
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཡིས་ཚེས24ཉིན་པེ་ཅིང་དུ་མོང་གོལ་མི་དམངས་ཏང་གི་ཀྲུའུ་ཞི། རྒྱལ་ཁབ་ཀྱི་ཏ་ཧུའུ་ལ་འར་ཀྲུའུ་ཞི་ཝུའུ་ཆི་ཨར་ལེ་ཡིས་སྣེ་ཁྲིད་པའི་མོང་གོལ་མི་དམངས་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།
ཚའེ་ཆི་ཡིས་བསྟན་དོན། ན་ནིང་གི་ཟླ9པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྲིད་འཛིན་ཧུའུ་རི་ལེ་སུའུ་ཧོ་ལ་བདེ་བླག་ངང་མཇལ་འཕྲད་གནང་ནས། ཀྲུང་གོ་དང་མོང་གོལ་འབྲེལ་བའི་སྤྱི་ཡོངས་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་གནད་དོན་ཐད་འབྲེལ་འདྲེས་གཏིང་ཟབ་གནང་སྟེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་ཁ་ཕྱོགས་གསལ་སྟོན་བྱས། ཀྲུང་གོ་དང་མོང་གོལ་ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་གི་ལྟ་བ་ཐུན་མོང་ཐོག་དོན་འཁྱོལ་ལེགས་པོ་བྱེད་དགོས་ལ། ཀྲུང་གོ་དང་མོང་གོལ་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་བྱ་རྒྱུ་མཛུབ་སྟོན་དུ་བཟུང་ནས། སྲིད་འཛིན་ཏང་བར་གྱི་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་དང་། “རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་སོགས་ཀྱི་མཉམ་ལས་ཟབ་སྤེལ་བྱེད་དགོས་ཤིང་། དམངས་སེམས་གཅིག་ཏུ་སྦྲེལ་བར་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱས་ནས། ཀྲུང་མོང་རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཆུ་ཚད་སྔར་བས་མཐོ་རུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས།
ཝུའུ་ཆི་ཨར་ལེ་ཡིས་བསྟན་དོན། ཀྲུང་གོ་དང་མཛའ་མཐུན་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་ནི་མོང་གོལ་གྱི་ཕྱི་འབྲེལ་སྲིད་ཇུས་ཀྱི་བྱེད་ཕྱོགས་དང་པོ་ཡིན། མོང་གོལ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་ནན་མོ་བྱས་ནས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་པོའི་གྲོས་འགོ་གལ་ཆེན་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད། མོང་གོལ་མི་དམངས་ཏང་གིས་ཀྲུང་གོ་གུང་ཁྲན་ཏང་དང་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད།