སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞུང་ཨན་ཁུལ་གསར་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་ལ་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་དོ་སྣང་ཆེན་པོ་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་ཁང་། ཀློག་གྲངས།

ཟླ3ཚེས23ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧོ་པེའི་ཞུང་ཨན་ཁུལ་གསར་དུ་རྟོག་ཞིབ་གནང་བ་དང་། ཞུང་ཨན་ཁུལ་གསར་གྱི་སྤུས་ཚད་མཐོ་བའི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུར་འགོ་འཛིན་གནང་བར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཞུང་ཨན་ཁུལ་གསར་ནི་པེ་ཅིང་གི་རྒྱལ་སའི་བྱེད་ནུས་མིན་པའི་ཁ་འགྲེམ་གཅིག་སྡུད་ཐེག་ནུས་ཁུལ་གྱི་ནུས་པ་གཙོ་བོ་ཡིན་པའི་ངོས་ནས་བཅོས་སྒྱུར་གསར་གཏོད་ཀྱིས་སྣེ་ཁྲིད་དེ་ནང་གནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་བ་དང་། རྒྱུ་རྐྱེན་གཙོ་བོའི་ཐོན་ཁུངས་ལུགས་མཐུན་ངང་གཅིག་སྡུད་བྱ་རྒྱུ་གཙོ་གནད་དུ་བྱས་ཏེ། ཁུལ་གསར་ལ་གསོན་ཤུགས་རྒྱས་པར་བྱེད་པ་དང་། དུས་རབས་གསར་པའི་གསར་གཏོད་ཀྱི་མཐོ་ས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དཔེ་མཚོན་ཧུར་ཐག་སྒོས་བསྐྲུན་དགོས་པ་ནན་གྱིས་བསྟན། རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་ཕོད་པའི་སྒོ་ནས།  ཞུང་ཨན་ཁུལ་གསར་གྱི་སྤུས་ཚད་མཐོ་བའི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་བཏང་ཐོག བྱ་སྤྱོད་དངོས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ཡག་པོ་བྱ་རྒྱུའི་བསམ་པ་བསྟན།

ཐེངས་འདིའི་རྟོག་ཞིབ་ཁྲོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀྲུང་གོ་ཧྭ་ནེང་ ཚོགས་པ་ཚད་ཡོད་ཀུང་སིར་ཕེབས་པ་དང་། 2025ལོའི་ཟླ10པའི་ནང་ཧྭ་ནེང་ཚོགས་པའི་སྤྱི་ཁྱབ་པུའུ་དང་འབྲེལ་ཡོད་ཡན་ལག་ཀུང་སིའི་ལས་མི1000ལྷག་ཞུང་ཨན་ཁུལ་གསར་དུ་གནས་སྤར་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁེ་ལས་གནས་སྤོ་དང་ཐོན་ལས་བཀོད་པ། གསར་གཏོད་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ངོ་སྤྲོད་ལ་གསན་རྗེས། ཁོང་གིས་ཞུང་ཨན་ཁུལ་གསར་གྱིས་གནས་སྤར་བ་གོ་སྐབས་སུ་བཟུང་ནས་ཁེ་ལས་ཀྱི་ལས་བཟོ་བའི་གསར་གཏོད་ལས་གཏོད་ཀྱི་ཧུར་བརྩོན་རང་བཞིན་དང་རང་རྟོགས་རང་བཞིན་སྐུལ་སློང་བྱས་ནས་ནུས་རྒྱུའི་མ་ལག་གསར་པ་མགྱོགས་མྱུར་སྒོས་བསྐྲུན་པ་དང་ནུས་རྒྱུའི་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་འབུལ་དགོས་པ་ནན་གྱིས་བསྟན།

ཀྲུང་གོ་ཧྭ་ནེང་ཚོགས་པ་ཚད་ཡོད་ཀུང་སིས་གཉེར་སྐྱོང་ལྟ་སྐུལ་ཚོད་འཛིན་དང་འཕྲལ་སྡོམ་བཀོད་འདོམས་ལྟེ་གནས་ཀྱི་ལས་མི་ཀྲུའུ་ཧྥུའུ་ཆང་གིས་བཤད་རྒྱུར། འཐབ་ཕྱོགས་དང་པོའི་ལག་རྩལ་མི་སྣ་ཞིག་ཡིན་པའི་ངོས་ནས་ཞུང་ཨན་ལ་ཡོང་ནི་ལས་ཀ་བྱ་ཡུལ་གྱི་འགྱུར་ལྡོག་ཙམ་མ་ཡིན་པར་ལྗིད་ཏིག་ཏིག་གི་འགན་འཁྲི་ཞིག་དེ་བས་ཀྱང་ཡིན། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་བཟུང་ནས་མི་སྒེར་གྱི་བློ་གྲོས་དང་རྔུལ་ཆུ་ནུས་ཁུངས་སྟོབས་ལྡན་རྒྱལ་ཁབ་ཀྱི་ལག་ལེན་ནང་འདྲེས་པར་བྱས་ཏེ། མགྱོགས་མྱུར་སྒོས་ནུས་ཁུངས་མ་ལག་གསར་པ་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་ཡོད་ཚད་འབུལ་རྒྱུ་ཡིན་ཟེར།

ཀྲུང་གོ་ཧྭ་ནེང་ཚོགས་པ་ཚད་ཡོད་ཀུང་སིས་སྤྱིའི་དཔལ་འབྱོར་པ་གཞོན་པ། ལིས་ལེ་ལུང་གིས་བཤད་རྒྱུར། རིམ་པ་དང་པོའི་ཞུང་ཨན་ཁུལ་གསར་ལ་ཡོང་བའི་ཁ་འགྲེམས་ཀྲུང་དབྱང་ཁེ་ལས་ཞིག་ཡིན་པའི་ངོས་ནས་ང་ཚོའི་འགན་འཁྲི་ཧ་ཅང་ལྗིད། སྒྱུར་བཅོས་གསར་གཏོད་ཀྱིས་སྣེ་ཁྲིད་དེ་ནང་གནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་བ་དང་། སྟོབས་ཤུགས་གཅིག་སྒྲིལ་སྒོས་ཡག་པོ་སྒྲུབ་པ་དང་སྟོབས་ཆེན་སྒྲུབ་ཐུབ་པར་འགན་ཁུར་པ། ཐོན་ལས་ལེགས་བསྒྱུར་བཀོད་འདོམས། ལྗང་མདོག་ཐོན་སྐྱེད་ནུས་ཤུགས་གསོ་སྐྱོང་ཡག་པོ་བྱས་ནས་འཇོན་མི་མང་པོ་ཞུང་ཨན་ཁུལ་གསར་གྱི་ས་གཞི་ཆེན་པོར་གཞི་ཆགས་སུ་འཇུག་དགོས་ཟེར།

ཀུང་སིའི་ཚོམས་ཆེན་རིམ་པ་དང་པོ་རུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞུང་ཨན་ཁུལ་གསར་བཅའ་སྡོད་དང་འཛུགས་སྐྲུན་བྱེད་བཞིན་པའི་ཁ་འགྲེམས་སྡེ་ཚན་གྱི་ལས་བཟོ་པའི་འཐུས་མིར་བྱམས་བརྩེའི་ངང་མཉམ་མྱོང་བརྗེ་རེས་དང་ཚང་མའི་ལས་ཀ་དང་འཚོ་བའི་གནས་ཚུལ་འཚམ་འདྲི་གནང་བ་མ་ཟད། ཚང་མས་ཁུལ་གསར་འཛུགས་སྐྲུན་དང་འཕེལ་རྒྱས་ལ་འབད་བརྩོན་བྱས་པར་ཁས་ལེན་གང་ལེགས་གནང་། ཉེ་བའི་ལོ་ཤས་རིང་ཞུང་ཨན་ཁུལ་གསར་གྱིས་ཁ་འགྲེམས་དང་ལེན་བྱེད་པའི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་ཞིང་། ཀྲུང་དབྱང་ཁེ་ལས་ཀྱི་སྤྱི་ཁྱབ་པུའུ་8ཁ་འགྲེམས་བྱས་ནས་གཞིས་ཆགས་པ། ཀྲུང་དབྱང་ཁེ་ལས་ཀྱི་སྒྲིག་གཞི་400ལྷག་ཙམ་གཅིག་སྡུད་འཕེལ་རྒྱས་བཏང་བ་རེད།

ཀྲུང་གོའི་གཏེར་རྫས་གསེར་རྡོའི་ཁེ་ལས་ཚད་ཡོད་ཀུང་སིའི་རྣམ་གྲངས་དོ་དམ་པུའུ་ཡི་ལས་མི་ཅ་རུའེ་ཆི་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཞུང་ཨན་རུ་ཕེབས་ནས་ང་ཚོར་འཚམ་འདྲི་གནང་བར་དངོས་གནས་སེམས་འགུལ་ཆེན་པོ་ཐེབས་བྱུང་། སྟབས་ལེགས་པ་ཞིག་ལ་ཞུང་ཨན་དང་མཉམ་དུ་འཚར་ལོངས་བྱུང་། ཞུང་ཨན་གྱི་མི་ཡིན་པའི་གཟི་བརྗིད་ཆེ་གི་འདོད་གི  ང་ཚོས་ངེས་པར་དུ་རྒྱལ་ཁབ་ལ་ཞབས་འདེགས་ཞུ་བའི་འཐབ་ཇུས་གལ་ཆེན་ནང་རང་འགུལ་ངང་བྱས་རྗེས་འཇོག་དགོས།  སྤྱི་ཁྱབ་ཧྲུའུ་ཅིས་གསུངས་པ་ལྟར། གོམ་སྟབས་བརྟན་པོའི་ངང་ལས་སྒྲུབ་ལས་གཏོད་བྱས་ཏེ་ང་ཚོས་མཉམ་དུ་མཛེས་སྡུག་ལྡན་པའི་མ་འོངས་པའི་ཞུང་ཨན་བསྐྲུན་དགོས་ཞེས་པ་ནང་བཞིན་རེད་ཟེར།

པེ་ཅིང་གྲོང་ཁྱེར་གྱིས་རོགས་སྐྲུན་བྱས་པའི་པེ་ཅིང་སློབ་འབྲིང་བཞི་པ་ཞུང་ཨན་སློབ་ཁུལ2023ལོའི་ཟླ8པར་སྤྱོད་འགོ་ཚུགས། ད་ལྟ་སློབ་མ380ལྷག་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དམའ་གཅིག་འཛིན་གྲྭ་གཉིས་པའི་སློབ་ཁང་དུ་ཕེབས་ནས་དགེ་སློབ་ཚོ་དང་མཉམ་དུ་ཞལ་བརྡ་གནང་སྟེ་སློབ་སྦྱོང་གི་གནས་ཚུལ་ལ་རྒྱུས་ལོན་མཛད།

པེ་ཅིང་སློབ་འབྲིང་བཞི་པའི་ཞུང་ཨན་སློབ་ཁུལ་གྱི་འགོ་གཙོ་ཧོང་ཁྲུན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིས་བྱིས་པ་ཚོ་ཞུང་ཨན་དུ་སླེབས་རྗེས་གནས་འདིའི་འཚོ་བར་གོམས་མིན་དང་སློབ་གྲྭའི་སློབ་གསོ་དང་སློབ་གྲྭའི་ཁོར་ཡུག་ལ་བློ་ཡིད་ཚིམ་མིན་ཐུགས་ཁུར་ཆེན་པོ་གནང་བཞིན་ཡོད། ང་ཚོས་མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་དྲིན་ཚོར་ཡར་བརྩོན་བྱ་རྒྱུ་ཡིན། ནན་ཏན་གྱིས་པེ་ཅིང་སློབ་འབྲིང་བཞི་པའི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་ཞུང་ཨན་སློབ་ཁུལ་དུ་ཁྱེར་ཡོང་ནས། ཁ་སེམས་གཉིས་མེད་ཀྱིས་སློབ་ཕྲུག་ཚང་མའི་ལུས་སེམས་བདེ་ཐང་ལ་གཅེས་སྐྱོང་བྱེད་རྒྱུ་ཡིན་ཟེར།

སློབ་གྲྭ་དང་ཁ་བྲལ་སྐབས། དགེ་སློབ་ཚོས་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཞུས་པ་དང་སྤྱི་ཁྱབ་ཧྲུའུ་ཅིས་བྱིས་པ་ཚོར་བདེ་སྐྱིད་གཅེས་སྤྲས་དང་འབད་འབུངས་ཡར་བརྩོན་བྱེད་དགོས་པའི་ལྕག་སྐུལ་གནང་བ་རེད། ཞུང་ཨན་ཁུལ་གསར་དང་མཉམ་དུ་འཚར་ལོངས་བྱུང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་མཉམ་དུ་འཕེལ་རྒྱས་འགྲོ་བཞིན་ཡོད།

འབད་བརྩོན་ལྷོད་མེད་དང་། བདེ་ཐང་འཚར་ལོངས་བྱུང་ནས་ང་ཚོའི་ཕུལ་བྱུང་གི་མི་རབས་ཤིག་ཏུ་འགྱུར་དགོས། པེ་ཅིང་སློབ་འབྲིང་བཞི་པའི་ཞུང་ཨན་སློབ་ཁུལ་གྱི་སློབ་མ། ཅའོ་ཡུས་ཞིན་གྱིས་བཤད་རྒྱུར། དྲོ་སྐྱིད་དང་སེམས་འགུལ་ཆེན་པོ་ཐེབས་པ་ཞིག་རེད། སྤོ་བོ་ཞི་ལགས་ཀྱིས་ང་ཚོར་ཐུགས་ཁུར་གནང་བ་ཚོར་བྱུང་། ངས་སྤོ་བོ་ཞི་ལགས་ཀྱི་བཀའ་མངག་སྟོང་ཟད་དུ་མི་གཏོང་བར། ཕུགས་བསམ་དང་དམིགས་འབེན་ལྡན་པའི་དུས་རབས་གསར་པའི་ན་གཞོན་བཟང་པོ་ཞིག་ཏུ་འགྱུར་བར་འབད་བརྩོན་བྱས་ཏེ། ཞུང་ཨན་ཁུལ་གསར་གྱི་འཕེལ་རྒྱས་ལ་རང་ཉིད་ཀྱི་ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཟེར།

པེ་ཅིང་སློབ་འབྲིང་བཞི་པའི་ཞུང་ཨན་སློབ་ཁུལ་དེ་ཞུང་ཨན་ཁུལ་གསར་གྱི་འགོ་འཛུགས་ཁུལ་དུ་གནས། འགོ་འཛུགས་ཁུལ་གྱི་འཆར་འགོད་ཁྱབ་ཁོངས་ལ་སྤྱི་ལེ་གྲུ་བཞི་མ38ཡོད་ལ། དེ་ནི་ཞུང་ཨན་ཁུལ་གསར་འཛུགས་སྐྲུན་གྱི་སྔོན་བསྐྱོད་ས་ཁུལ་གཙོ་བོ་ཡིན།  ད་ལྟ། “སློབ་གྲྭ་གསུམ་དང་གླིང་གཅིག”དང་། ལུས་རྩལ་ལྟེ་གནས། ཞུང་ཨན་དཔེ་མཛོད་ཁང་སོགས་སྤྱི་པའི་ཞབས་ཞུ་སྤུས་ལེགས་སྤྱོད་འགོ་ཚུགས་པ་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ། གསར་གཏོད་ཀྱི་རྒྱུ་རྐྱེན་གཙོ་བོ་གཅིག་བསྡུས་བྱེད་ཚད་ཇེ་མགྱོགས་སུ་བཏང་།

ཞུང་ཨན་ཁུལ་གསར་གྱི་འགོ་འཛུགས་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། ཝང་ཀྲན་ལུང་གིས་བཤད་རྒྱུར། ང་ཚོས་ཞུང་ཨན་ཁུལ་གསར་དེ་པེ་ཅིང་གི་རྒྱལ་ས་མ་ཡིན་པའི་བྱེད་ནུས་ཁ་འགྲེམས་བྱེད་ནུས་གཙོ་བོའི་གཏན་གནས་དམ་པོར་བཟུང་སྟེ། སྤུས་ཚད་མཐོ་བའི་འཛུགས་སྐྲུན་དང་ནུས་ཕྱོད་མཐོ་བའི་བཅོས་སྐྱོང་ལས་དོན་གྱི་བླང་བྱར་དམ་འཛིན་ཡག་པོ་བྱེད་པར་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་དེ་ཚད་གཞི་མཐོན་པོ་དང་སྤུས་ཚད་མཐོ་བའི་སྒོ་ནས་ཞུང་ཨན་ཁུལ་གསར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་དུ་བསྒྱུར་དགོས་ཟེར།

ཞུང་ཨན་ཁུལ་གསར་གྱི་སྤུས་ཚད་མཐོ་བའི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞུང་ཨན་ཁུལ་གསར་འཛུགས་སྐྲུན་དང་འཕེལ་རྒྱས་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་པར་ཁས་ལེན་གང་ལེགས་གནང་སྟེ། ཞུང་ཨན་ཁུལ་གསར་གྱིས་དུས་རབས་གསར་པའི་གསར་གཏོད་ཀྱི་མཐོ་ས་བསྐྲུན་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དཔེ་མཚོན་ལ་ཁ་ཕྱོགས་གསལ་སྟོན་བྱས།

ཞུང་ཨན་ཁུལ་གསར་བཅོས་སྒྱུར་འཕེལ་རྒྱས་ཅུས་ཀྱི་ཅུས་ཀྲང་། ཝང་ཡན་ཝུའེ་ཡིས་བཤད་རྒྱུར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ། མཁའ་དབྱིངས་ཆ་འཕྲིན་དང་མི་ཐབས་རིག་ནུས། རྒྱུ་ཆ་གསར་པ་སོགས་གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་ཁྱུ་ཚོགས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཚན་རྩལ་གསར་གཏོད་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ཐོན་སྐྱེད་ནུས་ཤུགས་གསར་པ་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དེ་ཞུང་ཨན་ཁུལ་གསར་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་གནས་ཚུལ་དངོས་དང་མཐུན་པར་དོན་འཁྱོལ་བྱ་རྒྱུ་ཡིན་ཟེར།

ཞུང་ཨན་སྡེ་ཚོགས་སྐྱེ་ཁམས་འཛུགས་སྐྱོང་ཀུང་སི་བཟོ་སྐྲུན་འཛུགས་སྐྲུན་པུའུ་ཡི་པུའུ་ཀྲང་། ཝང་ཧྥེང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནམ་སྔོ་ཞིང་ཆུ་དྭངས་ལ་ས་གཙང་བའི་མཛེས་སྡུག་ལྡན་པའི་ཞུང་ཨན་འཛུགས་སྐྲུན་བྱེད་དགོས་ཞེས་ནན་གྱིས་བསྟན་ཡོད། ང་ཚོས་ལོ་རྒྱུས་གསར་སྐྲུན་དང་སྒྱུ་རྩལ་བརྩོན་ལེན་བྱེད་པའི་བཟོ་བའི་སྙིང་སྟོབས་རྒྱུན་འཁྱོངས་བྱེད་དགོས་ལ། སེམས་ཤུགས་ཡོད་རྒུ་བཏོན་ནས་གྲོང་ཁྱེར་གྱི་སྤང་ལྗོངས་དང་མཚོ་འགྲམ་གྱི་མཛེས་ལྗོངས་གཏོད་དེ། ཁུལ་གསར་གྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ཇེ་ལེགས་སུ་གཏོང་བ་དང་། བདེ་སྡོད་ལས་འཚམ་གྱི་དེང་རབས་ཅན་གྱི་ཁྱིམ་གཞིས་ཧུར་ཐག་གིས་བསྐྲུན་དགོས་ཟེར།

ཞུང་ཨན་ཁུལ་གསར་དོ་དམ་ཨུ་ཡོན་ལྷན་ཀང་གི་ཀྲུའུ་རེན་གཞོན་པ། ཡུས་གོ་དབྱི་ཡིས་བཤད་རྒྱུར། ང་ཚོས“གཏན་ཕབ་གཉིས”མཐའ་གཅིག་ཏུ་གོང་བཀུར་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ལེགས་པར་སྒྲུབ་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་ནས་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་གཏིང་ཟབ་བྱེད་དགོས་ལ། འགན་འཁྲི་འཁུར་ཕོད་པ་དང་། དོན་འཁྱོལ་དམ་འཛིན་བྱེད་དགོས་པ་མ་ཟད། ཁ་འགྲེམ་གྱིས་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་དང་ཚན་རྩལ་གསར་གཏོད་ལ་སྣེ་ཁྲིད། མི་གྲངས་དང་རྒྱུ་རྐྱེན་གཙོ་བོའི་གཅིག་སྡུད་ཚད་ཇེ་མགྱོགས་སུ་བཏང་སྟེ། ཞུང་ཨན་ཁུལ་གསར་གྱི་སྤུས་ཚད་མཐོ་བའི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་དགོས་ཟེར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། འབྲེལ་ཡོད་ཕྱོགས་སོ་སོས་ཁྱོན་ཡོངས་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་འཛིན་ཤུགས་ཆེ་རུ་བཏང་ནས། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཞུང་ཨན་ཁུལ་གསར་གྱི་སྤུས་ཚད་མཐོ་བའི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་དགོས། རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་འཐབ་ཇུས་ཀྱི་ངེས་ཤུགས་དང་ལོ་རྒྱུས་ཀྱི་ངང་རྒྱུད་རིང་པོ་རྒྱུན་འཁྱོངས་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་བསམ་བློ་བཅིངས་འགྲོལ་དང་། བསམ་ཕྱོགས་རྒྱ་བསྐྱེད། མཐུན་སྦྱོར་ཤུགས་སྣོན། མཉམ་ཤུགས་གཅིག་སྒྲིལ་བཅས་བྱེད་དགོས།

ཐེན་ཅིན་གྲོང་ཁྱེར་ཚན་རྩལ་ཅུས་ཀྱི་པེ་ཅིང་དང་ཐེན་ཅིན། ཧོ་པེ་བཅས་ཀྱི་ཚན་རྩལ་གསར་གཏོད་མཐུན་སྦྱོར་འཕེལ་རྒྱས་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ། ཀོན་ཡུང་གིས་བཤད་རྒྱུར། ང་ཚོས་པེ་ཅིང(པེ་ཅིན་ཐེན་ཅིན་ཧོ་པེ)རྒྱལ་སྤྱིའི་ཚན་རྩལ་གསར་གཏོད་ལྟེ་གནས་རྒྱ་སྐྱེད་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ། པེ་ཅིང་དང་ཐེན་ཅིན་ཧོ་པེ་གསུམ་གྱི་གསར་གཏོད་མུ་ཕྲེང་དང་ཐོན་ལས་མུ་ཕྲེང་། མ་དངུལ་མུ་ཕྲེང་། འཇོན་མིའི་མུ་ཕྲེང་བཅས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས་ལ། ཞུང་ཨན་ཁུལ་གསར་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པ་དང་ལྷན་དུ། འཛམ་གླིང་རིམ་པའི་ཚན་རྩལ་གསར་གཏོད་ཀྱི་འབྱུང་གནས་དང་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཁྱུ་ཚོགས་མཉམ་དུ་བསྐྲུན་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཀོད་པའི་འཕེལ་རྒྱས་ཀྱི་འཆར་གཞི་དེ་མཛེས་སྡུག་ལྡན་པའི་དོན་དངོས་སུ་བསྒྱུར་ཏེ། ལོ་ལྔའི་འཆར་འགོད་བཅོ་ལྔ་བའི་འགོ་ལེགས་པོ་རྩོམ་པ་དང་གོམ་སྟབས་ལེགས་པོ་སྤོ་བར་ཁག་ཐེག་བྱ་དགོས་ཟེར།

པེ་ཅིང་གྲོང་ཁྱེར་སློབ་གསོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། ལི་དབྱི་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་ནས། ང་ཚོས་དགེ་བའི་ཚད་གཞི་དང་པོར་བརྟེན་ནས་པེ་ཅིང་གི་སྔོན་ཐོན་སློབ་གསོའི་འདུ་ཤེས་དང་སྤུས་ལེགས་སློབ་གསོའི་ཐོན་ཁུངས་ཞུང་ཨན་ཁུལ་གསར་ལ་སྐྱེལ་རྒྱུ་དང་། པེ་ཅིང་གི་སློབ་སྒྲུབ་ཉམས་མྱོང་དང་དོ་དམ་གྱི་ཚད་གཞི་ཞུང་ཨན་ཁུལ་གསར་ལ་འདྲེན་རྒྱུ་ཡིན་ལ། སྤེལ་རེས་དང་ཕན་ཚུན་འཚམས་འདྲི་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་བ་དང་། ལས་གནས་དང་འཚམ་པའི་གསོ་སྦྱོང་སྤེལ་ཏེ། པེ་ཅིང་དང་ཐེན་ཅིན། ཧོ་པེ་བཅས་ཀྱི་སློབ་གསོའི་སྤུས་ཚད་མཐོ་བའི་མཐུན་སྦྱོར་འཕེལ་རྒྱས་ལ་བྱས་རྗེས་ལེགས་པོ་འཇོག་རྒྱུ་ཡིན་ཟེར།

རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་སི་ཡི་སི་ཀྲང་། ཝུའུ་ཧྲུའུ་ལིན་གྱིས་བཤད་རྒྱུར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་བྱས་ཏེ། ཞིབ་འཇུག་ཇུས་འགོད་དང་མཐུན་སྦྱོར་དོན་འཁྱོལ་ལ་ཤུགས་བསྣན་ཏེ། ཁག་དབྱེ་དང་འཆར་གཞི་ལྟར་ཀྲུང་དབྱང་ཁེ་ལས་དང་མཐོ་རིམ་སློབ་གྲྭ། སྨན་ཁང་བཅས་ཀྱི་ཁ་འགྲེམས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ལ། ཞུང་ཨན་ཁུལ་གསར་གྱི་སྒྲིག་གཞི་དང་རྐྱེན་སྲོལ་བཅོས་སྒྱུར་ལ་སྐུལ་འདེད་ཤུགས་ཆེན་གཏོང་བར་རྒྱབ་སྐྱོར་བྱས་ཏེ། དུས་རབས་གསར་པའི་གསར་གཏོད་ཀྱི་མཐོ་ས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དཔེ་མཚོན་ཧུར་ཐག་གིས་སྐྲུན་དགོས་ཟེར།