ལི་ཆང་གིས་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་སུའུ་ལིན་དང་མཇལ་འཕྲད་གནང་།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

ཟླ4པའི་ཚེས15ཉིན་གྱི་ཕྱི་དྲོ།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཡོང་བའི་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་སུའུ་ལིན་དང་མཇལ་འཕྲད་གནང་།

ཟླ4པའི་ཚེས15ཉིན་གྱི་ཕྱི་དྲོ།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཡོང་བའི་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་སུའུ་ལིན་དང་མཇལ་འཕྲད་གནང་།

ལི་ཆང་གིས་བསྟན་དོན།   སྤྱི་ཁྱབ་ཧྲུའུ་ཅི།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་སུའུ་ལིན་དང་གྲོས་མོལ་གནང་ནས།  ཀྲུང་གོ་དང་ཡོ་ནན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་ཁ་ཕྱོགས་གཏན་འཁེལ་གནང་། ཀྲུང་གོ་ཕྱོགས་ཀྱིས་ཡོ་ནན་ཕྱོགས་དང་མཉམ་དུ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པའི་འཐབ་ཇུས་སྣེ་ཁྲིད་ལ་བརྩི་སྲུང་བྱེད་པ་དང་། ཕན་ཚུན་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱས་ནས། འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་གཏིང་ཟབ་དང་། རྨང་གཞིའི་སྒྲིག་བཀོད་སྦྲེལ་མཐུད། ཉོ་ཚོང་དངུལ་གཏོང་།  ཐོན་སྐྱེད་དང་མཁོ་སྤྲོད་མུ་ཕྲེང་།  མི་གཞུང་སོགས་ཀྱི་དངོས་སྒྲུབ་མཉམ་ལས་ཟབ་སྤེལ་བྱས་ཏེ། ཆུ་ཚད་སྔར་ལས་མཐོ་བའི་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱ་འདོད་ཡོད། ཕྱོགས་གཉིས་ཀྱིས་ཕྱོགས་མང་མཐུན་སྦྱོར་དམ་ཟབ་དང་། དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བྱས་ནས།   སྒོ་འབྱེད་གཉིས་ཕན་ལ་སྐུལ་འདེད་གཏོང་དགོས།

སུའུ་ལིན་གྱིས་བསྟན་དོན། ཡོ་ནན་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་པ་མ་ཟད། དེ་ཡོ་ནན་གྱི་ཕྱི་ཕྱོགས་སྲིད་ཇུས་གཙོ་བོར་བརྩིས་ནས། ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་མཉམ་ལས་མཐོ་ཚད་གསར་པ་ཞིག་ཏུ་སྐུལ་འདེད་གཏོང་བ་དང་། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མུ་མཐུད་དུ་སྐས་རིམ་གསར་པ་འཕེལ་རྒྱས་འགྲོ་བར་དངོས་པོའི་རྨང་གཞི་་བརྟན་པོ་འདོན་སྤྲོད་བྱེད་འདོད་ཡོད།

ཝུའུ་ཀྲེང་ལུང་མཇལ་འཕྲད་ལ་ཞུགས།