ལི་ཆང་གིས་འགོ་མཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།
ཁུངས། ཞིན་ཧྭ་གསར་འགྱུར་ཁང་། ཀློག་གྲངས།

ཟླ4པའི་ཚེས17ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས།  རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱས་ཚུལ་གྱི་སྙན་ཞུར་གསན་པ་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་བསྐྱར་གྲོས་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

གྲོས་ཚོགས་ལས་བསྟན་དོན།  ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། རང་སོ་སོའི་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱིས་བཅོས་བསྒྱུར་ཟབ་སྤེལ་དང་སྒོ་འབྱེད་རྒྱ་བསྐྱེད། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་འཚོལ་ཞིབ་བྱས་ནས། ཐོད་བརྒལ་རང་བཞིན་དང་སྣེ་ཁྲིད་རང་བཞིན་གྱི་གྲུབ་འབྲས་རབ་དང་རིམ་པ་བླངས་པར་མ་ཟད། ཕྱོགས་བསྡུས་ཚོད་ལྟའི་སྟེགས་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱས། གནས་བབ་གསར་པ་དང་ལས་འགན་གསར་པར་གདོང་གཏད་དེ། རང་མོས་ཉོ་འཚོང་ཚོད་ལྟ་ཁུལ་ཇེ་ལེགས་སུ་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱ་དགོས་ལ། སྒྲིག་སྲོལ་དང་རྐྱེན་སྲོལ་བཅོས་བསྒྱུར་དང་འཐུས་ཚང་དུ་གཏོང་དགོས་ཤིང་།  བཀོད་སྒྲིག་སྔར་ལས་ཇེ་ལེགས་སུ་གཏོང་བའི་ནུས་རིམ་མཐོ་རུ་བཏང་སྟེ། རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་སྔར་བས་ལེགས་པོ་ཞུ་དགོས།  ཡུལ་བབ་དང་བསྟུན་པ་དང་བརྟན་ཞིང་གོ་རིམ་ལྡན་པ། དངོས་ཕན་དོན་གཉེར་བཅས་ལ་དོ་སྣང་ཆེན་པོ་བྱས་ཏེ། ཚན་རིག་དང་མཐུན་པའི་དཔྱད་འཇོག་དང་རིགས་པས་ཁུངས་སྐྱེལ་གྱི་རྨང་གཞིའི་ཐོག  ས་གནས་སོ་སོའི་གནས་ཚུལ་དང་དགོས་མཁོ་དངོས་ལྟར།  ཆུས་གཅིག་ལ་སྲིད་ཇུས་གཅིག་གི་ཇུས་གཞི་བཟོ་དགོས་པ་དང་། འབྲེལ་ཡོད་བྱ་བར་སྐུལ་འདེད་བཏང་སྟེ། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཧྲང་ཧའེ་སོགས་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱིས་བྱེད་ནུས་ངེས་གནས་ལ་རྐང་ཚུགས་པར་རྒྱབ་སྐྱོར་བྱས་ཏེ། རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་རང་མོས་ཉོ་ཚོང་གི་སྒྲིག་སྲོལ་དང་རང་འགུལ་ངང་འབྲེལ་མཐུད་བྱ་དགོས་ལ།  སྒྲིག་སྲོལ་དང་ལམ་ལུགས། དོ་དམ། ཚད་གཞི་སོགས་ལམ་ལུགས་རྣམ་པའི་སྒོ་འབྱེད་བརྟན་བརླིང་ངང་རྒྱ་བསྐྱེད་ནས། འདྲ་བཟོ་ཆོག་པ་དང་ཁྱབ་གདལ་བཏང་ཆོག་པའི་ཉམས་མྱོང་དང་བྱེད་ཐབས་སྔར་ལས་མང་པོ་འཚོལ་ཞིབ་བྱས་ཏེ། དཔེ་སྟོན་སྣེ་ཁྲིད་དང་ཁྱབ་འགྱེད་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།

གྲོས་ཚོགས་ལས་བསྟན་དོན། སྲིད་འཛིན་བསྐྱར་གྲོས་ནི་སྲིད་འཛིན་རྩོད་གཞི་སེལ་བ་དང་། མང་ཚོགས་དང་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་པའི་ལམ་ལུགས་གལ་ཆེན་ཞིག་ཡིན།  གསར་དུ་བཟོ་བཅོས་བྱས་པའི《སྲོལ་ཡིག》ལས་སྲིད་འཛིན་བསྐྱར་གྲོས་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་སྔར་ལས་ཞིབ་མོ་བཟོས་ནས། ལག་ལེན་ཁྲོད་བྱུང་བའི་གནས་ཚུལ་གསར་པ་དང་གནད་དོན་གསར་པ་ཐག་བཅད་ཅིང་། སྲིད་འཛིན་བསྐྱར་གྲོས་ཀྱི་སྒྲིག་སྲོལ་དང་རྐྱེན་སྲོལ་འཐུས་ཇེ་ཚང་དུ་བཏང་བ་བཅས་སྲིད་འཛིན་རྩོད་གཞི་སྔར་ལས་མང་པོ་སྲིད་འཛིན་ལས་ཁུངས་ནང་ཁུལ་དུ་དོན་དངོས་སུ་སེལ་བར་ཕན་ཐོགས་ཡོད། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་དོན་འཁྱོལ་མཐར་ཕྱིན་བྱེད་རྒྱུ་དམ་འཛིན་བྱས་ཏེ། རང་ངོས་ལྟ་སྐུལ་ལ་སྔར་ལས་ཤུགས་སྣོན་དང་སྲིད་འཛིན་བྱ་སྤྱོད་ཚད་ལྡན་དུ་གཏོང་དགོས་ལ། སྲིད་འཛིན་བསྐྱར་གྲོས་ཀྱི་ཐབས་ལམ་གཙོ་བོའི་ནུས་པ་ངེས་པ་དོན་གྱིས་འདོན་སྤེལ་བྱས་ནས།  སྲིད་གཞུང་གི་བཅོས་སྐྱོང་ནུས་པ་དང་སྤྱི་པའི་ཡིད་རྟོན་ནུས་པ་མུ་མཐུད་དུ་མཐོ་རུ་གཏོང་དགོས།

གྲོས་ཚོགས་ལས་ད་དུང་ནང་དོན་གཞན་དག་ལ་ཞིབ་འཇུག་བྱས།