​ཀྲའོ་ལེ་ཅི་ཡིས་སིང་ག་ཕོར་གྱི་ཙུང་ལི་དང་སི་རི་ལན་ཁའི་གྲོས་གཙོ་ལ་མཇལ་འཕྲད་གནང་།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་ཚེས26ཉིན་གྱི་ཕྱི་དྲོར། ཧའེ་ནན་པོ་ཨའོ་རུ་ཀྲུང་གོར་པོ་ཨའོ་ཡ་གླིང་གླེང་སྟེགས་དང2026ལོའི་ལོ་ཚོགས་ལ་ཞུགས་སུ་ཕེབས་པའི་སིང་ག་ཕོར་གྱི་ཙུང་ལི་ཧོང་ཞིན་ཚའེ་དང་། སི་རི་ལན་ཁའི་གྲོས་གཙོ་ཝུའེ་ཁེ་ལཱ་མ་ལ་ཐེ་ན་ལ་མཇལ་འཕྲད་གནང་།

ཧོང་ཞིན་ཚའེ་དང་མཇལ་འཕྲད་གནང་སྐབས། ཀྲའོ་ལེ་ཅི་ཡིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་སིང་ག་ཕོར་བར་ཕྱོགས་ཡོངས་དང་སྤུས་ཚད་མཐོ་བའི་རྒྱང་ལྟའི་རང་བཞིན་གྱི་གྲོགས་པོའི་འབྲེལ་བར་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་པ་བྱུང་ཡོད། ན་ནིང་སྐུ་ཞབས་ཙུང་ལི་ཡིས་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ35འཁོར་བའི་སྐབས་སུ། དངོས་སུ་ཀྲུང་གོར་འཚམས་འདྲིར་ཕེབས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྱེད་དང་མཇལ་འཕྲད་གནང་ནས། དུས་བབ་གསར་པའི་འོག་ཀྲུང་གོ་དང་སིང་ག་ཕོར་བར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་བར་འཐབ་ཇུས་ཀྱི་ཁ་ཕྱོགས་གསལ་སྟོན་གནང་། ཀྲུང་གོ་ཕྱོགས་ཀྱིས་སིང་ག་ཕོར་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་སིང་ག་ཕོར་གྱི་འབྲེལ་བའི་ཆབ་སྲིད་ཀྱི་རྨང་གཞི་མུ་མཐུད་དུ་ཇེ་བརྟན་དུ་གཏོང་བ་དང་། དཔལ་འབྱོར་ཉོ་ཚོང་དང་། ཚན་རྩལ། མི་ཆོས། ཁྲིམས་འཛུགས་སོགས་ཁྱབ་ཁོངས་ཀྱི་ཆུ་ཚད་མཐོ་བའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་ཤུགས་སྣོན་པ། དམངས་སེམས་གཅིག་མཐུན་ཡོང་བ་བཅས་བྱས་ནས། ལག་གདང་སྦྲེལ་ནས་རང་སོ་སོའི་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་དང་། ཐུན་མོང་ཐོག་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱས་ཏེ། ས་ཁུལ་དང་འཛམ་གླིང་ཞི་བདེ་དར་རྒྱས་ཡོང་ཆེད་སྟོབས་ཤུགས་སྔར་ལས་ཆེན་པོ་འབུལ་འདོད་ཡོད།

ཧོང་ཞུན་ཚའེ་ཡིས་སིང་ཀ་ཕོར་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་གཅིག་ཏུ་ལག་བསྟར་དང་། “ཐའེ་ཝན་རང་བཙན”ལ་ངོ་རྒོལ་བྱས་པ་ཡིན། དཔལ་འབྱོར་དང་། རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན། གསར་དར་ཁྱབ་ཁོངས། ཁྲིམས་འཛུགས། མི་ཚུལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་བདེ་བསྐྲུན་འདོད་ཡོད་ཅེས་བསྟན། ཝེ་ཁེ་ལཱ་མ་ལ་ཐི་ན་ལ་མཇལ་འཕྲད་གནང་སྐབས། ཀྲའོ་ལེ་ཅི་ཡིས་བསྟན་དོན། ན་ནིང་གི་ཟླ་དང་པོར་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་སྲིད་འཛིན་ཏི་ས་ན་ཡ་ཁི་བར་ཀྲུང་སིའི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བ་དང་། ཀྲུང་སིའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུའི་མོས་མཐུན་བྱུང་།  ཀྲུང་གོ་ཕྱོགས་ཀྱིས་སི་རི་ལན་ཁ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ཏེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་དེ“གྲངས་འཛིན་སི་རི་ལན་ཁ”སོགས་ཀྱི་འཆར་འགོད་དང་སྦྲེལ་མཐུད་བྱས་ནས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་དམངས་འདུན་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་འདོད་ཡོད། ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་གྱིས་སི་རི་ལན་ཁའི་གྲོས་ཁང་དང་ལྷན་དུ་ཁྲིམས་འཛུགས་དང་ལྟ་སྐུལ་སོགས་ཀྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་དངོས་སྒྲུབ་མཉམ་ལས་ལ་བཅའ་ཁྲིམས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་འདོད་ཡོད།

ཝུའེ་ཁེ་ལཱ་མ་ལ་ཐེ་ན་ཡིས་སི་རི་ལན་ཁ་དང་ཀྲུང་གོའི་སྲོལ་རྒྱུན་མཛའ་བརྩེའི་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་བརྟན་པོ་ཡིན། སི་རི་ལན་ཁ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་གཅིག་ཏུ་ལག་བསྟར་བྱ་རྒྱུ་ཡིན་པ་དང་། ཀྲུང་གོས་དུས་ཡུན་རིང་པོར་སི་རི་ལན་ཁ་ཕྱོགས་ལ་རིན་ཐང་བྲལ་བའི་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་པ་ཡིན། སི་རི་ལན་ཁའི་གྲོས་ཁང་གིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་བར་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཤུགས་བསྣན་ནས། སི་རི་ལན་ཁ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེའི་མཉམ་ལས་ལ་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།