ཝང་ཧུའུ་ཉིང་ཐའེ་ཝན་སྤུན་ཟླའི་སྤྱི་ཚོགས་ཚོགས་པའི་གླེང་སྟེགས་སྐབས་བདུན་པའི་འགོ་རྩོམ་མཛད་སྒོར་ཞུགས།
ཁུངས། ཞིན་ཧྭ་གསར་འགྱུར་ཁང་། ཀློག་གྲངས།

ཐའེ་ཝན་སྤུན་ཟླའི་སྤྱི་ཚོགས་ཚོགས་པའི་གླེང་སྟེགས་སྐབས་བདུན་པ་ཚེས་17ཉིན་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་འགོ་རྩོམ་མཛད་སྒོར་ཞུགས་པ་མ་ཟད་གསུང་བཤད་གནང་།

ཝང་ཧུའུ་ཉིང་གིས་བསྟན་དོན། ཟླ4པའི་ཚེས10ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འགྲམ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བར་ངོས་འཛིན་གཅིག་མཐུན་ཡང་དག་ལ་བརྟེན་ནས་གྲོས་མཐུན་ཡོང་བ་རྒྱུན་འཁྱོངས་དང་ཞི་བདེ་འཕེལ་རྒྱས་ལ་བརྟེན་ནས་ཐུན་མོང་གི་ཁྱིམ་གཞིས་སྲུང་སྐྱོང་བྱེད་པ་རྒྱུན་འཁྱོངས། སྤེལ་རེས་དང་མཉམ་འདྲེས་ལ་བརྟེན་ནས་དམངས་འཚོའི་བདེ་སྐྱིད་གོང་དུ་སྤེལ་བ་རྒྱུན་འཁྱོངས། མཐུན་སྒྲིལ་འབད་འཐབ་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པ་རྒྱུན་འཁྱོངས་བཅས་ཀྱི་འདོད་ཚུལ་གལ་ཆེན་བཏོན་པ་དེས། འགྲམ་གཉིས་ཀྱི་སྤུན་ཟླས་བློ་སེམས་གཅིག་མཐུན་གྱིས་མེས་རྒྱལ་གཅིག་གྱུར་དང་མི་རིགས་བསྐྱར་དར་གྱི་འོད་སྟོང་འཕྲོ་བའི་མདུན་ལམ་བསྐྲུན་རྒྱུར་སྐུལ་ལྕག་ཐེབས་ངེས། ང་ཚོས་དུས་རབས་གསར་པའི་ཏང་གི་ཐའེ་ཝན་གནད་དོན་ཐག་གཅོད་པའི་སྤྱིའི་ཐབས་ཇུས་ལག་ལེན་མཐར་ཕྱིན་བྱས་ཏེ། ཀྲུང་གོ་གཅིག་གི་རྩ་དོན་དང“དགུ་གཉིས་ཐུན་མོང་ངོས་འཛིན”རྒྱུན་འཁྱོངས་བྱ་དགོས་ལ། རྒྱ་ཆེའི་ཐའེ་ཝན་སྤུན་ཟླར་མཐུན་སྒྲིལ་བྱས་ནས།  འགྲམ་གཉིས་ཀྱི་འབྲེལ་བའི་ཞི་བདེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་མ་ཟད་མེས་རྒྱལ་གཅིག་གྱུར་གྱི་བྱ་གཞག་ཆེན་པོར་མཉམ་དུ་སྐུལ་འདེད་གཏོང་དགོས།

ཝང་ཧུའུ་ཉིང་གིས་བསྟན་དོན། ཐའེ་ཝན་སྤུན་ཟླའི་ཚོགས་པའི་གླེང་སྟེགས་ཀྱིས་འགྲམ་གཉིས་ཀྱི་སྤེལ་རེས་ལ་ཤུགས་སྣོན་བརྒྱག་པ་དང་། སྤུན་ཟླའི་བར་གྱི་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བ། སེམས་ཁམས་གཅིག་མཐུན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་བྱས་རྗེས་མང་པོ་བཞག་ཏེ། ཞི་བདེ་དང་འཕེལ་རྒྱས། སྤེལ་རེས། མཉམ་ལས་བཅས་བྱེད་པའི་བསམ་འདུན་བརྒྱུད་སྤྲོད་བྱས། རྒྱ་ཆེའི་ཐའེ་ཝན་སྤུན་ཟླས་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་དམ་འཛིན་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཁྱིམ་གཞིས་སྲུང་སྐྱོང་དང་འཛུགས་སྐྲུན་ལེགས་པོ་བྱེད་པ་དང་། “ཐའེ་ཝན་རང་བཙན”གྱི་ཁ་བྲལ་དང་ཕྱི་ཕྱོགས་ཀྱི་ཐེ་གཏོགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ།  མེས་རྒྱལ་རྦད་དེ་གཅིག་གྱུར་ཡོང་བའི་ཡིད་ཆེས་དང་ཆོད་སེམས་ཇེ་བརྟན་དུ་གཏོང་བའི་རེ་བ་བྱེད་བཞིན་ཡོད། ཀྲུང་ཧྭའི་རིག་གནས་སྲུང་སྐྱོང་མཁན་དང་རྒྱུད་འཛིན་མཁན། དར་སྤེལ་མཁན་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་དང་། ཀྲུང་ཧྭའི་རིག་གནས། རླབས་ཆེན་མེས་རྒྱལ་བཅས་ལ་ངོས་འཛིན་གཅིག་མཐུན་བྱེད་ཤུགས་ཇེ་ཆེ་རུ་གཏོང་དགོས། འགྲམ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཏུ་བཏང་ནས། འགྲམ་གཉིས་ཀྱི་སྤུན་ཟླར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གོ་སྐབས་དང་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱེད་དགོས།

ལི་ཀན་ཅེ་དང་ཀྲེང་ཅན་པང་། སུའུ་ཧུའེ་བཅས་ཚོགས་འདུར་ཞུགས།

ཀྲེང་ཅན་རྨིན་གྱིས་འགོ་རྩོམ་ཤིས་ཚིག་ཕུལ། ཀྲུང་གོ་གོ་མིན་ཏང་གི་ཀྲུའུ་ཞི་ཟུར་པ་ཧུང་ཞིའུ་ཀྲུའུ་ཡིས་ཚོགས་འདུའི་སྟེང་ཤིས་ཚིག་ཕུལ།