དངོས་སྒྲུབ་དམ་འཛིན་གྱིས་དམག་དཔུང་འཛུགས་སྐྱོང་གི་ལོ་བརྒྱའི་འབད་འཐབ་དམིགས་འབེན་འགག་སྒྲོལ་བྱས།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བ་ནས་བཟུང་།  དམག་ཡོངས་ཀྱི་རིམ་པ་སོ་སོས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུ། ཀྲུའུ་ཞི་ཞི་ཅིན་ཕིང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་།  ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ།   སློབ་སྦྱོང་སློབ་གསོ་དང་ཆབ་སྲིད་སྦྱོང་སྒྲིག་ཟབ་སྤེལ་ལ་གཅིག་གྱུར་སྒོས་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་ཏན་ཏན་ཏིག་ཏིག་དང་གཟབ་ནན་སྒོས་བསམ་བློའི་ངོས་ཟིན་མཐོར་འདེགས་གཏོང་བ་དང་།  འབུར་ཐོན་གནད་དོན་དག་ཐེར་བཅོས་སྐྱོང་བྱེད་པ།  ལམ་ལུགས་དང་སྒྲིག་ལམ་ལེགས་པོ་འཛུགས་པ་བཅས་ལ་ཁྲིད་སྟོན་བྱེད་པ།  ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་བྱེད་པའི་ཐུན་མོང་མ་ཡིན་པའི་དགེ་མཚན་འདོན་སྤེལ་གང་ལེགས་བཅས་བྱས་ནས་སེམས་ཤུགས་གཅིག་བསྡུས་ཀྱིས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་།

སློབ་སྦྱོང་སློབ་གསོ་སྤེལ་བ་ནས་བཟུང་།  དམག་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཀྲུའུ་ཞི་ཞི་ཅིན་ཕིང་གི་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སྐོར་གྱི་རྣམ་བཤད་གལ་ཆེན་ཇི་མ་ཇི་བཞིན་དུ་ཞིབ་འཇུག་དང་སློབ་སྦྱོང་བྱས་པ་དང་།ཕྱོགས་ཡོངས་ནས་སྙིང་དོན་ལ་གོ་བ་ཟབ་མོ་ལེན་པ་དང་ལག་ལེན་གྱི་བླང་བྱ་ཁོང་དུ་ཆུད་པར་བྱས་ལ།  རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་དེ་བློ་དཀར་འགྱུར་མེད་དང་ཏང་གཤིས་ཞུན་བརྡར། དུག་སེལ་སྐྱོན་སེལ་དང་སྦྲེལ་མཐུད་བྱས་ཤིང་།རང་རྟོགས་ངང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་དཔེ་བསྡུར་བྱས་པར་མ་ཟད།ལག་ལེན་ཁྲོད་བློ་དཀར་གྱི་གཞི་མདངས་ཟམ་མ་ཆད་པར་ཇེ་གསལ་དུ་བཏང་བ་དང་།  ཐོག་མཐའ་བར་གསུམ་དུ་མི་དམངས་དམག་དཔུང་གི་དག་གཙང་གཟི་བརྗིད་རྒྱུན་འཁྱོངས་བཅས་བྱས་ནས།ཆབ་སྲིད་ཀྱི་རྣམ་པ་གསར་བས་དམག་དཔུང་བཙུགས་ནས་ལོ་བརྒྱ་འཁོར་བར་བསུ་མ་བྱས།

མཁའ་དམག་གི་ཆབ་སྲིད་ལས་དོན་པུའུ་ཡི་ལིའང་ཡུས་ཡིས་བཤད་རྒྱུར།ཏང་ལ་བློ་དཀར་བ་ནི་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་རྩ་བའི་སྔོན་འགྲོའི་ཆ་རྐྱེན་ཡིན་ལ།  དམག་དཔུང་གི་ཏང་ཡོན་ལས་བྱེད་པའི་ཆབ་སྲིད་ཀྱི་གཤིས་རྒྱུད་གཙོ་བོའང་ཡིན།  སློབ་སྦྱོང་སློབ་གསོའི་ཁྲོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བློ་སྐྱེད་སེམས་སྒྲིལ་བྱེད་རྒྱུ་རྒྱུན་འཁྱོངས་དང་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “ཡིད་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས་”ལེགས་པོར་སྒྲུབ་པ།  དམག་ཨུའི་ཀྲུའུ་ཞིའི་འགན་འཁུར་ལམ་ལུགས་ལག་བསྟར་བྱེད་པ། ཐོག་མཐའ་བར་གསུམ་དུ་བློ་རིག་གསལ་བ་དང་རྣམ་འགྱུར་གསལ་བ། བློ་བརྟན་འགྱུར་མེད་སྒོས་འགུལ་སྐྱོད་སྤེལ་བ་བཅས་བྱས་ནས་བློ་བརྟན་འགྱུར་མེད་སྒོས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ཏེ་ཏང་གིས་མི་དམངས་དམག་དཔུང་ལ་མཐའ་གཅིག་ཏུ་འགོ་ཁྲིད་བྱེད་རྒྱུར་ཁག་ཐེག་བྱེད་དགོས།སློབ་སྦྱོང་སློབ་གསོའི་ཁྲོད།  དམག་ཨུའི་ལས་ཁུངས་ཀྱི་པུའུ་ཨུ་སོ་སོས་སློབ་སྦྱོང་གཏིང་ཟབ་དང་ཞིབ་བཤེར་ངོ་མ།  དག་བཅོས་དངོས་བཅས་ཀྱི་ཐད་ཤུགས་བསྣན་ནས་སྲིད་འབྲས་ལྟ་བའི་ཐད་ཀྱི་འབུར་ཐོན་གནད་དོན་ཐག་གཅོད་རྒྱུ་དང་ལོ་འཁོར་གྱི་བྱ་བའི་ལས་འགན་ལག་ཆེན་ལ་གཅིག་གྱུར་འཆར་འགོད་བྱེད་དགོས་པ་དང་།ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་སྒྲིག་བཟོ་གཏན་འབེབས་དང་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱེད་དགོས་ལ། ཤུགས་ཆེན་པོས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་གི་གཙོ་གནད་དང་དཀའ་གནད་སྣ་ཚོགས་ཐག་བཅད་དེ་དམག་དཔུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། འཐབ་ཁུལ་སོ་སོས་དམག་འཐབ་ཀྱི་འགན་ནུས་གཙོ་བོར་དམིགས་ཏེ། “སྲིད་འབྲས་ཚད་གཞི”དེ་དམག་འཐབ་ལ་རྒྱལ་ཁ་ཐོབ་པའི་སྟེང་འཇོག་དགོས་པ་དང་། དམག་འཐབ་ལ་བརྟེན་ནས་སྦྱོང་བརྡར་དང་དམག་འཐབ་སྦྱོང་བརྡར་ཇེ་ཟབ་ཏུ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མཉམ་འབྲེལ་དམག་འཐབ་ཀྱི་བཀོད་འདོམས་ནུས་པ་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་དགོས། དམག་དཔུང་དང་དམག་རིགས་སོ་སོའི་དམག་དཔུང་གིས་དཔོན་དམག་གི་བསམ་བློ་དངོས་དང་བསྟུན་ནས་བསམ་བློའི་ནོར་འཛོལ་ཡོ་བསྲང་བྱེད་དགོས་པ་དང་། རིགས་པའི་གཞུང་ལུགས་ཐད་ཀྱི་བློ་རིག་གསལ་བོར་བརྟེན་ནས་ཆབ་སྲིད་ཐད་བློ་རྩ་བརྟན་པོ་ཡོང་བར་འགན་ལེན་བྱེད་དགོས་ཤིང་། སློབ་སྦྱོང་སློབ་གསོ་གཞི་རིམ་དུ་ཁྱབ་པ་དང་འཐབ་གནས་སུ་ཁེབས་པར་སྐུལ་འདེད་བཏང་སྟེ། རྒྱ་ཆེའི་དཔོན་དམག་རྣམས་གཡུལ་ལས་རྒྱལ་ཐུབ་པ་དང་བྱས་རྗེས་གསར་པ་འཇོག་ཐུབ་པར་ཁྲིད་སྟོན་བྱེད་དགོས།

ལྷོ་རྒྱུད་འཐབ་ཁུལ་གྱི་ཧྥིན་ཏུང་ཞིན་གྱིས་བཤད་རྒྱུར།  སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བའི་གནད་འགག་ནི་སེམས་ཤུགས་ཡོད་ཚད་དམག་གྲབས་དམག་རྒྱག་གི་སྟེང་བཞག་སྟེ།   སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་དམག་འཐབ་ཀྱི་བསམ་ཕྱོགས་དང་དམག་འཐབ་ཀྱི་བྱེད་ཐབས།   རྒྱལ་ཁ་ཐོབ་པའི་ནུས་པ་བཅས་སུ་བསྒྱུར་ནས། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས།  འཕེལ་རྒྱས་ཀྱི་ཁེ་ཕན་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས་ཟེར།

དམག་དཔུང་སོ་སོས་རྒྱ་ཁྱབ་ཏུ་བཞུགས་མོལ་དང་བརྟག་དཔྱད་ཞིབ་འཇུགབསམ་འཆར་བསྡུ་ལེན་བཅས་བྱས་ནས་ཐབས་ཇུས་དང་དགོས་མཁོ་གཞི་རིམ་ལ་འདྲི་བ་དང་དཔོན་དམག་གི་རེ་ཞུར་ཉན་དགོས་ལ།  རིམ་པ་སོ་སོའི་ཏང་ཨུའི་ལས་ཁུངས་ཀྱིས་རང་རྟོགས་ངང་གོ་གནས་དག་སྒྲིག་དང་མང་ཚོགས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་པ།  མང་ཚོགས་དང་ཁ་བྲལ་བའི་སྒེར་སེམས་སྣ་ཚོགས་ཁྱད་སེལ་བྱེད་པ།སྣེ་ཁྲིད་ནས་རང་རེའི་ཏང་དང་རང་དམག་གི་སྲོལ་རྒྱུན་བཟང་པོ་སླར་གསོ་དང་དར་སྤེལ་གཏོང་བ། དཔོན་དམག་གི་བསམ་འཆར་ཆེ་ཤོས་དང་དགོས་མཁོ་ཆེ་ཤོས་ཀྱི་གནད་དོན་ནས་འཕྲལ་སྒྲུབ་འཕྲལ་བཅོས་བཅས་བྱས་ཏེ་སློབ་སྦྱོང་ལ་སྤུས་ཚད་ཡོད་པ་དང་ཞིབ་བཤེར་ལ་ནུས་ཚད་ལྡན་པ།  ལེགས་བཅོས་ལ་ཕན་འབྲས་ཡོད་པར་འབད་པ་བྱེད་དགོས།

སྐམ་དམག་གི་མདའ་དཔུང་ག་གེ་མོའི་ཀུང་ཀྲི་གོ་ཡིས་བཤད་རྒྱུར།  སློབ་སྦྱོང་སློབ་གསོའི་ཕན་འབྲས་བཟང་མིན་ཞིབ་བཤེར་བྱེད་དགོས་ཚེ། གལ་འགངས་ཤིན་ཏུ་ཆེ་བ་ཞིག་ནི་དམག་དཔུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཚུལ་ཅི་འདྲ་ཡིན་མིན་ལ་བལྟ་དགོས། མདའ་དཔུང་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་སློབ་སྦྱོང་སློབ་གསོ་གོ་སྐབས་སུ་བཟུང་ནས། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུ།  ཀྲུའུ་ཞི་ཞི་ཅིན་ཕིང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱས་ཏེ། སྟོབས་ཤུགས་གཅིག་སྒྲིལ་གྱིས་དམག་གྲབས་འགག་སྒྲོལ་ལ་སྐུལ་འདེད་དང་།  གཞི་རིམ་དུ་དམ་འཛིན་དང་རྨང་གཞི་བཏང་ནས། བསམ་པའི་སྟོབས་ཤུགས་འཕེལ་བར་བྱེད་དགོས་པ་དང་། དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་དགོས་པ་མ་ཟད།  ནུས་ཤུགས་ཡོད་རྒུས་དམག་དཔུང་འཛུགས་སྐྱོང་གི་ལོ་བརྒྱའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་མཁྲེགས་གཏོར་དམག་འཐབ་ལེགས་པོར་རྒྱག་དགོས།