

ཟླ3པའི་ཚེས23ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་པེ་ཅིང་དུ་མོང་གོལ་མི་དམངས་ཏང་གི་ཀྲུའུ་ཞི། རྒྱལ་ཁབ་ཏ་ཧུའུ་ལར་གྱི་ཀྲུའུ་ཞི་ཝུའུ་ཆི་ཨར་ལེ་ཡིས་སྣེ་ཁྲིད་པའི་མོང་གོལ་མི་དམངས་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།
ཚེས23ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་པེ་ཅིང་དུ་མོང་གོལ་མི་དམངས་ཏང་གི་ཀྲུའུ་ཞི། རྒྱལ་ཁབ་ཏ་ཧུའུ་ལར་གྱི་ཀྲུའུ་ཞི་ཝུའུ་ཆི་ཨར་ལེ་ཡིས་སྣེ་ཁྲིད་པའི་མོང་གོལ་མི་དམངས་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།
ཀྲའོ་ལེ་ཅི་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྲིད་འཛིན་ཧུའུ་རི་ལེ་སུའུ་ཧོ་རྣམ་གཉིས་ཀྱི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་མོང་གོལ་རྒྱལ་ཁབ་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཞི་བདེ་མཉམ་གནས་དང་། ཕན་ཚུན་རོགས་རེས། མཉམ་ལས་མཉམ་རྒྱལ་བཅས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་ཕྱོགས་སུ་བརྟན་པོའི་ངང་སྐྱོད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་མོང་གོལ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ཏེ། འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་དོ་ཁུར་བྱ་ཡུལ་གལ་ཆེན་ལ་མུ་མཐུད་དུ་བརྩི་འཇོག་བྱས་ནས། ཁྲིམས་འཛུགས་ལས་ཁུངས་བར་གྱི་བརྗེ་རེས་ཇེ་ཟབ་ཏུ་གཏོང་བ་དང་། གཉིས་ཕན་མཉམ་ལས་ཇེ་ཟབ་ཏུ་གཏོང་བ། མི་དམངས་ཀྱི་མཛའ་འབྲེལ་ཐད་སྐུལ་འདེད་གཏོང་བ་དང་། ཕྱོགས་མང་མཐུན་སྦྱོར་ལ་ཤུགས་སྣོན་འདོད་ཡོད། ཀྲའོ་ལེ་ཅི་ཡིས་ད་དུང་ཀྲུང་གོའི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་ལག་ལེན་མཚམས་སྦྱོར་གནང་།
ཝུའུ་ཆི་ཨེར་ལེས་བསྟན་དོན། ཀྲུང་གོ་དང་མཉམ་དུ་ཡུན་རིང་བརྟན་བརླིང་དང་གཉིས་ཕན་མཉམ་ལས་ཀྱི་མཛའ་འབྲེལ་འཕེལ་རྒྱས་གཏོང་རྒྱུ་ནི་མོང་གོལ་གྱི་ཕྱི་ཕྱོགས་སྲིད་ཇུས་ཀྱི་བྱེད་ཕྱོགས་ཤིག་ཡིན། མོང་གོལ་རྒྱལ་ཁབ་ཀྱི་ཏ་ཧུའུ་ལར་གྱིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་དང་བརྗེ་རེས་འགྲོ་འོང་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀའི་དངོས་གཉེར་མཉམ་ལས་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།