དྭངས་གསལ་དུས་ཚིགས་སྐབས་སུ་འགྲུལ་པ་མང་པོ་བསུས་ཏེ་འགྲིམ་འགྲུལ་སྡེ་ཁག་གིས་སྐྱེལ་འདྲེན་བྱེད་ཤུགས་ཆེ་རུ་བཏང་།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

​ཚེས4ཉིན་ནི་དྭངས་གསལ་དུས་ཚིགས་ཀྱི་ངལ་གསོའི་ཉིན་དང་པོ་ཡིན་པ་དང་ཕྱིར་སྐྱོད་འགྲུལ་པ་མང་ཤོས་ཀྱི་དུས་སུ་སླེབས། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་སྔོན་རྩིས་ལྟར་ན། ཚེས་བཞི་ཉིན་སྤྱི་ཚོགས་ཡོངས་ཀྱི་ཁུལ་ཁོངས་ལས་བརྒལ་བའི་མི་སྣའི་འཁོར་རྒྱུག་ཚད་ཧ་ལམ་མི་ཐེངས་དུང་ཕྱུར་གཉིས་བྱེ་བ་དགུ་ས་ཡ་དྲུག་ཡིན། 

ཚེས་བཞི་ཉིན་རྒྱལ་ཡོངས་ལྕགས་ལམ་གྱིས་སྔོན་རྩིས་བྱས་པ་ལྟར་ན་འགྲུལ་པ་མི་ཐེངས་བྱེ་བ་གཉིས་ས་ཡ་གཅིག་འབུམ་དགུ་སྐྱེལ་ནས། འགྲུལ་སྐྱེལ་མེ་འཁོར1173མང་དུ་གཏོང་རྩིས་ཡོད། འགྲུལ་པ་ཕྱི་རོལ་དུ་སྐྱོད་པ་དང་དུར་མཆོད་བྱེད་པའི་དགོས་མཁོ་སྐོང་ཆེད། ཀོང་ཀྲིག་དང་ཀྲེང་ཀྲིག ཝུའུ་ཧན་སོགས་སུ་ཚེས་བཞི་ཉིན་ནས་བཟུང་མཚན་མོའི་མྱུར་བགྲོད་ལྕགས་ལམ་དང་མེ་ཏོག་ལ་ལྟ་བའི་མེ་འཁོར་མང་དུ་བཏང་།

ཚེས་བཞི་ཉིན་གཞུང་ལམ་དུ་འགྲོ་སྐྱོད་བྱེད་ཚད་སྔོན་རྩིས་བྱས་ན་གུང་གསེང་ཉིན་གསུམ་གྱི་རྩེ་མོར་སླེབས་ངེས་ལ། རྒྱལ་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་གྱི་རླངས་འཁོར་འགྲོ་འོང་ཚད་སྔོན་རྩིས་བྱས་ན་ཧ་ལམ་བྱེ་བ་དྲུག་ས་ཡ་བཞི་འབུམ་ལྔ་རེད། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ལམ་དྲ་ལྟེ་གནས་ཀྱི་གཞི་གྲངས་ལས་མངོན་པ་ལྟར་ན། སྔ་དྲོའི་ཆུ་ཚོད10པ་ནས་བཟུང་ཁུལ་ཁོངས་སོ་སོའི་ལྟེ་བའི་གྲོང་ཁྱེར་ནས་ཕྱིར་བསྐྱོད་པའི་ཁ་ཕྱོགས་ཀྱི་རླངས་འཁོར་གྱི་འགྲོ་སྐྱོད་ཚད་གཅིག་བསྡུས་རེད། 

རྒྱལ་ཡོངས་དམངས་སྤྱོད་མཁའ་འགྲུལ་གྱིས་ཚེས་བཞི་ཉིན་འགྲུལ་པ་མི་ཐེངས་ས་ཡ་གཅིག་འབུམ་དགུ་ཁྲི་གཉིས་སྐྱེལ་བ་དང་། རྒྱལ་ཡོངས་ཀྱི་ཆུ་ལམ་འགྲུལ་པའི་སྐྱེལ་འདྲེན་ཚད་སྔོན་རྩིས་བྱས་ན་མི་ཐེངས་ས་ཡ་གཅིག་འབུམ་གསུམ་ཁྲི་ལྔ་སྟོང་གསུམ་ཡིན་ལ། དེ་ན་ནིང་གི་དུས་མཉམ་ལས11.7%འཕར་ཡོད། ཆོན་ཀྲིག་མཚོ་འགག་གིས་ཕྱིར་སྐྱོད་ཀྱི་མཐོ་རླབས་བསུས་ཏེ། མཚོ་དོན་སྡེ་ཁག་གིས་ཁ་ལོ་བ་དང་ཡུལ་སྐོར་བར་ཕྱིར་སྐྱོད་མ་བྱས་གོང་སྤ་སེ་ཉོས་ནས་གྲུ་ཁ་བརྒལ་བའི་སྒུག་ཡུན་ཇེ་ཐུང་དུ་གཏོང་བའི་དྲན་སྐུལ་བྱས།