ཞིང་ཆེན་ཡོངས་ཀྱི་གཞི་རིམ་ཏང་འཛུགས་བྱ་བའི་ལས་འགན་གཙོ་བོའི་སྐུལ་འདེད་ཚོགས་འདུ་ཟི་ལིང་དུ་བསྡུས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས།

ཞིང་ཆེན་ཡོས་ཀྱི་གཞི་རིམ་ཏང་འཛུགས་བྱ་བའི་ལས་འགན་གཙོ་བོའི་སྐུལ་འདེད་ཚོགས་འདུ་ཟི་ལིང་དུ་བསྡུས།    གྲོས་ཚོགས་ལས་རྒྱལ་ཡོངས་གཞི་རིམ་ཏང་འཛུགས་བྱ་བའི་ལས་འགན་གཙོ་བོའི་སྐུལ་འདེད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་།   གཞི་རིམ་ཏང་འཛུགས་བྱ་བའི་ཉམས་མྱོང་བརྗེ་རེས་བྱས་པར་མ་ཟད།   2026ལོའི་གཞི་རིམ་ཏང་འཛུགས་བྱ་བའི་ལས་འགན་གཙོ་བོར་བཀོད་སྒྲིག་བྱས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན།    རྒྱུན་འཁྱོངས་ལྷོད་མེད་སྒོས་ཏང་འཛུགས་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་གཏོང་བའི་བྱ་བ་གཏིང་ཟབ་ཏུ་སྤེལ་བ་དང་ཏང་འཛུགས་ཁྲིད་སྟོན་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་ནས་ཏང་གི་ཆབ་སྲིད་དགེ་མཚན་དང་རྩ་འཛུགས་དགེ་མཚན་དེ་གྲོང་གསེབ་དར་སྤེལ་གྱི་སྒུལ་ཤུགས་གཙོ་བོར་བསྒྱུར་དགོས།   རྒྱུན་འཁྱོངས་ལྷོད་མེད་སྒོས་ཏང་འཛུགས་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་ཁྲིད་སྟོན་བྱེད་རྒྱུར་ཤུགས་སྣོན་པ་དང་།    ཏང་གི་འགོ་ཁྲིད་གཞི་རིམ་བཅོས་སྐྱོང་གི་གོ་རིམ་ཡོངས་དང་ཕྱོགས་སོ་སོར་ཁྱབ་པར་བྱས་ནས་གཞི་རིམ་ཏང་འཛུགས་དང་གཞི་རིམ་བཅོས་སྐྱོང་གིས་ཕན་ཚུན་སྐུལ་འདེད་དང་མཉམ་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།   རྒྱུན་འཁྱོངས་ལྷོད་མེད་སྒོས་ཁྱབ་ཁོངས་གསར་པའི་ཏང་གི་འཛུགས་སྐྲུན་རྒྱ་བསྐྱེད་པ་དང་། གཅིག་བསྡུས་མཁྲེགས་གཏོར་གྲུབ་འབྲས་རྒྱུན་མཐུད་གཏིང་ཟབ་ངང་རྒྱ་བསྐྱེད་པ།   ལས་རིགས་ལ་དོ་དམ་དང་ཏང་འཛུགས་ལ་དོ་དམ་བྱེད་པའི་འགན་འཁྲི་ཇེ་དམ་དུ་གཏོང་བ་བཅས་བྱས་ནས་ཁྱབ་ཁོངས་གསར་པའི་ཏང་གི་འཛུགས་སྐྲུན་སྔར་ལས་དམ་འཛིན་བཟང་བོ་བྱེད་དགོས།   རྒྱུན་འཁྱོངས་ལྷོད་མེད་སྒོས་ལས་ཁུངས་དང་ཁེ་ལས།   ལས་རིགས་སྡེ་ཁག་བཅས་ཀྱི་ཏང་འཛུགས་ལ་ཤུགས་སྣོན་པ་དང་།   སྤུས་ཚད་མཐོ་བའི་ཏང་འཛུགས་ལ་བརྟེན་ནས་ཁྱབ་ཁོངས་སོ་སོའི་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིད་སྟོན་བྱས་ཏེ་ལས་ཁུངས་དང་རྒྱལ་དབང་ཁེ་ལས།   ལས་རིགས་སྡེ་ཁག་བཅས་ཀྱིས་སྤྱི་ཡོངས་ལ་དམིགས་ནས་སྟོབས་ཤུགས་གཅིག་བསྡུས་བྱེད་པར་སྐུལ་འདེད་གཏོང་དགོས།   རྒྱུན་འཁྱོངས་ལྷོད་མེད་སྒོས་ཏང་ཡོན་གྱི་གདོང་ལེན་དཔེ་སྟོན་དཔུང་སྡེ་འཛུགས་སྐྱོང་བྱས་ནས་ཏང་ཡོན་དཔུང་སྡེ་དེ་རྨང་གཞི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་བཟོ་སྐྲུན་ཞིག་ཏུ་བརྩིས་ནས་དམ་འཛིན་བཟང་བོ་བྱེད་དགོས།

གྲོས་ཚོགས་ལས་སྤྱི་ཡོངས་ཀྱི་ཟུར་ཚད་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་གཞི་རིམ་ཏང་འཛུགས་བྱ་བ་བཟང་བོར་བསྒྲུབ་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་།    སྤུས་ཚད་མཐོ་བའི་གཞི་རིམ་ཏང་འཛུགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་འགན་སྲུང་བྱས་ཏེ་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འགོ་བཟང་བོར་རྩོམ་པ་དང་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཁྲོད་རྒྱུན་ཆད་མེད་པར་རྩ་འཛུགས་ཀྱི་འགན་འཁྲི་ཇེ་དྲག་ཏུ་གཏོང་བ་དང་རྩ་འཛུགས་ཀྱི་སྟོབས་ཤུགས་འབུལ་བར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།

ལྷ་མོ་ཚེ་རིང་གིས་བསྒྱུར།