
ཟླ4པའི་ཚེས7ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཨ་ཨར་པ་ཉི་སི་ལ་ཞལ་པར་བསྐྱོན།
ལི་ཆང་གིས། དེང་སྐབས་རྒྱལ་སྤྱིའི་གནས་བབ་ཟང་ཟིང་དུ་གྱུར་ཡོད། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡ་ནི་ཕན་ཚུན་གྱི་མཉམ་ལས་གྲོགས་པོ་གལ་ཆེན་ཡིན་པས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཡང་དག་ཁ་ཕྱོགས་དམ་འཛིན་དང་། རྣམ་པ་བཟང་པོ་ཧུར་ཐག་གིས་གཏོད་པ་དང་སྲུང་སྐྱོང་བྱས་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་དང་མཉམ་ལས་ལེགས་ཕྱོགས་སུ་འཕེལ་ཚུལ་སྲ་བརྟན་དུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨོ་སི་ཁྲུ་ལི་ཡ་ཕྱོགས་དང་མཉམ་དུ་ན་ནིང་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཞབས་ཙུང་ལི་བར་གྲོས་མཐུན་བྱུང་བའི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་པ་དང་། མཐོ་རིམ་འགྲོ་འོང་སྲུང་འཛིན་དང་། འབྲེལ་གཏུག་དང་མཐུན་སྦྱོར་ལ་ཤུགས་སྣོན་པ། ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། དཔལ་འབྱོར་ཉོ་ཚོང་དང་ལྗང་མདོག་སོགས་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་ཟབ་སྤེལ་བྱེད་པ། ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་ལ་མཉམ་དུ་སྲུང་སྐྱོང་བྱེད་པ། རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་ལ་སྒུལ་ནུས་སྔར་ལས་མང་པོ་བསྩལ་ཏེ་ས་ཁུལ་དང་འཛམ་གླིང་ལ་བརྟན་བརླིང་རང་བཞིན་སྔར་ལས་མང་པོ་འདོན་སྤྲོད་བྱེད་འདོད་པ་བསྟན།
ཨ་ཨར་པ་ཉི་སི་ཡིས། དེང་སྐབས་ཀྱི་གནས་བབ་འོག ཨོ་སི་ཁྲུ་ལི་ཡ་དང་ཀྲུང་གོ་བར་གྱི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུ་ནི་ལྷག་ཏུ་གལ་འགངས་ཆེ། ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་དང་། ཀྲུང་གོ་ཕྱོགས་དང་མཐོ་རིམ་འགྲོ་འོང་ལ་ཤུགས་སྣོན་དང་། དཔལ་འབྱོར་ཉོ་ཚོང་དང་མི་ཚུལ་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་རྒྱ་སྐྱེད་གཏོང་བ། ཕྱོགས་མང་མཐུན་སྦྱོར་ལ་ཤུགས་བསྣན་ཏེ་ཨོ་ཀྲུང་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་པ་བསྟན།