སེམས་ཤུགས་གཅིག་སྒྲིལ་དང་དམ་པ་དོན་གཉེར་གྱིས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ཡག་པོ་ཞིག་འཛུགས་དགོས། 
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་”རྩ་གནད་ལས“དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་ཤུགས་ཆེ་རུ་བཏང་སྟེ། དམངས་ཡོངས་ཀྱི་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་ཏན་ཏིག་གཏོང་བ”དེ་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་གྲས་སུ་བཞག་ཡོད། ཀྲེ་ཅང་དང་བོད་ལྗོངས་ཀྱིས་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པའི་ལས་དོན་ཁག་ལེགས་པོ་སྒྲུབ་པར་ཤུགས་བསྣན་ནས། དམངས་ཕན་གྱི་བྱེད་ཐབས་དོན་འཁྱོལ་བྱས་ནས། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་།

ཀྲེ་ཅང་གིས་རྩ་བའི་སྤྱི་པའི་ཞབས་ཞུ་གཞི་གཅིག་ཅན་གྱི་བཅོས་བསྒྱུར་ལ་སྐུལ་འདེད་གཏིང་ཟབ་བཏང་། 

དུས་ཡུན་འདིའི་རིང་། ཀྲེ་ཅང་གིས་ཞིང་ཆེན་ཡོངས་སུ་གཞི་རིམ་གྱི་གསར་གཏོད་ཉམས་མྱོང་དང་བྱེད་ཐབས་ཁག39བསྟུད་མར་ཁྱབ་གདལ་དུ་བཏང་སྟེ། ཚོད་ལྟའི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་དང་ལས་བཟོ་བར་ཁུལ་ཁོངས་བརྒལ་བ་དང་རིམ་པ་བརྒལ་བ། སློབ་མཚམས་ལས་བརྒལ་བ། སློབ་གྲྭ་བརྒལ་བའི་སྒྲིག་ཁོངས་བཅས་ཀྱི་འགུལ་རྣམ་སྙོམས་སྒྲིག་བྱས་ནས། དམངས་ཡོངས་ལ་ཁྱབ་པ་དང་། མཁར་གྲོང་གཞི་གཅིག་ཅན། མཉམ་ལས་ལས་ཕྱོད་མཐོ་བ་བཅས་ཀྱི་མཉམ་ཕྱུག་རྣམ་པའི་སྲུང་སྐྱོབ་ལམ་ལུགས་མ་ལག་ཅིག་རིམ་བཞིན་གྲུབ། “རིག་ནུས་འཁོར་རྒྱུག་སྨན་ཁང་”གི་སྐོར་སྐྱོད་ནད་བརྟག་སྨན་བཅོས་དང་ནད་བརྟག་སྨན་བཅོས་རླངས་འཁོར་གསར་གཏོད་བྱས་ནས་བཏོན་ཏེ། འཕྲོད་བསྟེན་ཁང་བཙུགས་མེད་པའི་ཐག་རིང་ལུང་ཁུག་གི་སྲིད་འཛིན་སྡེ་བ་རུ་དུས་ཚོད་དང་གནས་གཏན་འཁེལ་བྱས་ནས་བསྐྱོད་དེ། “སྨན་པ་བསྟེན་པ་དང་། བརྟག་དཔྱད། རྩིས་རྒྱག སྨན་ལེན་པ”བཅས་གཅིག་འཐུས་རྣམ་པའི་ཞབས་ཞུ་མངོན་འགྱུར་བྱུང་། 

བཅར་ལན། ཀྲེ་ཅང་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། ཀྲུའུ་ཝེ་ཡིས་བཤད་རྒྱུར། 

“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རིང་ང་ཚོས་གཏན་འཇགས་དང་འཁོར་རྒྱུག སྦྲེལ་དྲ། མི་ཐབས་རིག་ནུས་བཅས་ཀྱི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་རྣམ་པ་མུ་མཐུད་དུ་འཐུས་ཇེ་ཚང་དུ་གཏོང་རྒྱུ་ཡིན་ལ། སྐོར་སྐྱོད་ནད་བརྟག་སྨན་བཅོས་ས་ཚིགས་ཀྱི་བཀོད་པ་སྔར་བས་ཇེ་ལེགས་སུ་བཏང་ནས། དུས་བཅད་གཞན་བསྟེན་དང་རྒྱང་བརྟེན་ནད་དཔྱད། སྒོ་ཁར་ཡོང་ནས་ཞབས་ཕྱི་བྱེད་པ། རྩ་བའི་སྤྱི་པའི་འཕྲོད་བསྟེན་སོགས་རྣམ་གྲངས་མངོན་འགྱུར་བྱས་ནས། དམངས་ཕན་སྨན་བཅོས་ཞབས་ཕྱི་གཞི་རིམ་གྱི་མཇུག་མཐའི་སྤྱི་ལེ་གཅིག་ལ་ཐོན་དུ་འཇུག་རྒྱུ་ཡིན། 

ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རྩ་གནད་ལས་བཏོན་དོན། རྩ་བའི་སྤྱི་པའི་ཞབས་ཞུའི་དོ་མཉམ་རང་བཞིན་དང་སྤྱོད་འཐུས་རང་བཞིན་ཆེ་རུ་གཏོང་དགོས་ལ། རྩ་བའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་ལ་སྔར་བས་དངོས་ཡོད་རང་བཞིན་གྱི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རིང་། ཀྲེ་ཅང་གིས་རྩ་བའི་སྤྱི་པའི་ཞབས་ཞུ་གཞི་གཅིག་ཅན་གྱི་བཅོས་བསྒྱུར་ལ་སྐུལ་འདེད་ཏན་ཏིག་བཏང་ནས། མི་འབོར་གྱི་འགྱུར་ལྡོག་དང་ཕན་ཚུན་མཐུན་སྦྱོར་ཡོང་བའི་རྨང་གཞིའི་སློབ་གསོ་དང་གཞི་རིམ་གྱི་སྨན་བཅོས། རྒན་གསོའི་ཞབས་ཞུ། ལུས་རྩལ་ལུས་སྦྱོང་སོགས་སྒྲིག་བཀོད་ཀྱི་བཀོད་པ་འཐུས་ཚང་དུ་གཏོང་རྒྱུ་ཡིན་ལ། ཀུན་ཕན་རྣམ་པའི་རྒན་གསོའི་སྒྲིག་གཞི་འཛུགས་སྐྲུན་ལ་སྐུལ་འདེད་དང་རྫོང་སོགས་ཁྱབ་ཁོངས་ཡོངས་ལ་ཁྱབ་པར་བྱས་ཏེ། མང་ཚོགས་ཀྱི་ཡིད་ཚིམ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་རྒྱུ་རེད། 

 བཅར་ལན། ཀྲེ་ཅང་ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ། ལུའུ་ཝུའེ་ལེ་ཡིས་བཤད་རྒྱུར། 

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་དེང་རབས་ཅན་ནི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བའི་དེང་རབས་ཅན་ཞིག་ཡིན་ཞེས་བསྟན། “ལོ་ལྔའི་འཆར་འགོད་བཅོ་ལྔ་བའི”དུས་སྐབས་སུ། ང་ཚོས་དོན་ཆུང་ནས། དམངས་འཚོ་ཆེན་པོའི”བཅོས་བསྒྱུར་ལག་ལེན་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུ་ཡིན། 

བོད་ལྗོངས་ཀྱིས་དམངས་འཚོའི་རྣམ་གྲངས་མྱུར་དུ་སྒྲུབ་སྟེ། ངེས་པ་དོན་གྱིས་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱས།

ཉིན་ཤས་སྔོན། བོད་ལྗོངས་ཀྱི་དམངས་འཚོའི་རྣམ་གྲངས་སྣ་ཚོགས་གོ་རིམ་ལྡན་པའི་ངང་སྤེལ་ནས། སྤྱི་པའི་ཞབས་ཞུའི་ཐོན་ཁུངས་སྤུས་ལེགས་གཞི་རིམ་དུ་སྐྱོད་པར་བསྟུད་མར་སྐུལ་འདེད་བཏང་། རྒྱལ་ཁབ་ཀྱི་ཁུལ་ཁོངས་སྨན་བཅོས་ལྟེ་གནས་རྣམ་གྲངས་སྐོར་བཞི་པའི་ནང་བཅུག་པའི་སི་ཁྲོན་སློབ་ཆེན་ཧྭ་ཞི་སྨན་ཁང་བོད་ལྗོངས་སྨན་ཁང་དང་སི་ཁྲོན་སློབ་ཆེན་ཧྭ་ཞི་སྨན་ཁང་གཉིས་པའི་བོད་ལྗོངས་སྨན་ཁང་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་ཀྱིན་ཡོད་ལ། འཛུགས་སྐྲུན་ཚར་རྗེས་ས་གནས་དེ་གའི་མང་ཚོགས་ཀྱི་ཞིང་ཆེན་བརྒལ་ནས་སྨན་བཅོས་བྱེད་པའི་ཁུར་པོ་ཇེ་ཡང་དུ་བཏང་ནས། མཐོ་སྒང་ས་ཁུལ་གྱི་སྤུས་ལེགས་སྨན་བཅོས་ཐོན་ཁུངས་ཀྱི་ཞན་ཆ་ནུས་ལྡན་ངང་གསབ་ཐུབ། 

བཅར་ལན། སི་ཁྲོན་སློབ་ཆེན་ཧྭ་ཞི་སྨན་ཁང་བོད་ལྗོངས་སྨན་ཁང་གི་ལག་བསྟར་ཡོན་ཀྲང་། ཅང་ཡའོ་ཝུན་གྱིས་བཤད་རྒྱུར། 

ང་ཚོས་མཐོ་སྒང་ས་ཁུལ་དུ་འབྱུང་མང་པོའི་ནད་རིགས་ལ་དམིགས་ཏེ། རིག་ཚན་གཙོ་བོའི་དགེ་མཚན་ལ་བརྟེན་ནས། འཕྲལ་བཅོས་མྱུར་སྐྱོབ་མ་ལག་གི་ཕན་འབྲས་སྔར་བས་མཐོ་བ་ཞིག་འཛུགས་རྒྱུ་ཡིན། དུས་ཡུན་རིང་བོའི་མངགས་སྡོད་བརྒྱུད་དེ། ཧྭ་ཞི་སྨན་བཅོས་ཚོགས་པ་དང་། སྐོར་སྐྱོད་སྨན་བཅོས། འོས་འགན་སྨན་བཅོས། རྒྱང་བསྟེན་གཤགས་བཅོས་བཅས་ཀྱི་ཞབས་ཞུ་མང་ཚོགས་ཀྱི་སྒོ་འགྲམ་དུ་སྐྱེལ་རྒྱུ་ཡིན།

“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་སུ། བོད་ལྗོངས་ཀྱིས་མཁར་གྲོང་སྡོད་དམངས་ཀྱི་འབབ་འཕར་ལ་སྐུལ་འདེད་གཏོང་བ་དང་རྩ་བའི་སྤྱི་པའི་ཞབས་ཞུ་ལེགས་བསྒྱུར་བྱེད་པའི་ཐད་མཉམ་དུ་ཤུགས་འདོན་རྒྱུ་ཡིན་པ་དང་། ལས་ཞུགས་ཐབས་ལམ་རྒྱ་བསྐྱེད་པ་དང་ལས་ཞུགས་བྱེད་མཁན་གཅིག་ཀྱང་མེད་པའི་ཁྱིམ་ཚང་་གི་འགུལ་རྣམ་གཙང་སེལ་སྲ་བརྟན་དུ་གཏོང་བ། རྒུད་གསབ་ལས་སྤྲོད་ཁྱབ་གདལ་གཏོང་བ་བཅས་བརྒྱུད་དེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱིའི་ལས་ཞུགས་བྱེད་ཚད་མཐོ་རུ་གཏོང་བ་དང་། མཁར་གྲོང་སྡོད་མིའི་ཡོང་འབབ་བརྟན་པོའི་ངང་འཕར་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད། དེ་དང་མཉམ་དུ། རྫོང་ཁོངས་ཀྱི་སྨན་བཅོས་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ས་ཁུལ་དང་གྲོང་ཁྱེར་གྱི་ཀུན་ཕན་བཅོལ་གསོ་ཡོངས་སུ་ཁེབས་པར་བྱེད་པ། སྡེ་བའི་བུ་བཅོལ་ཁང་དང་ཞིང་སྡེའི་བདེ་སྐྱིད་གླིང་སྐོར་ཞིག་གསར་སྐྲུན་བྱས་ནས། སློབ་གསོ་དང་སྨན་བཅོས། རྒན་པ་དང་བྱིས་པའི་ལྟ་སྐྱོང་སོགས་དམངས་འཚོ་འགན་སྲུང་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་རྒྱུ་རེད།

བོད་རང་སྐྱོང་ལྗོངས་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཝང་ཅིང་ཚའེ་ཡིས་བཤད་རྒྱུར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཡོངས་ཚོགས་ཆེན་གཉིས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱིས་ང་ཚོར་གཞི་འཛིན་ས་གལ་ཆེན་འདོན་སྤྲོད་བྱས། ང་ཚོས་དམངས་འཚོ་ལེགས་བཅོས་བྱ་རྒྱུ་རྒྱུན་འཁྱོངས་དང་། མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་བྱ་བ་མཐའ་དག་གི་འགོ་འཛུགས་ས་དང་རྐང་འཛུགས་སར་བརྩི་བ་དང་། ལས་ཞུགས་འབབ་འཕར་དང་སློབ་གསོའི་སྤུས་ཚད་མཐོར་འདེགས། སྨན་བཅོས་འཕྲོད་བསྟེན། སྤྱི་ཚོགས་འགན་སྲུང་། རྒན་གསོ་བུ་བཅོལ་སོགས་ཁྱབ་ཁོངས་ལ་དམིགས་ནས་གནད་འཁེལ་ཤུགས་འདོན་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་གྱི་གྲུབ་འབྲས་དེ་བས་མང་པ་དང་དེ་བས་དྲང་གཞག་སྒོས་རིགས་སོ་སོའི་མང་ཚོགས་ལ་ཕན་འདོགས་པར་སྐུལ་འདེད་གཏོང་རྒྱུ་ཡིན།