
ཁ་ན་ཏ་ནི་སྐབས་འདིའི་འཛད་སྤྱོད་དངོས་ཟོག་འགྲེམས་ཚོགས་ཀྱི་མགྲོན་བདག་རྒྱལ་ཁབ་ཡིན་པའི་ཆ་ནས། དེ་རིང་ཁ་ན་ཏས་སྐུ་མགྲོན་གཙོ་བོའི་རྒྱལ་ཁབ་ཀྱི་སྒོ་འབྱེད་མཛད་སྒོ་འཚོགས། ཁྱོན་སྡོམ་པས་ཁེ་ལས་བ་དང་ཟོང་རྟགས40འགྲེམས་ཚོགས་ལ་ཞུགས་ཡོད་པ་རེད། དེའི་ནང་ཁེ་ལས་མི་ཉུང་བ་ཞིག་ནི་ཐོག་དང་པོར་འགྲེམས་ཚོགས་ལ་ཞུགས།
ཀོང་ཀྲོའུ་རུ་སྡོད་པའི་ཁ་ན་ཏའི་སྤྱི་ཁྱབ་གཞུང་ཚབ་པ། པེ་ཅ་ཏེའི་བཤད་རྒྱུར། 2021ལོའི་འཛད་སྤྱོད་དངོས་ཟོག་འགྲེམས་ཚོགས་འཚོགས་ཚུན་ནས་ཁ་ན་ཏ་སྐབས་རེ་རེར་འགྲེམས་ཚོགས་ལ་ཞུགས་པ་ཡིན། ཀྲུང་གོའི་ཚོང་རའི་གྲངས་འབོར་ཆེ་བ་དང་བག་ཤུགས་ལ་ཚད་མེད་པ། དུང་ཕྱུར་བཅོ་བཞི་ཡི་འཛད་སྤྱོད་ཚོགས་པའི་རྒྱུན་མཐུད་རིམ་སྤོར་གྱི་དགོས་མཁོ་སོགས་ཀྱིས་ཁ་ན་ཏའི་ཐོན་རྫས་ལ་བར་སྟོང་རྒྱ་ཆེན་མཁོ་འདོན་བྱས། འདི་ཡང་ང་ཚོ་བསྟུད་མར་འགྲེམ་ཚོགས་ལ་ཞུགས་པའི་རྒྱུ་རྐྱེན་ཡིན་ཟེར།
སྐབས་འདིའི་འཛད་སྤྱོད་དངོས་ཟོག་འགྲེམས་ཚོགས་ཀྱི་འགྲེམས་སྟོན་ཁང་ཆེ་གྲས་བརྒྱད་ཀྱིས་ཚན་རྩལ་འཛད་སྤྱོད་དང་དར་སྲོལ་དར་རྒྱུན། བདེ་ཐང་འཛད་སྤྱོད་སོགས་ཀྱི་བརྗོད་དོན་གཙོ་བོར་ཞུགས་ནས། ལྗང་མདོག་དང་། གྲངས་ཀ། རིག་ནུས་སོགས་གསར་དར་ཁྱབ་ཁོངས་ཀྱི་སྤུས་དག་ཐོན་རྫས་ཁག་ཅིག་གཅིག་བསྡུས་བྱས་ཡོད། རྒྱལ་ཁབ་ཕྱི་ནང་གི་ཚོགས་ཐོག་ལ་ཆེད་ལས་ཉོ་སྒྲུབ་ཚོང་པ་ཕལ་ཆེར་ཁྲི་དྲུག་དང་སྟོང་ལྔ་ཐོན་ཡོད། དུས་མཉམ་ལས10%འཕར་ཡོད་པ་རེད།
ཧའེ་ནན་ཞིང་ཆེན་རྒྱལ་སྤྱིའི་དཔལ་འབྱོར་འཕེལ་རྒྱས་ཅུས་ཀྱི་སྤྱི་ཁྱབ་དཔལ་འབྱོར་དགེ་རྒན། ཙེང་རུང་གིས་བཤད་རྒྱར། ཧའེ་ནན་འགག་སྒོ་འཁོར་སྐྱོད་བྱས་རྗེས་ཀྱི་སྲིད་ཇུས་ཀྱི་ཁེ་འབབ་དང་ཐོན་ལས་འཕེལ་རྒྱས་ཀྱི་དོན་དངོས་ལ་དམ་པོར་དམིགས་ཏེ། ཉེར་སྤྱོད་རྣམ་པ100ལྷག་ལེགས་སྒྲིག་བྱས་ནས། དེའི་ཁྲོད་ནས་ཧའེ་ནན་གྱིས་གྲུབ་འབྲས་དོན་འཁྱོལ་དཔེ་མཚོན50ལྷག་གདམ་གསེས་བྱས་པ་མ་ཟད། སྤུས་ལེགས་ཚོང་འགུགས་རྣམ་གྲངས་300འཆར་འགོད་བྱས་ཡོད་ཟེར།
སྐབས་འདིའི་འགྲེམས་ཚོགས་ལ་རྒྱལ་ཁབ་དང་ས་ཁུལ60ལྷག་གི་འཛད་སྤྱོད་ཐོན་རྫས་གྲགས་ཅན་བསྡུ་ལེན་བྱས་པ་དང་། འགྲེམས་སྟོན་ནང་ཞུགས་པའི་རྒྱལ་སྤྱིའི་འགྲེམས་རྫས་ཀྱིས65%ཟིན། དེའི་ནང་འཛད་སྤྱོད་རྩེར་སོན་འགྲེམས་ཁང་གིས་རྒྱལ་ཁབ་དང་ས་ཁུལ22ཀྱི་མངའ་ཁོངས་ཕྱིའི་འགྲེམས་རྫས་བསྡུ་ལེན་བྱས་ཡོད་པ་དང་། འགྲེམས་ཞུགས་རྒྱལ་ཁབ་དང་ས་ཁུལ་གྱི་གྲངས་འབོར་གྱིས་ལོ་རྒྱུས་ཀྱི་ཟིན་ཐོ་བསྐྲུན།
ཨ་ཀྲུང་ཉོ་ཚོང་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་གཙོ། ཐན་སེན་གྱིས་བཤད་རྒྱུར། ད་ལོར་འགྲེམས་སྟོན་ནང་ཞུགས་པའི་ཨ་རིའི་ཁེ་ལས་ཀྱི་གྲངས་འབོར་གྱིས་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད། ད་ལྟ་ཀྲུང་གོ་གོ་ལ་ཧྲིལ་པོའི་ཞིབ་འཇུག་གསར་སྤེལ་ལྟེ་གནས་གལ་ཆེན་ཞིག་ཏུ་གྱུར་ཡོད། ཕྱི་རྒྱལ་གྱི་ཁེ་ལས་སྔར་ལས་མང་པོ་ཀྲུང་གོར་ཡོང་དོན་ནི་ཀྲུང་གོའི་ལས་ཁུངས་དང་ལག་གདང་སྦྲེལ་ནས་གསར་གཏོད་བྱ་ཆེད་ཡིན། གྲུབ་འབྲས་ཀྱིས་ཀྲུང་གོར་ཞབས་འདེགས་ཞུས་ཡོད་པ་མ་ཟད། གོ་ལ་ཧྲིལ་པོའི་ཚོང་རར་སྔར་ལས་སྐུལ་འདེད་བཏང་།
ཀྲུང་གོར་སྡོད་པའི་ཅེ་ཁེའི་གཞུང་ཚབ་ཆེན་མོ་ཁང་གི་ཚོང་དོན། ཚན་ཙན་ཡ་ཏང་གིས་བཤད་རྒྱུར། འདི་ནི་ང་ཐེངས་དང་པོར་ཧའེ་ནན་ལ་ཡོང་བ་དང་ཐེངས་དང་པོར་རྒྱལ་སྤྱིའི་གྲོས་ཚོགས་ལ་ཞུགས་པ་ཡིན། འཛད་སྤྱོད་དངོས་ཟོག་འགྲེམས་ཚོགས་ནི་ཅེ་ཁེའི་ཁེ་ལས་ཀྱིས་ཀྲུང་གོའི་ཁྲོམ་ར་གསར་འབྱེད་བྱེད་པའི་སྟེགས་བུ་ཡག་ཤོས་ཤིག་རེད། ཀྲུང་གོ་ནི་འཛམ་གླིང་གི་དཔལ་འབྱོར་ཕུང་བོ་ཆེ་གྲས་གཉིས་པ་ཡིན་པ་མ་ཟད། རྒྱ་ཆེ་བའི་ཚོང་རའི་བར་སྟོང་ཡོད་པ་དང་། རྒྱལ་ཁབ་ཁག་གི་ཁེ་ལས་ཀྱིས་ཤོར་དུ་མི་འཇུག་པའི་ཁྲོམ་ར་གལ་ཆེན་ཞིག་ཡིན་ཟེར།
ཀྲུང་གོར་སྡོད་པའི་ཨིར་ལན་གྱི་གཞུང་ཚབ་ཆེ་མོ། ཨོའུ་པོ་རེན་གྱི་བཤད་རྒྱུར། ཀྲུང་གོས་མིས་བཟོས་རིག་ནུས་སོགས་ཁྱབ་ཁོངས་སུ་ཐོབ་པའི་འཕེལ་རིམ་གྱིས་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་ཡོད། ཀྲུང་གོས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕྱོགས་ལ་འབད་བརྩོན་བྱས་པས། འཛམ་གླིང་ཡོངས་ལ་ཕན་པ་ཐོབ་བཞིན་ཡོད་ཟེར།