ཀྲུང་དབྱང་ཐའེ་ཝན་གཞུང་སྒྲུབ་ཁང་གིས་དབང་བསྐུར་ནས་འགྲམ་གཉིས་ཀྱི་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་ཁག་བཅུ་ཁྱབ་བསྒྲགས་བྱས།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

ཀྲུང་གུང་ཀྲུང་དབྱང་ཐའེ་ཝན་གཞུང་སྒྲུབ་ཁང་གིས་ཚེས་བཅུ་གཉིས་ཉིན་འགྲམ་གཉིས་ཀྱི་བརྗེ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་བཅུ་ཁྱབ་བསྒྲགས་བྱས་ཤིང་། དེའི་ཁྲོད་གོ་གུང་ཏང་གཉིས་ཀྱི་རྒྱུན་རྣམ་ཅན་གྱི་འབྲེལ་གཏུག་ལམ་སྲོལ་འཚོལ་ཞིབ་བྱས་ནས་འཛུགས་པ་དང་། གོ་གུང་ཏང་གཉིས་དང་ན་གཞོན་བར་གྱི་བརྗེ་རེས་ལམ་སྲོལ་ཅན་དུ་འགྱུར་བའི་ལས་སྟེགས་བསྐྲུན་པ། ཧྥུའུ་ཅན་མཚོ་རྒྱུད་ས་ཁུལ་ལ་ཆ་རྐྱེན་འཛོམས་པའི་གནས་ཚུལ་འོག་ཅིན་མོན་དང་གློག སོལ་རླངས། ཟམ་པ་སོགས་ཤར་གཏོང་ཐུབ་པར་སྐུལ་འདེད་གཏོང་བ། འགྲམ་གཉིས་ཀྱི་མཁའ་ཐོག་འགྲུལ་སྐྱེལ་ཐད་འཕུར་ཁྱོན་ཡོངས་ནས་རྒྱུན་ལྡན་ཅན་དུ་སླར་གསོ་བྱེད་པར་སྐུལ་འདེད་གཏོང་བ། ཞིབ་དཔྱད་དང་ནད་ཡམས་བརྟག་ཞིབ་ཀྱི་ཚད་གཞི་དང་མཐུན་པའི་ཐའེ་ཝན་གྱི་ཞིང་ལས་དང་ཉ་ལས་ཀྱི་ཐོན་རྫས་སྐམ་ས་ཆེན་མོར་ནང་འདྲེན་བྱེད་རྒྱུར་སྟབས་བདེ་བསྐྲུན་པ། ཐའེ་ཝན་དང་འབྲེལ་བའི་ཉ་ལས་ཆོག་འཐུས་དོ་དམ་འཐུས་ཚང་དུ་གཏོང་བ།བླང་བྱ་དང་མཐུན་པའི་ཐའེ་ཝན་གྱི་ཟས་རིགས་ཐོན་སྐྱེད་ཁེ་ལས་ཀྱིས་སྐམ་ས་ཆེན་མོ་རུ་ཐོ་འགོད་བྱས་ནས་ཐའེ་ཝན་གྱི་ཟས་རིགས་སྐམ་ས་ཆེན་མོར་ནང་འདྲེན་བྱེད་པར་སྟབས་བདེ་བསྐྲུན་པ། ཆ་རྐྱེན་འཛོམས་སར་ཐའེ་ཝན་ལ་གྲངས་འབོར་ཉུང་བའི་ཚོང་ཟོག་ཉོ་ཚོང་ཚོང་ར་གསར་དུ་འཛུགས་པར་ཞིབ་འཇུག་བྱེད་པ། ཁྲིད་ཕྱོགས་ཡང་དག་དང་ནང་དོན་བདེ་ཐང་། བཟོ་སྤུས་སྤུས་ལེགས་བཅས་ཀྱི་ཐའེ་ཝན་གྱི་བརྙན་འཕྲིན་ཟློས་གར་དང་དངོས་བཤུས་གློག་བརྙན། འགུལ་རིས་གློག་བརྙན་བཅས་སྐམ་ས་ཆེན་མོའི་སྲུང་སྐར་བརྙན་འཕྲིན་འཕྲིན་ལམ་དང་དྲ་རྒྱའི་ལྟ་ཉན་ལས་སྟེགས་སུ་བསྟན་ཆོག་པར་བྱེད་པ། ཧྲང་ཧའེ་གྲོང་ཁྱེར་དང་དེ་མིན་ཧྥུའུ་ཅན་ཞིང་ཆེན་གྱི་ཡུལ་མི་ཐའེ་ཝན་དུ་སོང་ནས་ཚོད་ལྟའི་ཡུལ་སྐོར་སླར་གསོ་བྱེད་པར་སྐུལ་འདེད་གཏོང་བ་སོགས་ཕྱོགས་བཅུ་འདུས་ཡོད་པ་རེད།