
ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་དང་། ཞི་ཨན་འགྲིམ་འགྲུལ་སློབ་ཆེན། ལྷོ་ནུབ་འགྲིམ་འགྲུལ་སློབ་ཆེན། པེ་ཅིང་འགྲིམ་འགྲུལ་སློབ་ཆེན་བཅས་ཀྱིས་སློབ་གྲྭ་བཙུགས་ནས་ལོ130འཁོར་བ་བསུ་བའི་སྐབས་འདིར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་གྲྭ་བཞིའི་དགེ་སློབ་ཡོངས་ལ་འཕྲིན་ལན་སྤྲིངས་ནས་རྟེན་འབྲེལ་ཞུས་པ་མ་ཟད་ཐུགས་རེ་ཟབ་མོ་བཏོན་པ་དང་། ཚང་མར་ཧྲང་ཧའེ་ནས་ཞི་ཨན་དུ་གནས་སྤོས་པའི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་ནས། སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་དང་ཚན་རྩལ་རྒྱལ་ཁབ་སྟོབས་ལྡན། འཇོན་མིའི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་ཆེད་བྱས་རྗེས་འཇོག་དགོས་པའི་སྐུལ་ལྕག་གནང་། སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་དེར་སློབ་གྲྭ་བཞིའི་དགེ་སློབ་དང་རྒྱ་ཆེའི་སློབ་གསོ་ཚན་རྩལ་ལས་སྒྲུབ་པས་དོ་སྣང་ཆེན་པོ་བྱས་པ་དང་། ཚང་མས་མངགས་བཅོལ་ཟབ་མོ་སྟོང་ཟད་དུ་མི་གཏོང་བར། དུས་རབས་ཀྱི་འགན་འཁྲི་ལྕི་མོ་འཁུར་ནས། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ཆེད་བློ་གྲོས་དང་སྟོབས་ཤུགས་འབུལ་རྒྱུ་ཡིན་པ་བསྟན།
ཞི་ཨན་འགྲིམ་འགྲུལ་སློབ་ཆེན་གྱི་ཧྲང་ཧའེ་ནས་ཞི་ཨན་དུ་གནས་སྤོས་པའི་རྟེན་མཛོད་ཁང་དེས་ལོ་བདུན་ཅུའི་སྔོན་ལ་འགྲིམ་འགྲུལ་སློབ་ཆེན་གྱི་དགེ་སློབ་ཚོས་རྒྱལ་ཁབ་ཀྱི་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་ཆེད། སྤྱི་ཡོངས་ལ་དམིགས་ནས་དཀའ་སྤྱད་ལས་བསྐྲུན་བྱས་པའི་ལོ་རྒྱུས་ཀྱི་རླབས་ཆེའི་བྱ་སྤྱོད་བདེན་དཔང་བྱས་ཡོད། ལོ་དྲུག་གི་སྔོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གནས་དེར་ཕེབས་ཤིང་། ད་ལྟ། སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་ནང་སླར་ཡང་ཧྲང་ཧའེ་ནས་ཞི་ཨན་དུ་གནས་སྤོས་པའི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས་པ་ནན་བཤད་གནང་བར་འགྲིམ་འགྲུལ་སློབ་ཆེན་བཞི་ཡི་དགེ་སློབ་ཡོངས་ལ་སྐུལ་ལྕག་ཟབ་མོ་ཐེབས།
ཞི་ཨན་འགྲིམ་འགྲུལ་སློབ་ཆེན་གྱི་ཧྲང་ཧའེ་ནས་ཞི་ཨན་དུ་གནས་སྤོས་པའི་དགེ་རྒན་ཆེན་མོ་ཧུའུ་ནའེ་སའེ(ལོ་92)ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འགྲིམ་འགྲུལ་སློབ་ཆེན་བཞིའི་དགེ་སློབ་ཡོངས་ལ་སྤྲིངས་པའི་འཕྲིན་ལན་སློབ་སྦྱོང་བྱས་པས། སེམས་འགུལ་ཚད་མེད་ཐེབས། ལོ་དྲུག་གི་སྔོན། སྤྱི་ཁྱབ་ཧྲུའུ་ཅིས་ཧྲང་ཧའེ་ནས་ཞི་ཨན་དུ་གནས་སྤོས་པའི་རྟེན་མཛོད་ཁང་དུ་ང་ཚོར་མཇལ་འཕྲད་གནང་བ་མ་ཟད། འགྲིམ་འགྲུལ་སློབ་ཆེན་གྱི་རྒྱ་ཆེའི་དགེ་སློབ་ཚོས་འཐབ་ལམ་གསར་པའི་སྟེང་། ང་ཚོའི་མི་རབས་ལ་དབང་བའི་ལོ་རྒྱུས་ཀྱི་བྱས་རྗེས་འཇོག་དགོས་པའི་སྐུལ་ལྕག་གནང་། འགྲིམ་འགྲུལ་སློབ་ཆེན་གྱི་ཧྲང་ཧའེ་ནས་ཞི་ཨན་དུ་གནས་སྤོས་མཁན་ཞིག་ཡིན་པའི་ངོས་ནས། ང་ཚོས་ལོ130སྔོན་རྒྱལ་ཁབ་ཀྱི་དོན་དུ་སློབ་གྲྭ་བཙུགས་པ་དང་ལོ70ཡི་སྔོན་ཀྲུང་གོ་གསར་པ་འཛུགས་སྐྲུན་བྱེད་ཆེད་སློབ་གྲྭ་གནས་སྤར་བའི་ཐོག་མའི་བསམ་འདུན་མ་བརྗེད་པར། ད་ལྟའི་སློབ་གསོ་དང་ཚན་རྩལ། འཇོན་མི་བཅས་ཀྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་འགན་འཁྲི་བློ་ལ་བརྟན་པོར་ངེས་དགོས།
ཞི་ཨན་འགྲིམ་འགྲུལ་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ལུའུ་ཅན་ཅུན་གྱིས་བཤད་རྒྱུར། ཧྲང་ཧའེ་ནས་ཞི་ཨན་དུ་གནས་སྤོས་པའི་སྙིང་སྟོབས་ཀྱི་སྲོག་ཤིང་ནི་རྒྱལ་གཅེས་རིང་ལུགས་ཡིན་པ་དང་། སྙིང་བཅུད་ནི་ཏང་གི་བཀོད་འདོམས་ལ་ཉན་ནས་ཏང་གི་རྗེས་སུ་འབྲངས་རྒྱུ་དང་། ཏང་དང་རྒྱལ་ཁབ་དང་མི་རིགས། མི་དམངས་བཅས་བསམ་ཕྱོགས་གཅིག་གི་སྒོ་ནས་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུ་དེ་ཡིན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་གྱི་བླང་བྱ་ལྟར“ཏང་གི་བཀོད་འདོམས་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་པའི”ཧྲང་ཧའེ་ནས་ཞི་ཨན་དུ་གནས་སྤོས་པའི་སྙིང་སྟོབས་མུ་མཐུད་དུ་རྒྱུན་འཛིན་བྱས་ནས། “སློབ་སྦྱོང་དངོས་བྱེད་པ་དང་ལས་དོན་དངོས་གཉེར”བའི་སློབ་གཉེར་དམིགས་ཡུལ་རྒྱུན་འཁྱོངས་བྱས་ནས་སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་དང་། ཚན་རྩལ་རྒྱལ་ཁབ་སྟོབས་ལྡན། འཇོན་མིའི་རྒྱལ་ཁབ་སྟོབས་ལྡན་བཅས་བསྐྲུན་པར་སྐུལ་འདེད་བཏང་ནས་ང་ཚོས་འགྲིམ་འགྲུལ་སློབ་ཆེན་གྱིས་དུས་རབས་གསར་པར་བྱས་རྗེས་གལ་ཆེན་འཇོག་རྒྱུ་ཡིན་ཟེར།
ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་རྩིས་འཁོར་སློབ་གླིང་གི་འབུམ་རམས་པའི་སློབ་མ་ཐང་ལིང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གྱིས་འགྲིམ་འགྲུལ་སློབ་ཆེན་གྱི་སློབ་མ་ཡོངས་ལ་སྐུལ་ལྕག་ཆེན་པོ་ཐེབས་ཤིང་། ང་ཚོ་ཏང་དང་བློ་སེམས་གཅིག་མཐུན་ངང་རྒྱལ་ཁབ་དང་མཉམ་དུ་སྐྱོད་པའི་དད་སེམས་དང་ཆོད་སེམས་སྔར་བས་ཇེ་བརྟན་དུ་སོང་བ་མ་ཟད། དུས་རབས་གསར་པའི་འགྲིམ་འགྲུལ་སློབ་ཆེན་གྱི་སློབ་མ་ཞིག་ཡིན་པའི་ངོས་ནས། ང་ཚོས་མངགས་བཅོལ་ཟབ་མོ་དེ་འགུལ་སྐྱོད་ལ་བསྒྱུར་ནས་ཧྲང་ཧའེ་ནས་ཞི་ཨན་དུ་གནས་སྤོས་པའི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་ནས། སྤྱི་ཚོགས་ཀྱི་ལག་ལེན་དང་ཚན་རྩལ་གསར་གཏོད་ནང་ཞུགས་ཏེ། རྒྱལ་ཁབ་སྟོབས་ལྡན་བསྐྲུན་ནས་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་འགན་འཁུར་རྒྱུ་ཡིན་ཟེར།
སློབ་གྲྭ་བཞི་རྩ་བ་གཅིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲིན་ལན་ནང་རྒྱ་ཆེའི་དགེ་སློབ་རྣམས་ཀྱིས“སློབ་སྦྱོང་དངོས་བྱེད་པ་དང་ལས་དོན་དངོས་གཉེར”བའི་སློབ་སྒྲུབ་རྩ་དོན་རྒྱུན་བསྐྱངས་ནས། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་གྱི་དགོས་མཁོར་དམིགས་ནས། ཚན་རྩལ་རང་བརྟེན་གསར་གཏོད་དང་འཇོན་མི་རང་བདག་གིས་སྐྱེད་སྲིང་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ཐོན་སློབ་ཞིབ་གསུམ་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བའི་ཐད་ཐོལ་བརྒལ་སྔར་ལས་མང་བ་ཡོང་བར་བྱེད་དགོས་པའི་ཕུགས་རེ་བཏོན། ཐུགས་ཁུར་དང་སྐུལ་ལྕག་དེ་དག་སློབ་ཁང་དང་ཚོད་ལྟ་ཁང་དུ་བརྒྱུད་སྤྲོད་བྱས་ནས། དུས་ཚོད་ཀྱིས་མི་སྒུག་པ་དང་ནུས་ཤུགས་ཡོད་རྒུས་འགག་སྒྲོལ་བྱེད་པའི་བརྗིད་ཆེའི་སྒུལ་ཤུགས་སུ་གྱུར།
ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་གྲུ་གཟིངས་རྒྱ་མཚོ་དང་ཨར་ལས་བཟོ་སྐྲུན་སློབ་གླིང་གི་དགེ་རྒན་ཆེན་མོ། མཚོ་ཐོག་ཚན་རིག་སྒྲིག་ཆས་ཞིབ་འཇུག་ལས་སྟེགས་ལས་གཞིའི་སྤྱི་ཁྱབ་བཟོ་བཀོད་པ་ཞའོ་ལུང་ཧྥེ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གྱིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་མཐོ་ཚད་ནས་རང་རྒྱལ་གྱི་མཐོ་རིམ་སློབ་གསོའི་འགན་འཁྲི་དང་ལས་འགན། སློབ་སྒྲུབ་ཁ་ཕྱོགས། རིན་ཐང་འཚོལ་སྙེག་ཞིབ་བརྗོད་གནང་ནས། ང་ཚོས་མུ་མཐུད་དུ་འབད་བརྩོན་བྱེད་པར་ཁ་ཕྱོགས་གསལ་སྟོན་གནང་ཡོད་པས། ང་ཚོས་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་གྱི་དགོས་མཁོར་དམིགས་ནས“མཚོ་ཐོག་ཚན་རིག་སྒྲིག་ཆས་ཞིབ་འཇུག་ལས་སྟེགས”རྒྱལ་ཁབ་ཀྱི་ཚན་རྩལ་རྨང་གཞིའི་སྒྲིག་བཀོད་གལ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་དང་། མཚོ་ཐོག་ཚན་རིག་ཞིབ་འཇུག་སོགས་ཀྱི་ལས་འགན་གལ་ཆེན་ཁུར་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འགྲིམ་འགྲུལ་སློབ་ཆེན་གྱི་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།
ལྷོ་ནུབ་འགྲིམ་འགྲུལ་སློབ་ཆེན་གྱི་དབུ་བཞུགས་དགེ་རྒན་ཆེན་མོ། ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི་ཀྲའེ་ཝན་མིང་གིས་བཤད་རྒྱུར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་དགོངས་དོན་དེ་མཛུབ་ཁྲིད་དུ་བྱས་ནས།“གནམ་ས་འདེགས་ཐུབ་པའི”ཚན་ཞིབ“འགན་འཁྲི་ཆེན་པོ་འཁུར་ཕོད་པའི”འཇོན་མི་གསོ་སྐྱོང་བྱེད་དགོས་པ་དང་། ཐོག་མཐའ་བར་གསུམ་དུ་ཚན་ཞིབ་ལས་གཞི་གལ་ཆེན་དེ། ཞིབ་འཇུག་སློབ་མས་རྒྱུན་འཁྱོངས་བྱེད་པའི“དམག་སྦྱོང་ར་བར”བཟུང་ནས་འཇོན་མིའི་མུ་ཕྲེང་དང་གསར་གཏོད་མུ་ཕྲེང། ཐོན་ལས་མུ་ཕྲེང་བཅས་མཉམ་འདྲེས་གཏིང་ཟབ་བྱས་ནས་སློབ་མར་དཀའ་གནད་སེལ་བའི་ཁྲོད་འཇོན་ནུས་དངོས་སྦྱོང་བརྡར་ཐུབ་པ་བྱེད་དགོས་ཟེར།
པེ་ཅིང་འགྲིམ་འགྲུལ་སློབ་ཆེན་གྱི་སྔོན་ཐོན་ལྕགས་ལམ་འགྲིམ་འགྲུལ་རང་བརྟེན་འཁོར་སྐྱོད་ཀྱི་རྒྱལ་ཡོངས་གཙོ་གནད་ཚོད་ལྟ་ཁང་གི་དབུ་བཞུགས་ཚན་རིག་པ་ཐང་ཐའོ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོས་ང་ཚོར་ལྕག་སྐུལ་ཆེན་པོ་གནང་ཡོད་པས། ང་ཚོས་འགྲིམ་འགྲུལ་སློབ་ཆེན་གྱི“བདེན་འཚོལ་དངོས་སྒྲུབ་ལས་རིགས”ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཁྱོངས་སྒོས“གནད་དོན་དངོས་ཤེས་རྟོགས་དང་ཞིབ་འཇུག་དངོས་སྤེལ་བ། གྲུབ་འབྲས་དངོས་བསྐྲུན་པ། བཀོལ་སྤྱོད་དངོས་ར་སྤྲོད”བཅས་རྒྱུན་འཁྱོངས་བྱས་ཏེ། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་དགོས་པ་དང་། རིག་ནུས་མེ་འཁོར་འཁོར་སྐྱོད་ཚོད་འཛིན་སོགས་འགག་རྩའི་ལག་རྩལ་གཙོ་བོར་དམིགས་ཏེ། ཐོན་སློབ་ཞིབ་གསུམ་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་བཏང་ནས། དཔྱད་རྩོམ་མེས་རྒྱལ་གྱི་ས་གཞི་ཆེ་མོའི་སྟེང་འབྲི་རྒྱུ་ཡིན་ཟེར།
སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་ལ་རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭ་རུའང་གཅིག་མཐུན་གྱི་ལྟ་བ་དྲག་པོ་བྱུང་ཡོད། ཚང་མས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་སྒོས་སློབ་གསོ་དང་ཚན་རྩལ། འཇོན་མི་བཅས་གཞི་གཅིག་ཏུ་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏིང་ཟབ་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་འཐབ་ལམ་གསར་པའི་ཁྲོད་སྔར་ལས་སྟོབས་ཤུགས་འདོན་དགོས།
“ཞི་ཧོ་རྟགས་ཅན”གྱི་ཚན་རིག་དང་ཉེར་སྤྱོད་མ་ལག་གི་སྤྱི་ཁྱབ་ཇུས་འགོད་པ། ནན་ཅིང་སློབ་ཆེན་གནམ་དཔྱད་དང་བར་སྣང་ཚན་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་ལི་ཁྲོན་གྱིས་བཤད་རྒྱུར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་དེ་འགུལ་སྐྱོད་དངོས་སུ་བསྒྱུར་ནས། བར་སྣང་ཚན་རིག་ཁྱབ་ཁོངས་ཀྱི་རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོ་གལ་ཆེན་ལ་དམིགས་ཏེ། ཉི་མའི་དངོས་ལུགས་ཀྱི་མདུན་གྲལ་དུ་འཚོལ་ཞིབ་བྱེད་པའི་ཁྲོད། གསར་གཏོད་རང་བཞིན་གྱི་ཚན་རིག་གྲུབ་འབྲས་སྔར་ལས་མང་པོ་བརྩོན་ལེན་བྱས་ཏེ། རྒྱལ་ཁབ་ཀྱི་མཁའ་བསྐྱོད་དང་འཕྲིན་གཏོང་སོགས་ལག་རྩལ་མཐོ་བའི་ཁྱབ་ཁོངས་ཀྱི་འཐབ་ཇུས་བདེ་འཇགས་ལ་ལྕགས་རི་བརྟན་པོ་བསྐྲུན་རྒྱུ་ཡིན་ཟེར།
ཀྲེ་ཅང་སློབ་ཆེན་གྱི་ཆ་འཕྲིན་དང་གློག་རྡུལ་བཟོ་སྐྲུན་སློབ་གླིང་གི་དགེ་རྒན་ཆེན་མོ་དབྱང་ཙུང་དབྱིན་གྱིས་བཤད་རྒྱུར། ང་ཚོས་ཚན་རྩལ་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་ཐོག་མའི་བསམ་འདུན་བརྟན་སྲུང་བྱས་ཏེ། རང་རྟོགས་སྒོས་སྒེར་གྱི་ཚན་ཞིབ་འཚོལ་སྙེག་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་གྱི་དགོས་མཁོ་དང་ཟུང་འབྲེལ་དམ་ཟབ་བྱས་ནས། ཧུར་ཐག་འབད་བརྩོན་དང་བློ་རྩེ་གཅིག་སྒྲིམ་གྱིས་ཐོག་མའི་གསར་གཏོད་རང་བཞིན་དང་སྣེ་ཁྲིད་རང་བཞིན་གྱི་ཞིབ་འཇུག་སྤེལ་བྱེད་པ་དང་། ཚན་རྩལ་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པར་གཞོན་ནུའི་ཚན་ཞིབ་ལས་སྒྲུབ་པའི་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།
ཧ་ཨར་པིན་བཟོ་ལས་སློབ་ཆེན་མཁའ་སྐྱོད་སློབ་གླིང་གི་འབུམ་རམས་པའི་སློབ་མ་ཀུའོ་ཀྲེང་ཡིའུ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་ལས་ང་ཚོ་ན་གཞོན་སློབ་མར་འབད་འཐབ་ཀྱི་གནས་ཚད་གཏན་འཁེལ་གནང་ཡོད་པས། ངས་ལང་ཚོའི་འགུལ་སྐྱོད་ལ་བརྟེན་ནས་ནུབ་སྤོ་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་དུ་བཏང་ནས། རྒྱལ་ཁབ་སྟོབས་ལྡན་གྱི་འགན་འཁྲི་ནུས་ཤུགས་ཡོད་རྒུས་འགག་སྒྲོལ་བྱ་རྒྱུ་ཡིན་པ་དང་། ལང་ཚོའི་སྟོབས་ཤུགས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འགན་འཁྲི་ཆེན་པོ་འཁུར་རྒྱུ་ཡིན།