར་གཏོད་ལས་གཏོད་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་ལ་སྐུལ་སློང་བྱས་ནས།  ནུས་ཁུངས་མ་ལག་གསར་པ་མགྱོགས་མྱུར་ངང་བསྐྲུན་རྒྱུ་དང་ནུས་ཁུངས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་པ་ནན་གྱིས་བསྟན།

ཟླ3པའི་ཚེས23ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧོ་པེའི་ཞུང་ཨན་ཁུལ་གསར་དུ་རྟོག་ཞིབ་གནང་བར་མ་ཟད་འགོ་འཛིན་མཛད་ནས་ཞུང་ཨན་ཁུལ་གསར་གྱི་སྤུས་ཚད་མཐོ་བའི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུ་བསྡུས།  འདི་ནི་ཚེས23ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཞུང་ཨན་ཁུལ་གསར་གྱི་བཅའ་སྡོད་དང་སྐྲུན་བཞིན་པའི་ཁ་འགྲེམས་ལས་ཁུངས་ཀྱི་ལས་བྱེད་ལས་བཟོ་པའི་འཐུས་མི་དང་བྱམས་བརྩེའི་ཞལ་བརྡ་གནང་བའི་རྣམ་པ་རེད། 

ཀུང་སིའི་རིམ་པ་དང་པོའི་ཚོམས་ཆེན་དུ།   ཞི་ཅིན་ཕིང་གིས་ཞུང་ཨན་ཁུལ་གསར་གྱི་བཅའ་སྡོད་དང་སྐྲུན་བཞིན་པའི་ཁ་འགྲེམས་ལས་ཁུངས་ཀྱི་ལས་བྱེད་ལས་བཟོ་པའི་འཐུས་མི་དང་བྱམས་བརྩེའི་ཞལ་བརྡ་གནང་ནས་ཚང་མའི་ལས་ཀ་དང་འཚོ་བའི་གནས་ཚུལ་སྐོར་བཀའ་འདྲི་གནང་བ་དང་།   ཚང་མས་ཁུལ་གསར་འཛུགས་སྐྲུན་དང་འཕེལ་རྒྱས་ལ་འབད་བརྩོན་བྱས་པར་ཁས་ལེན་གང་ལེགས་གནང་ཞིང་།   ཁོ་ཚོ་ཁུལ་གསར་གྱི་བྱ་བར་གཞི་ཚུགས་ཏེ་ཧུར་ཐག་གིས་བློ་གྲོས་འབུལ་དགོས་པའི་རེ་བ་བཏོན།  ཁོང་གིས་ཚང་མས་རང་ཉིད་ཞུང་ཨན་གྱི་མི་ཡིན་པ་གཟི་བརྗིད་དུ་རློམ་ནས། གདོང་མཆོངས་དང་ལེན་དང་གོམ་པ་བརྟན་པོའི་ངང་ལས་སྒྲུབ་ལས་གཏོད་བྱས་ཏེ། ཞུང་ཨན་གྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་བསྐྲུན་དགོས་ཞེས་གསུངས།

ཟླ3པའི་ཚེས23ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧོ་པེའི་ཞུང་ཨན་ཁུལ་གསར་དུ་རྟོག་ཞིབ་གནང་བར་མ་ཟད་འགོ་འཛིན་མཛད་ནས་ཞུང་ཨན་ཁུལ་གསར་གྱི་སྤུས་ཚད་མཐོ་བའི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུ་བསྡུས།  འདི་ནི་ཚེས23ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་པེ་ཅིང་གྲོང་ཁྱེར་སློབ་འབྲིང་བཞི་བའི་ཞུང་ཨན་སློབ་ཁུལ་དུ་རྟོག་ཞིབ་གནང་སྐབས། སློབ་ཁང་དུ་ཕེབས་ནས་དགེ་སློབ་དང་བྱམས་བརྩེའི་ཞལ་བརྡ་གནང་བའི་རྣམ་པ་རེད། 

པེ་ཅིན་གྲོང་ཁྱེར་གྱིས་རོགས་སྐྲུན་བྱས་པའི་པེ་ཅིང་གྲོང་ཁྱེར་སློབ་འབྲིང་བཞི་བའི་ཞུང་ཨན་སློབ་ཁུལ2023ལོའི་ཟླ8པར་བེད་སྤྱོད་འགོ་ཚུགས་པ་དང་།   ད་ལྟ་སློབ་མ380ལྷག་ཡོད། སློབ་ཁྲིད་ཐོག་ཁང་དུ་སློབ་མ་ཚོར་སློབ་ཁྲིད་བྱེད་བཞིན་ཡོད།   ཞི་ཅིན་ཕིང་དམའ་འབྲིང་ལོ་རིམ་དང་པོའི་འཛིན་གྲྭ་གཉིས་པའི་སློབ་ཁང་དུ་ཕེབས་ཏེ། དགེ་སློབ་དང་ཞལ་མོལ་གནང་ནས་སློབ་ཁྲིད་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས། ཁོང་གིས་པེ་ཅིང་གྲོང་ཁྱེར་སློབ་འབྲིང་བཞི་པའི་སློབ་གཉེར་གྱི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་འཁྱེར་ཡོང་ཏེ།   སེམས་ཤུགས་ཡོད་རྒུས་བྱིས་པ་ཚོའི་ལུས་སེམས་བདེ་ཐང་ལ་གཅེས་སྐྱོང་བྱས་ནས། བྱིས་པ་ཚོའི་ཕྱོགས་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་དགོས་པའི་ཐུགས་རེ་བཏོན། 

ཟླ3པའི་ཚེས23ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧོ་པེའི་ཞུང་ཨན་ཁུལ་གསར་དུ་རྟོག་ཞིབ་གནང་བར་མ་ཟད་འགོ་འཛིན་མཛད་ནས་ཞུང་ཨན་ཁུལ་གསར་གྱི་སྤུས་ཚད་མཐོ་བའི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུ་བསྡུས། འདི་ནི་ཚེས23ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་པེ་ཅིང་གྲོང་ཁྱེར་སློབ་འབྲིང་བཞི་བའི་ཞུང་ཨན་སློབ་ཁུལ་གྱི་ཟ་ཁང་དུ་རྟོག་ཞིབ་གནང་བའི་རྣམ་པ་རེད། 

ཟླ3པའི་ཚེས23ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧོ་པེའི་ཞུང་ཨན་ཁུལ་གསར་དུ་རྟོག་ཞིབ་གནང་བར་མ་ཟད་འགོ་འཛིན་མཛད་ནས་ཞུང་ཨན་ཁུལ་གསར་གྱི་སྤུས་ཚད་མཐོ་བའི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུ་བསྡུས། འདི་ནི་ཚེས23ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་པེ་ཅིང་གྲོང་ཁྱེར་སློབ་འབྲིང་བཞི་བའི་ཞུང་ཨན་སློབ་ཁུལ་དུ་རྟོག་ཞིབ་གནང་སྐབས། སློབ་ཁང་དུ་ཕེབས་ནས་དགེ་སློབ་དང་བྱམས་བརྩེའི་ཞལ་བརྡ་གནང་བའི་རྣམ་པ་རེད། 

སློབ་གྲྭའི་ཟ་ཁང་ནང་དུ།  ཞི་ཅིན་ཕིང་གིས་བཟའ་བཏུང་གི་ཁོར་ཡུག་དང་ཚལ་རིགས་སོགས་ལ་གཟིགས་ཞིབ་གནང་ནས་ངེས་པར་དུ་སློབ་མའི་བཟའ་བཏུང་གི་བདེ་འཇགས་དང་འཚོ་བཅུད་འགན་ལེན་བྱེད་དགོས་པར་བསྟན། སློབ་གྲྭ་ནས་ཁ་བྲལ་སྐབས། དགེ་སློབ་ཚོས་མཉམ་དུ་སྤྱི་ཁྱབ་ཧྲུའུ་ཅིར་སྐྱེལ་མ་བྱས་པ་དང་། ཞི་ཅིན་ཕིང་གིས་བྱིས་པར་ཚོར་བདེ་སྐྱིད་ལ་གཅེས་སྤྲས་དང་ཡར་རྒྱས་བརྩོན་ལེན་བྱས་ཏེ། ཞུང་ཨན་ཁུལ་གསར་དང་མཉམ་དུ་འཚར་ལོངས་ཡོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་དུས་མཉམ་དུ་འཕེལ་རྒྱས་འགྲོ་དགོས་པའི་སྐུལ་ལྕག་གནང་། 

ཟླ3པའི་ཚེས23ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧོ་པེའི་ཞུང་ཨན་ཁུལ་གསར་དུ་རྟོག་ཞིབ་གནང་བར་མ་ཟད་འགོ་འཛིན་མཛད་ནས་ཞུང་ཨན་ཁུལ་གསར་གྱི་སྤུས་ཚད་མཐོ་བའི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུ་བསྡུས། འདི་ནི་ཚེས23ཉིན་གྱི་ཕྱི་དྲོར།  ཞི་ཅིན་ཕིང་གིས་མགོ་འཛིན་མཛད་དེ་ཞུང་ཨན་ཁུལ་གསར་གྱི་སྤུས་ཚད་མཐོ་བའི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུ་བསྡུས་པར་མ་ཟད་གསུང་བཤད་གལ་ཆེན་གནང་བའི་རྣམ་པ་རེད། 

 འབད་འབུངས་ཡར་བརྩོན་དང་བདེ་ཐང་ངང་འཚར་ལོངས་བྱུང་ནས་ང་ཚོའི་ཕུལ་བྱུང་གི་མི་རབས་ཤིག་ཏུ་འགྱུར་དགོས།

ཚེས23ཉིན་གྱི་ཕྱི་དྲོར།    ཞི་ཅིན་ཕིང་གིས་འགོ་འཛིན་མཛད་དེ་ཞུང་ཨན་ཁུལ་གསར་གྱི་སྤུས་ཚད་མཐོ་བའི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུ་བསྡུས།  རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཀྲིན་ཧྲན་ཅེ་དང་། ཧོ་པེ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཉི་ཡའོ་ཧྥིན། ཞུང་ཨན་ཁུལ་གསར་གྱི་ཏང་གི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲང་གོ་ཧྭ་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད།  པེ་ཅིང་གྲོང་ཁྱེར་དང་། ཐེན་ཅིན་གྲོང་ཁྱེར།  ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་བཅས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གྱིས་ཡིག་ཐོག་གཏམ་བཤད་ཕུལ། 

ཚང་མའི་གཏམ་བཤད་ལ་གསན་རྗེས། ཞིས་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཕྱོགས་སོ་སོས་ཐུན་མོང་འབད་བརྩོན་བྱས་པ་བརྒྱུད།  ཞུང་ཨན་ཁུལ་གསར་གྱི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་བླངས་ཡོད། ཏང་ཀྲུང་དབྱང་གི་ཞུང་ཨན་ཁུལ་གསར་འཛུགས་སྐྲུན་བྱ་རྒྱུའི་སྐོར་གྱི་ཐབས་ཇུས་ནི་ཡང་དག་ཡིན་ལ། ཕྱོགས་གང་ཅིའི་ལས་དོན་ཏན་ཏིག་ནུས་ལྡན་ཡིན་པ་ལག་ལེན་ལས་ར་སྤྲོད་གསལ་པོ་བྱུང་ཡོད།

ཞི་ཅིན་ཕིང་གིས་བསྟན་དོན། ཞུང་ཨན་ཁུལ་གསར་གྱི་སྤུས་ཚད་མཐོ་བའི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས་ན། ངེས་པར་དུ་ཁུལ་གསར་གྱི་བྱེད་ནུས་ངེས་གནས་རྒྱུན་འཁྱོངས་བྱས་ཏེ། པེ་ཅིང་གི་རྒྱལ་སའི་བྱེད་ནུས་མ་ཡིན་པའི་ཁ་འགྲེམས་དང་འབྲེལ་མཐུད་ལ་སྔར་བས་ནུས་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་དགོས། ཀྲུང་དབྱང་ཁེ་ལས་དང་། མཐོ་རིམ་སློབ་གྲྭ། སྨན་ཁང་བཅས་ཀྱི་ཁ་འགྲེམས་རྣམ་གྲངས་འཛུགས་སྐྲུན་ལ་ཁག་བགོས་ཏེ་ཧུར་ཐག་གིས་སྐུལ་འདེད་གཏོང་དགོས། དངུལ་རྩའི་ལས་ཁུངས་དང་། ཚན་རིག་ཞིབ་འཇུག་ཁང་། ལས་དོན་ལས་ཁུངས་བཅས་ཀྱི་གོ་རིམ་ལྡན་པའི་ཁ་འགྲེམས་ལ་སྐུལ་འདེད་གཏོང་བ་དང་། ཁ་འགྲེམས་ལས་ཁུངས་སྔར་ལས་འཕེལ་རྒྱས་ལེགས་པོ་ཡོང་བར་རྒྱབ་སྐྱོར་བྱ་དགོས། རྣམ་གྲངས་དང་མི་སྣའི་ཁ་འགྲེམས་སྲིད་ཇུས་འགན་ལེན་དང་ཞབས་ཞུར་ཤུགས་བསྣན་ནས། ཁ་འགྲེམས་རྣམ་གྲངས་ཁྱབ་འགྱེད་ཀྱིས་ཁུལ་གསར་དང་ཉེ་འཁོར་ས་ཁོངས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱ་རྒྱུར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཞུང་ཨན་ཁུལ་གསར་གྱི་ཕྱོགས་བསྡུས་ཐེག་ནུས་རྒྱུན་མཐུད་ངང་མཐོ་རུ་གཏོང་དགོས་ན། ངེས་པར་དུ་བརྒྱུད་རིམ་ལྡན་པའི་ཇུས་འགོད་བྱས་ནས་སྤུས་ཚད་མཐོ་བའི་འཛུགས་སྐྲུན་དང་ནུས་མཐོའི་བཅོས་སྐྱོང་ལ་གཞི་གཅིག་དམ་འཛིན་ཡག་པོ་བྱེད་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་དལ་ལྷོད་དང་དུས་རིམ་ཁོང་དུ་ཆུད་པ་དང་། སྟོབས་ཤུགས་གཅིག་བསྡུས་ཀྱིས་འགོ་རྩོམ་ཁུལ་དང་། འགོ་འཛུགས་ཁུལ་སོགས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས།“ཞུང་ཨན་སྤུས་ཚད”ཧུར་ཐག་གིས་གཏོད་དགོས། ཏང་འཛུགས་སྐྱོང་གིས་ཁུལ་གསར་བཅོས་སྐྱོང་ལ་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་། སྤྱི་པའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པར་ཤུགས་སྣོན་པ་དང་། མ་འོངས་པར་ཁ་ཕྱོགས་པའི་རིག་ནུས་གྲོང་ཁྱེར་དོ་དམ་བྱེད་སྟངས་ཧུར་ཐག་གིས་འཚོལ་ཞིབ་བྱས་ཏེ། གནམ་སྔོན་པོ་དང་ས་ལྗང་ཁུ། ཆུ་དྭངས་མོ་བཅས་ཀྱི་མཛེས་སྡུག་ལྡན་པའི་ཞུང་ཨན་འཛུགས་སྐྲུན་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཞུང་ཨན་ཁུལ་གསར་གྱིས་བཅོས་སྒྱུར་གསར་གཏོད་སྒུལ་ཤུགས་སུ་བྱས་ཏེ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་དང་། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སུ་བཏང་སྟེ། ཁུལ་གསར་གྱི་དོན་དངོས་དང་མཐུན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་གསོ་སྐྱོང་བྱ་དགོས། ཆུ་ཚད་མཐོ་བའི་ཞུང་ཨན་གྱི་ཀྲུང་ཀོན་སྡེ་བའི་ཚན་རྩལ་གླིང་འཛུགས་སྐྲུན་བྱས་ནས། ཚན་རིག་གསར་གཏོད་ཀྱི་གྲུབ་འབྲས་སྔར་ལས་མང་པོ་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས། གསར་དར་ཐོན་ལས་དང་མ་འོངས་པའི་ཐོན་ལས་ཁྱུ་ཚོགས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ཧུར་ཐག་གིས་འཕེལ་རྒྱས་གཏོང་བ། སྲོལ་རྒྱུན་ཐོན་ལས་བསྒྱུར་བཀོད་རིམ་སྤར་བྱེད་པར་རྒྱབ་སྐྱོར་བཅས་བྱ་དགོས། བློ་ཁོག་ཆེན་པོས་འཚོལ་ཞིབ་དང་། སྔོན་ལ་ལག་ལེན་དང་ཚོད་ལྟ་བྱས་ཏེ། ཚན་རྩལ་དང་དངུལ་རྩ་སོགས་ཁྱབ་ཁོངས་ཀྱི་གསར་གཏོད་སྲིད་ཇུས་སྔོན་ལ་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་བ་དང་། ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་བསྐྲུན་པར་ཤུགས་སྣོན་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་པ་དང་། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་སྐྱེ་ཁམས་གཏོད་དགོས། འབྲེལ་ཡོད་ཕྱོགས་ཁག་གིས་ཁྱོན་ཡོངས་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ཡག་པོ་བྱས་ཏེ། ཞུང་ཨན་ཁུལ་གསར་གྱི་སྤུས་ཚད་མཐོ་བའི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་དགོས། ཞུང་ཨན་ཁུལ་གསར་གྱི་རྒྱ་ཆེའི་ལས་བྱེད་པས་འགན་འཁྲི་འཁུར་ཕོད་པ་དང་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ། ཏང་དང་མི་དམངས་ལ་ཚད་ལྡན་གྱི་རྒྱུགས་ལན་ཧུར་ཐག་གིས་སྤྲོད་དགོས།

ལི་ཆང་གིས་གསུང་བཤད་གནང་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་། “ལོ་ངོ་སྟོང་གི་ཇུས་ཆེན”གྱི་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་དགོས་པར་མ་ཟད། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་ངར་ཤུགས་ལ་བརྟེན་ནས། ཞུང་ཨན་ཁུལ་གསར་གྱི་སྤུས་ཚད་མཐོ་བའི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། པེ་ཅིང་གི་རྒྱལ་སའི་བྱེད་ནུས་མིན་པའི་ཁ་འགྲེམས་དང་ལེན་བྱེད་པའི་ཐད་ཡར་རྒྱས་གསར་པ་འབྱུང་བར་བརྩོན་ལེན་བྱས་ཏེ། སྒུལ་ཤུགས་ཁ་འགྲེམས་དང་འཐེན་ཤུགས་དང་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས། གྲོང་ཁྱེར་གྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། གྲོང་ཁྱེར་གྱི་བྱེད་ནུས་ཆེ་རུ་གཏོང་བའི་ཐད་འགག་གནད་གསར་པ་སྒྲོལ་གང་ཐུབ་བྱེད་དགོས། སྤྱི་པའི་ཞབས་ཞུ་མགྱོགས་མྱུར་ངང་འཐུས་ཚང་དུ་གཏོང་བ་དང་། ཐོན་ལས་ཀྱི་སྐྱེ་ཁམས་རྩེ་གྲ་བསྐྲུན་ཏེ། དུས་རབས་གསར་པའི་གསར་གཏོད་ཀྱི་མཐོ་ས་བསྐྲུན་དགོས། པེ་ཅིང་ཐེན་ཅིན་ཧོ་པེ་གསུམ་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་གསར་པ་འཇོག་གང་ཐུབ་བྱེད་པ་དང་། ཕྱོགས་གང་ཅིའི་ཐད་ཀྱི་དགེ་མཚན་གཅིག་བསྡུས་བྱེད་པ། བཅོས་བསྒྱུར་འཚོལ་ཞིབ་ལ་ཤུགས་སྣོན་པ་བཅས་བྱས་ཏེ། ས་ཁོངས་ཀྱི་སྣེ་ཁྲིད་དང་སྐུལ་ཁྲིད་ནུས་པ་འདོན་སྤེལ་བྱེད་དགོས།

ཏེན་ཞུའེ་ཞང་གིས་གསུང་བཤད་ཁྲོད་བསྟན་དོན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། གོ་སྐབས་དམ་འཛིན་དང་བབ་བསྟུན་འཕྲལ་སྒྲུབ་བྱེད་དགོས་ལ། ཞུང་ཨན་ཁུལ་གསར་གྱིས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཤིང་། ཁུལ་ཁོངས་མཉམ་ལས་གསར་གཏོད་ཀྱི་དྲ་རྒྱ་དང་མཉམ་འདྲེས་གཏིང་ཟབ་བྱས་ནས།  པེ་ཅིང༼པེ་ཅིང་དང་། ཐེན་ཅིན། ཧོ་པེ༽རྒྱལ་སྤྱིའི་ཚན་རྩལ་གསར་གཏོད་ལྟེ་གནས་ཀྱི་རྟེན་གཞི་གལ་ཆེན་བསྐྲུན་དགོས་ལ།   མཐོ་རིམ་སློབ་གླིང་དང་ཚན་ཞིབ་ཁང་གི་ཕྱོགས་བསྡུས་ལེགས་ཆ་འདོན་སྤེལ་བྱས་ནས། ཐོན་སློབ་ཞིབ་གསུམ་གྱི་མཉམ་འདྲེས་གསར་གཏོད་ལ་སྐུལ་འདེད་གཏོང་དགོས་པ་དང་སློབ་གསོའི་ཚན་རྩལ་འཇོན་མིའི་གཞི་གཅིག་འཕེལ་རྒྱས་ལ་ཆུ་ཚད་མཐོན་པོས་སྐུལ་འདེད་གཏོང་དགོས། གསར་གཏོད་ཀྱི་སྐྱེ་ཁམས་རྩེ་གྲ་ཞིབ་ཚགས་ཀྱིས་གསོ་སྐྱོང་བྱེད་པ་དང་། གསར་དར་ཐོན་ལས་དང་མ་འོངས་ཐོན་ལས་གང་མགྱོགས་སྒོས་འཕེལ་རྒྱས་བཏང་ནས། ཞུང་ཨན་ཁུལ་གསར་གྱི་སྤུས་ཚད་མཐོ་བའི་འཛུགས་སྐྲུན་དང་འཕེལ་རྒྱས་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས།

ཧོ་ལི་ཧྥུན་སོགས་ཀྱིས་རྟོག་ཞིབ་ལ་ཕེབས་རོགས་བྱས་པར་མ་ཟད་བཞུགས་མོལ་ཚོགས་འདུར་ཞུགས། དབྱིན་ལི་དང་། ཁྲེན་མིང་ཨར། ཝུའུ་ཀྲིན་ལུང་བཅས་དང་། དེ་མིན་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་དམག་དཔུང་གི་འབྲེལ་ཡོད་ལས་ཁུངས། པེ་ཅིང་གྲོང་ཁྱེར། ཐེན་ཅིན་གྲོང་ཁྱེར། ཧོ་པེ་ཞིང་ཆེན། ཞུང་ཨན་ཁུལ་གསར། འབྲེལ་ཡོད་ཁེ་ལས་ཀྱི་འགན་འཁུར་བློ་མཐུན་སོགས་བཞུགས་མོལ་ཚོགས་འདུར་ཞུགས།