དམངས་གཙོ་མནའ་འབྲེལ་མཚོ་སྔོན་ཞིང་ཆེན་སྐབས་བཅོ་ལྔ་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་བསྡུས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས།

ཟླ4པའི་ཚེས17ཉིན། དམངས་གཙོ་མནའ་འབྲེལ་མཚོ་སྔོན་ཞིང་ཆེན་སྐབས་བཅོ་ལྔ་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་བསྡུས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། དམངས་གཙོ་མནའ་འབྲེལ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཝང་ཞོན་གྱིས་བྱ་བའི་སྙན་ཞུ་ཕུལ།

གྲོས་ཚོགས་ལས་བསྟན་དོན། 2025ལོར། དམངས་གཙོ་མནའ་འབྲེལ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་བསམ་བློ་ཆབ་སྲིད་འཛུགས་སྐྱོང་གོ་གནས་དང་པོར་བཞག་སྟེ། རྒྱ་ཆེའི་མནའ་འབྲེལ་ཨུ་ཡོན་གྱི་སྣེ་ཁྲིད་ནས་གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་བླངས་ཤིང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་སྒྲུབ་ཐུབ་པར་བྱས་ལ། ཏང་མང་མཉམ་ལས་ཀྱི་ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་བཏང་། དམངས་གཙོ་མནའ་འབྲེལ་ཀྲུང་དབྱང་དང་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ཁག་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོན་དང་། སྡེ་ཁག་སོ་སོའི་དགེ་མཚན་འདོན་སྤེལ་བྱས་ཤིང་། སྤུས་ཚད་མཐོན་པོས་འགན་འཁྲི་ཁག་ཁུར་བྱས་ཏེ་བྱ་བའི་ལས་འགན་སོ་སོ་བདེ་བླག་ངང་འགྲུབ་པར་བྱས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དམངས་གཙོ་མནའ་འབྲེལ་བཙུགས་ནས་ལོ85འཁོར་བའི་ལོ་དང་། དམངས་གཙོ་མནའ་འབྲེལ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་བཙུགས་ནས་ལོ75འཁོར་བའི་ལོ་ཡིན་པས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། སྲིད་ཞུགས་སྤྱི་དོན་གྱི་ཆེད་དང་དངོས་སྒྲུབ་དམངས་ཀྱི་ཆེད་ཡིན་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ནས་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་ཏན་ཏིག་གཏོང་དགོས་ལ།  སྲིད་ཞུགས་ཏང་གི་འགན་ནུས་དོན་དངོས་སུ་ལག་བསྟར་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ཐད་སྐུལ་འདེད་ཧུར་ཐག་གཏོང་ཆེད་སྟོབས་ཤུགས་འབུལ་དགོས། གཞུང་ལུགས་ཀྱི་དྲག་ཆས་སྤྲས་ཤུགས་ཇེ་དྲག་ཏུ་གཏོང་བ་དང་བསམ་བློའི་ངོས་འཛིན་གཅིག་སྡུད་བྱས་ཏེ། འགན་སྒྲུབ་ཀྱི་གཙོ་སྙིང་གནད་འཁེལ་བྱས་ཐོག་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་དང་སྦྲེལ་མཐུད་བྱེད་དགོས་ཤིང་། ཇུས་འདོན་སྲིད་གླེང་དང་ངོས་འཛིན་གཅིག་སྡུད་སྟེང་ཕྱོགས་གཉིས་ཀྱི་ཤུགས་བཏོན་ནས། རྟོག་ཞིབ་སྔར་ལས་གཏིང་ཟབ་ཅིང་གྲོས་མོལ་སྔར་ལས་ནུས་ལྡན་ཡིན་ལ། ལྟ་སྐུལ་སྔར་ལས་ཤུགས་ཡོད་དུ་གཏོང་དགོས། དམངས་གཙོ་མནའ་འབྲེལ་གྱི་དགེ་མཚན་མུ་མཐུད་དུ་འདོན་སྤེལ་བྱས་ཏེ། སྤྱི་ཚོགས་ཞབས་ཞུའི་ཟོང་རྟགས་བསྐྲུན་པའི་སྟེང་རྒྱ་སྐྱེད་གསར་པ་མངོན་འགྱུར་བྱེད་དགོས། གཞི་རྩ་ཇེ་བརྟན་དུ་གཏོང་བ་དང་རྩ་འཛུགས་ཀྱི་གསོན་ཤུགས་དང་བྱེད་ནུས་རྒྱ་བསྐྱེད་པ། ལས་ཁུངས་ཀྱི་བྱེད་ཕྱོགས་འཛུགས་སྐྲུན་ལོ་གཙོ་གནད་དུ་བཟུང་སྟེ། ཆབ་སྲིད་བརྟན་ཞིང་ནུས་མཐོ་ཚད་ལྡན་ཡིན་པ། སྤྱོད་ཚུལ་ཏན་ཏིག་བཅས་ཀྱི་དམངས་གཙོ་མནའ་འབྲེལ་གྱི་ལས་ཁུངས་ཤིག་བསྐྲུན་པར་འབད་པ་བྱེད་དགོས།

རིག་འཛིན་སྒྲོལ་མས་བསྒྱུར།