ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་རིའི“ཕིང་ཕང་སྤོ་ལོའི་ཕྱི་འབྲེལ”ལོ་55འཁོར་བར་རྗེས་དྲན་ཞུ་བའི་ཚོགས་ཆེན་དང་ཀྲུང་གོ་དང་ཨ་རིའི་ན་གཞོན་ལོ་ཆུང་གི་ལུས་རྩལ་སྤེལ་རེས་ཀྱི་རིམ་སྤེལ་བྱེད་སྒོའི་འགོ་ཚུགས་མཛད་སྒོའི་རྟེན་འབྲེལ་འཕྲིན་ཡིག་ལ་དོ་སྣང་ཆེན་པོ་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་ཁང་། ཀློག་གྲངས།

​ཟླ4བའི་ཚེས10ཉིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་རིའི“ཕིང་ཕང་སྤོ་ལོའི་ཕྱི་འབྲེལ”བཙུགས་ནས་ལོ55འཁོར་བར་རྗེས་དྲན་ཞུ་བའི་ཚོགས་ཆེན་དང་ཀྲུང་གོ་དང་ཨ་རིའི་ན་གཞོན་ལོ་ཆུང་གི་ལུས་རྩལ་སྤེལ་རེས་ཀྱི་རིམ་སྤེལ་བྱེད་སྒོའི་འགོ་ཚུགས་མཛད་སྒོར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས། “ཕིང་ཕང་སྤོ་ལོའི་ཕྱི་འབྲེལ”གྱི་ལོ་རྒྱུས་དང་དངོས་ཡོད་དོན་སྙིང་ལ་ཚད་མཐོའི་གདེང་འཇོག་གནང་བ་རེད།  རྒྱལ་ཁབ་གཉིས་ཀྱི་ལས་རིགས་སོ་སོའི་མི་སྣ་དང་ལྷག་པར་དུ་གཞོན་རབས་པས་ཕན་ཚུན་རྒྱུས་མངའ་དང་མཛའ་མཐུན་ཡོང་བ། ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད་དེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་སྒུལ་ཤུགས་ཆེན་པོ་དང་བརྩེ་བ་སྣོན་པར་སྐུལ་ལྕག་གནང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ལ་ཀྲུང་གོ་དང་ཨ་རིའི་ལས་རིགས་སོ་སོའི་མི་སྣས་དོ་སྣང་ཆེན་པོ་བྱས།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ཁྲོད་བསྟན་དོན། ལོ55ཡི་སྔོན་དུ། ཀྲུང་གོ་དང་ཨ་རིའི་འགོ་ཁྲིད་པ་རྒན་རབས་ཚོས་ཁྱད་དུ་འཕགས་པའི་ཆབ་སྲིད་ཀྱི་བློ་གྲོས་དང་འཐབ་ཇུས་ཀྱི་མིག་རྒྱང་ལ་བརྟེན་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་མཛའ་མཐུན་འགྲོ་འོང་གི་སྒོ་མོ་སླར་ཡང་ཕྱེ་ནས། “སྤོ་ལོ་ཆུང་བས་སྤོ་ལོ་ཆེན་པོ་བསྐོར་བའི”རླབས་ཆེན་ལོ་རྒྱུས་བསྐྲུན་ཡོད། དེ་རིང་། རྒྱལ་ཁབ་གཉིས་ཀྱི་ན་གཞོན་ལོ་ཆུང་གིས་སླར་ཡང“ཕིང་ཕང་སྤོ་ལོའི་བརྩེ་སེམས”རྒྱུན་མཐུད་བྱས་ནས། ལུས་རྩལ་སྤེལ་རེས་ཀྱི་རིམ་སྤེལ་བྱེད་སྒོ་སྤེལ་བར་ཀྲུང་ཨའི་མཛའ་བརྩེ་བྱ་གཞག་ལ་སྐུལ་འདེད་ཀྱི་དོན་སྙིང་གལ་ཆེན་ལྡན། ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་གིས་བྱེད་སྒོར་ཞུགས་པའི་ཀྲུང་གོ་དང་ཨ་རིའི་ལས་རིགས་སོ་སོའི་མི་སྣར་སྐུལ་ལྕག་ཆེན་པོ་ཐེབས།

1972ལོར་ཨ་རིར་འཚམས་འདྲིར་ཕེབས་པའི་ཀྲུང་གོའི་ཕིང་ཕང་སྤོ་ལོའི་འཐུས་མི་ཚོགས་པའི་ཁོངས་མི་ཀྲེང་མིན་ཀྲི་ཡིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ང་ཚོར་ཀྲུང་གོ་དང་ཨ་རིའི་མི་དམངས་ཀྱི་མཛའ་བརྩེ་རྒྱུན་མཐུད་བྱེད་དགོས་པའི་ལྕག་སྐུལ་གནང་བར་མ་ཟད། ང་ཚོས་རྒྱུན་མཐུད་དབྱུག་པ་དེ་ན་གཞོན་སྔར་ལས་མང་པོའི་ལག་ཏུ་བརྒྱུད་སྤྲོད་བྱས་ནས། ངེས་པར་མུ་མཐུད་དུ་ཀྲུང་གོ་དང་ཨ་རིའི་མཛའ་བརྩེ་ལ་བྱས་རྗེས་འཇོག་པར་ལྕག་སྐུལ་གནང་ཡོད་ཟེར།

1971ལོར་ཨ་རིའི་ཕིང་ཕང་སྤོ་ལོའི་འཐུས་ཚབ་རུ་ཁག་ཀྲུང་གོར་འཚམས་འདྲིར་ཕེབས་པའི་ཚོགས་པའི་ཁོངས་མི་ཀྲུའུ་ཏི·ཧོ་ཧྥུའུ་ལུའོ་སི་ཐེ་ཡིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ཨའི་འབྲེལ་བའི་རྩ་བ་མི་དམངས་ཀྱིས་བསྐྲུན་དགོས་ཞེས་ནན་གྱིས་བསྟན་པ་དེས་ང་ལ་མྱོང་ཚོར་ཟབ་མོ་ཞིག་བཞག་ཡོད།  དེང་སྐབས་ཕན་ཚུན་བསམ་ཤེས་དང་གྲོས་མོལ་བྱེད་པ་དེ་གལ་འགངས་ཆེ་བ་ཡིན། ངས་ཀྱང་ང་ཚོས“ཕིང་ཕང་སྤོ་ལོའི་ཕྱི་འབྲེལ”གྱི་སྙིང་སྟོབས་དེ་མུ་མཐུད་རྒྱུན་འཛིན་བྱས་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་བརྩེ་སེམས་བརྒྱུད་སྤྲོད་དང་བསམ་ཤེས་བྱེད་པའི་རེ་བ་བཅངས་ཡོད་ཟེར།

ཨ་རིའི་ཝ་ཧྲིང་ཐོན་མངའ་སྡེ་ཐ་ཁོ་མ་གྲོང་ཁྱེར་ལིན་ཁེན་སློབ་འབྲིང་གི་དགེ་རྒན་ཧྲ་ཨེར་སི་ཅེ་ཁོ་མོ་ཡིས་བཤད་རྒྱུར། 2015ལོར་ཀྲུའུ་ཞི་ཞི་ཅིན་ཕིང་ང་ཚོའི་སློབ་གྲྭར་འཚམས་འདྲིར་ཕེབས་སྐབས་ད་དུང་ང་ཚོར་ཕིང་ཕང་སྤོ་ལོའི་ཅོག་ཙེ་གནང་བ་དང་། དེས་མི་མང་པོ་ཞིག་ལ་ཕྱིར་དྲན་རྩ་ཆེན་བཞག་ཡོད།  མུ་མཐུད་རིག་གནས་སྤེལ་རེས་བྱས་ཚེ་ད་གཟོད་རྒྱལ་ཁབ་གཉིས་ཀྱི་སྦྲེལ་ཐག་སྲ་བརྟན་དུ་གཏོང་ཐུབ། ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་གིས་ང་མུ་མཐུད་ཨ་རི་དང་ཀྲུང་གོའི་སྤེལ་རེས་ཕོ་ཉ་ཞིག་བྱེད་པའི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་བཏང་ཡོད་ཟེར།

ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་བརྩེ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཧྲེན་ཞིན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིས་རྟེན་འབྲེལ་འཕྲིན་ཡིག་ཁྲོད“ཕིང་ཕང་སྤོ་ལོའི་ཕྱི་འབྲེལ”གྱི་དོན་དངོས་དང་ལོ་རྒྱུས་ཀྱི་དོན་སྙིང་ནན་བཤད་གནང་བ་དང་ལྷག་པར་དུ་རྒྱལ་ཁབ་གཉིས་ཀྱི་ན་གཞོན་མི་རབས་ཀྱིས་ཕན་ཚུན་རྒྱུས་མངའ་དང་། མཛའ་མཐུན། ལག་གདང་སྦྲེལ་ནས་མདུན་བསྐྱོད་བྱེད་དགོས་ཞེས་སྐུལ་ལྕག་གནང་བ་དེས་ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱི་དམངས་ཁྲོད་འགྲོ་འོང་ལ་སྐུལ་འདེད་ཧ་ཅང་ཆེན་པོ་ཐེབས་ཡོད་ཟེར།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་ལས་རིགས་སོ་སོའི་མི་སྣ་དང་ལྷག་པར་དུ་ན་གཞོན་མི་རབས་ཀྱིས་ལོ་རྒྱུས་ཁྲོད་ནས་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་དང་། སྤེལ་རེས་དང་མཉམ་ལས་ཁྲོད་ཕན་ཚུན་རྒྱུས་མངའ་དང་མཛའ་མཐུན་ཡོང་བ། ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པའི་ཁྲོད་ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད་པའི་རེ་བ་ཡོད།  ཚང་མས་ཀྲུང་ཨའི་འབྲེལ་བའི་གནད་འགག་སྐབས་སུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་གདམ་ག་དང་འཛམ་གླིང་མིག་རྒྱང་གི་རིམ་འགྱུར་ཁ་ཕྱོགས་ལ་མཛུབ་སྟོན་གལ་ཆེན་གནང་བར་བསྟན།

ཨ་རིའི་སྡོད་ཁང་དང་མཁར་སྡེ་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཁེན་ཐེ·ཝོ་ཐེ་ཅིན་སི་ཡིས་བཤད་རྒྱུར། ངས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རེ་སྒུག་གནང་བའི་རྒྱལ་ཁབ་གཉིས་ཀྱི“ཕིང་ཕང་སྤོ་ལོའི་ཕྱི་འབྲེལ”རྒྱུན་འཛིན་ཐུབ་པའི་སྙིང་སྟོབས་དེ་ཕིང་ཕང་སྤོ་ལོའི་ལུས་རྩལ་པ་དང་འདྲ་བར་ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་སྟེང་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱས་ནས། རྣམ་པ་གསར་བའི་འཛམ་གླིང་རང་བཞིན་གྱི་འགྲན་སློང་དང་འཕྲད་སྐབས་མཉམ་དུ་ཕུལ་བྱུང་སྣེ་ཁྲིད་ཀྱི་ནུས་པ་འདོན་པའི་རེ་བ་ཡོད་ཟེར།

ཀྲུང་དབྱང་རླུང་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ལུས་རྩལ་ན་གཞོན་ལེ་ཚན་ལྟེ་གནས་ཀྱི་གསར་འགོད་པ། པིས་རན་གྱིས་བཤད་རྒྱུར། ཀྲུང་དབྱང་རླུང་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་ལུས་རྩལ་གསར་འགོད་པ་ཞིག་ཡིན་པའི་ངོས་ནས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་ཏེ། རང་འཁྲིའི་ལས་གནས་སྟེང་གཞི་ཚུགས་ཏེ་ལུས་རྩལ་བརྒྱུད་སྤེལ་གྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་དང་། སྔར་བས་གསོན་ཉམས་ལྡན་པའི་གནས་ཚུལ་སྤེལ་ནས། ཀྲུང་ཨའི་ལུས་རྩལ་སྤེལ་རེས་ཀྱི་གཏམ་རྒྱུད་ལེགས་པོར་བརྗོད་པ་དང་“ཕིང་ཕང་སྤོ་ལོའི་ཕྱི་འབྲེལ”གྱི་སྙིང་སྟོབས་དེ་དུས་རབས་གསར་པར་མུ་མཐུད་རྒྱུན་འཛིན་དང་། དུས་རབས་གསར་པའི་བཀྲག་མདངས་འཚེར་དུ་བཅུག་ནས་ཀྲུང་ཨའི་འབྲེལ་བ་བརྟན་པོ་དང་། སྐྱོན་བྲལ། རྒྱུན་མཐུད་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་ལ་སྨྱན་སྦྱོར་གྱི་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།

པེ་ཅིན་སློབ་ཆེན་རྩིས་འཁོར་སློབ་གླིང་གི་འབུམ་རམས་པའི་དགེ་རྒན། ཀྲང་ཧྲང་ཧང་གིས་བཤད་རྒྱུར།  སྤྱི་ཁྱབ་ཧྲུའུ་ཅིས་ན་གཞོན་རྣམས་ལ་ལོ་རྒྱུས་ཁྲོད་ནས་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱས་ཏེ་ཕན་ཚུན་རོགས་རེས་དང་ཕན་ཚུན་དཔྱད་གཞིར་བཟུང་སྟེ། ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད་པར་མངག་བཅོལ་གནང་བ་དང་། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱས་ནས་ལུས་རྩལ་ཚན་རྩལ་ཁྱབ་ཁོངས་སུ་ཀྲུང་ཕྱིའི་རིག་གཞུང་སྤེལ་རེས་དང་ཤེས་བྱ་མཉམ་སྤྱོད་ལ་སྐུལ་འདེད་བཏང་ནས་ཀྲུང་ཕྱིའི་མཛའ་བརྩེ་ཟབ་ཏུ་གཏོང་བ་ལ་ང་ཚོས་བྱས་རྗེས་གསར་བ་འཇོག་རྒྱུ་ཡིན་ཟེར།

ཨ་རིའི་ཝ་ཧྲིང་ཐོན་མངའ་སྡེ་ཐ་ཁོ་མ་གྲོང་ཁྱེར་ལིན་ཁེན་སློབ་འབྲིང་གི་སློབ་མ་ཨན་ཏུང་ཉི་ཡིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་གིས་ང་ཚོར་ནུས་ལྡན་གྱི་ཆ་འཕྲིན་ཞིག་བརྒྱུད་སྤྲོད་གནང་ཡོད། ང་ཚོས་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་བསམ་ཤེས་བྱས་ན་མི་སེམས་དེ་བས་ཉེ་བར་འགྱུར་ཐུབ། ངས་རང་ཉིད་ཀྱི་དངོས་སུ་བརྒྱུད་པའི་མྱོང་ཚོར་དང་། ངས་མཐོང་བའི་དོན་དངོས་དང་གསོན་ཤུགས་ཀྱིས་ཁེངས་པའི་ཀྲུང་གོ་དེ་ངའི་ཕ་ཡུལ་གྱི་གྲོགས་པོ་རྣམས་ལ་བཤད་པ་ཡིན་ཟེར།