​སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རེས་སྐོར་བདུན་པའི་སྐོར་ཞིབ་ཚན་ཆུང་བཅའ་སྡོད་ལེགས་འགྲུབ་བྱུང་།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

ཏང་ཀྲུང་དབྱང་གི་སྐོར་ཞིབ་བྱ་བའི་སྐོར་གྱི་གཅིག་གྱུར་བཀོད་སྒྲིག་ལྟར། ཉེ་ལམ། སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རེས་སྐོར་བདུན་པའི་སྐོར་ཞིབ་ཚན་ཆུང་གིས་བཅའ་སྡོད་བྱ་བ་ལེགས་འགྲུབ་བྱུང་། ཀྲུང་དབྱང་སྐོར་ཞིབ་ཚན་ཆུང15ཡིས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས36ལ་རྒྱུན་གཏན་གྱི་སྐོར་ཞིབ་བྱ་རྒྱུ་རེད།

སྐོར་ཞིབ་བྱེད་ཡུལ་ལས་ཁུངས་ཀྱིས་སོ་སོར་སྐོར་ཞིབ་བཅའ་སྡོད་སྐུལ་སློང་ཚོགས་འདུ་བསྡུས་པ་དང་ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་གི་ཚན་གཙོ་སོ་སོས་སྐུལ་སློང་གཏམ་བཤད་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྐོར་ཞིབ་ལས་དོན་ཏན་ཏིག་གིས་སྤེལ་དགོས་པའི་ཐད་བླང་བྱ་བཏོན།

ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་སོ་སོའི་ཚན་གཙོ་ཡིས་ནན་གྱིས་བསྟན་དོན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ནི“སྲུང་སྐྱོང་གཉིས”ལག་ཏུ་བསྟར་བའི་རུ་སྟར་དང་པོ་ཡིན་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི“ཐོག་མའི་སྤྱི་ལེ་གཅིག”ཡིན། ད་ལོ་ནི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་རྩོམ་པའི་ལོ་ཡིན་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ལ་སྐོར་ཞིབ་བྱེད་པ་ནི། སྐོར་ཞིབ་བྱེད་ཡུལ་ཏང་རྩ་འཛུགས་ཀྱིས་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་དང་། ཐོག་མཐའ་བར་གསུམ་དུ“སྲུང་སྐྱོང་གཉིས”ལེགས་པོར་སྒྲུབ་པར་སྐུལ་འདེད་གཏོང་བ། ཏང་གི་དགོངས་དོན་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་།སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པ། ཏང་གི་རང་ངོས་གསར་བརྗེ་གཏིང་ཟབ་ཏུ་སྤེལ་བ། རྒྱུན་འཁྱོངས་ལྷོད་མེད་སྒོས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། སྐོར་ཞིབ་བྱེད་ཡུལ་ཏང་རྩ་འཛུགས་ཀྱིས་ཆབ་སྲིད་ཀྱི་ལངས་གནས་ཇེ་མཐོར་གཏོང་བ་དང་། བསམ་སྦྱོར་གཉིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་ཡོང་བར་བྱས་ཏེ་འགན་འཁྲིའི་འདུ་ཤེས་མཐོན་པོས་ཏང་ཀྲུང་དབྱང་གིས་སྤྲད་པའི་སྐོར་ཞིབ་ལས་འགན་ལེགས་འགྲུབ་བྱེད་དགོས།

ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་སོ་སོའི་ཚན་གཙོས་བསྟན་དོན།  སྐོར་ཞིབ་ནི་ཏང་ནང་ལྟ་སྐུལ་གྱི་འཐབ་ཇུས་རང་བཞིན་གྱི་ལམ་ལུགས་བཀོད་སྒྲིག་ཅིག་ཡིན་ལ། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་རལ་གྲི་རྣོན་པོ་ཡིན་པ་མ་ཟད། རྒྱལ་སྲིད་སྐྱོང་ལུགས་ཀྱི་མཚོན་ཆའང་ཡིན།ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱེད་པ། ཀྲུང་དབྱང་སྒྲིག་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་ཏང་གི་སྐོར་ཞིབ་བྱ་བའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ། ཆབ་སྲིད་སྐོར་ཞིབ་ཀྱི་ངེས་གནས་བརྟན་སྲུང་བྱེད་པ། ལངས་ཕྱོགས་གསལ་བའི་སྒོ་ནས“སྲུང་སྐྱོང་གཉིས”རྩ་བའི་ལས་འགན་དུ་བརྩིས་ཏེ། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། དངོས་ཐོག་བདེན་འཚོལ་དང་། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་སྐོར་ཞིབ་བྱེད་རྒྱུ་རྒྱུན་འཁྱོངས་བཅས་བྱས་ནས་གནད་འཁེལ་ནུས་ལྡན་སྒོས་ཆབ་སྲིད་ལྟ་སྐུལ་བྱ་བ་སྤེལ་ངེས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པར་དམིགས་ནས། སྲིད་འབྲས་ལྟ་བ་ཞེས་པའི་རྩ་བའི་རང་བཞིན་གྱི་གནད་དོན་ལ་དམ་པོར་དམིགས་ཏེ། སྐོར་ཞིབ་བྱེད་ཡུལ་ཏང་རྩ་འཛུགས་ཀྱིས་འགན་འཁྲི་སྒྲུབ་པ་དང་ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱས་པའི་གནས་ཚུལ་བཅས་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བར་སྐུལ་འདེད་དང་འགོ་ཁྲིད་ཚན་ཁག་ལ་ཤུགས་སྣོན་པ། ལས་བྱེད་པ་དང་ཤེས་ལྡན་མི་སྣའི་དཔུང་སྡེ་དང་།  གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་གནས་ཚུལ་ལ་རྒྱུས་ལོན་གཏིང་ཟབ་བྱེད་པ། སྐོར་ཞིབ་དག་ཐེར་གནས་ཚུལ་ལ་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་ཤུགས་ཆེན་པོས་ཆབ་སྲིད་ཀྱི་ནོར་འཛོལ་འཚོལ་ཞིབ་བྱེད་པ།  འབུར་ཐོན་གནད་དོན་ཐག་གཅོད་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བྱ་བ་སྣ་ཚོགས་ཀྱི་འཕེལ་རྒྱས་དང་ཏང་འཛུགས་སྐྱོང་ཐད་འགན་སྲུང་ནུས་ལྡན་མཁོ་འདོན་བྱེད་དགོས།  སྐོར་ཞིབ་བྱེད་ཡུལ་ཏང་རྩ་འཛུགས་ཀྱི་འགན་འཁུར་པ་གཙོ་བོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། བརྗོད་གཞི་གཅིག་མཐུན་མཉམ་དུ་ལན་འདེབས་པ་རྒྱུན་འཁྱོངས་དང་རང་རྟོགས་ཀྱིས་ལྟ་སྐུལ་དང་ལེན་བྱེད་པ།  རང་འགུལ་གྱིས་སྐོར་ཞིབ་ལ་གཞོགས་འདེགས་བྱེད་པ། དག་ཐེར་ལེགས་བཅོས་དམ་འཛིན་ནན་མོ་བྱེད་པ།  ཏང་ཀྲུང་དབྱང་གིས་བསྩལ་བའི་འགན་འཁྲི་དང་ལས་འགན་སྔར་ལས་ལེགས་པོར་བསྒྲུབ་པ་བཅས་བྱས་ཏེ་འགུལ་སྐྱོད་དངོས་ལ་བརྟེན་ནས་བློ་བརྟན་འགྱུར་མེད་སྒོས་གཏན་ཕབ་གཉིས་སྲུང་སྐྱོང་དང་སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་ལེགས་པར་སྒྲུབ་ངེས།

རྒྱུས་ལོན་ལྟར་ན།  ཀྲུང་དབྱང་སྐོར་ཞིབ་ཚན་ཆུང15ཡིས་སྐོར་ཞིབ་བྱེད་ཡུལ་ལས་ཁུངས་སུ་ཟླ་བ་གཉིས་དང་ཕྱེད་ཀའི་རིང་བྱ་བ་སྒྲུབ་རྒྱུ་ཡིན་ལ། སྐོར་ཞིབ་སྐབས་སུ་ཆེད་དུ་ལས་རེས་ཁ་པར་དང་སྦྲག་སྲིད་ཡིག་སྒམ་བཙུགས་ནས། གཙོ་བོར་སྐོར་ཞིབ་བྱེད་ཡུལ་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ཚོགས་པ་དང་ཁོངས་མི། རིམ་པ་རྗེས་མའི་ཏང་རྩ་འཛུགས་ཀྱི་འགན་ཁུར་བ་གཙོ་བོའི་གནད་དོན་ཐད་འཕྲིན་ཡིག་སྐུར་བ་དང་ཁ་པར་ཡོང་བ་དང་ལེན་བྱ་རྒྱུ་ཡིན་ལ། དེའི་གཙོ་གནད་ནི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྲིད་གཙང་གི་སྒྲིག་ཁྲིམས།  མང་ཚོགས་ཀྱི་སྒྲིག་ཁྲིམས། བྱ་བའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་སོགས་ལ་འགལ་བའི་ཕྱོགས་ཀྱི་ཞུ་གཏུག་དང་ཡར་ཞུ་ཡིན། སྐོར་ཞིབ་ཚན་ཆུང་གིས་འཕྲིན་ཡིག་དང་ཁ་པར་དང་ལེན་བྱེད་པའི་དུས་ཚོད2026ལོའི་ཟླ་དྲུག་པའི་ཚེས་ཉེར་གསུམ་བར་ཡིན།