
ཀྲུང་གོ་མི་དམངས་དངུལ་ཁང་གིས་ཚེས13ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ཟླ3པར་ཡོངས་ཁྱབ་ཀྱི་དངུལ་ལོར(M2)དང་སྤྱི་ཚོགས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་གཞི་ཁྱོན་འཕར་ཚད་ཚང་མ་ལུགས་མཐུན་གྱི་ཆུ་ཚད་ཐོག་རྒྱུན་འཁྱོངས་ཐུབ་ཡོད། ཟླ3པའི་ཟླ་མཇུག་ཏུ་ཡོངས་ཁྱབ་ཀྱི་དངུལ་ལོར(M2)ལྷག་དངུལ་སྒོར་རབ་བཀྲམ་ཆེན་མོ་གསུམ་རབ་བཀྲམ་ལྔ་ཁྲག་ཆེན་བཞི་ཟིན་པ་དེ་ན་ནིང་གི་དུས་མཉམ་ལས8.5%འཕར། སྤྱི་ཚོགས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་གཞི་ཁྱོན་སྒོར་རབ་བཀྲམ་ཆེན་མོ་བཞི་རབ་བཀྲམ་ལྔ་ཁྲག་ཆེན་དྲུག་ཟིན་པ་དེ་ན་ནིང་གི་དུས་མཉམ་ལས7.9%འཕར། དེ་དཔལ་འབྱོར་འཕར་ཚད་དང་རིན་གོང་གི་སྤྱིའི་ཆུ་ཚད་ཀྱི་སྔོན་དཔག་དམིགས་འབེན་དང་དོ་སྙོམས་བྱུང་ཡོད།
ཟླ3པའི་ཟླ་མཇུག་ཏུ་དམངས་སྒོར་གྱི་དངུལ་བུན་ཁག་གི་ལྷག་དངུལ་སྒོར་རབ་བཀྲམ་ཆེན་མོ་གཉིས་རབ་བཀྲམ་བརྒྱད་ཁྲག་ཆེན་གཅིག་ཟིན་པ་དེ་ན་ནིང་གི་དུས་མཉམ་ལས5.7%འཕར་བ་དང་། དངུལ་བུན་གྱི་གཞི་ཁྱོན་ལུགས་མཐུན་ངང་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ནས། དངོས་ཚན་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་བརྟན་དུ་ཕྱིན་ཡོད།
ཟླ3པར་ཁེ་ལས་ཀྱིས་དངུལ་བུན་གཏོང་བའི་ཆ་སྙོམས་སྐྱེད་ཚད་དང་། མི་སྒེར་གྱི་སྡོད་ཁང་ལ་དངུལ་བུན་གཏོང་བའི་ཆ་སྙོམས་སྐྱེད་ཚད་གསར་པ་ཆ་སྙོམས་ངང3.1%ཙམ་ཟིན་ཡོད་ལ། དངུལ་བུན་གྱི་སྐྱེད་ཚད་དེ་ལོ་རྒྱུས་ཀྱི་དམའ་བའི་ཆུ་ཚད་དུ་རྒྱུན་འཁྱོངས་བྱས་ཡོད།