

ཟླ4པའི་ཚེས21ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་གིས་པེ་ཅིང་དུ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་ས་གནས་སྲིད་གཞུང་གི་ནང་བློན། ཞིང་སྡེ་འཕེལ་རྒྱས་དང་མཉམ་ལས་ཁང་གི་པུའུ་ཀྲང་ཨ་ལ་མུའུ་ཅིའར་གྱིས་སྣེ་ཁྲིད་པའི་བྷང་ག་ལའི་མི་རིགས་རིང་ལུགས་ཏང་གི་མཐོ་རིམ་ལས་བྱེད་པའི་རྟོག་ཞིབ་ཚོགས་པར་མཇལ་འཕྲད་གནང་།
རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་གིས་ཚེས21ཉིན་པེ་ཅིང་དུ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་ས་གནས་སྲིད་གཞུང་གི་ནང་བློན། ཞིང་སྡེ་འཕེལ་རྒྱས་དང་མཉམ་ལས་ཁང་གི་པུའུ་ཀྲང་ཨ་ལ་མུའུ་ཅིའར་གྱིས་སྣེ་ཁྲིད་པའི་བྷང་ག་ལའི་མི་རིགས་རིང་ལུགས་ཏང་གི་མཐོ་རིམ་ལས་བྱེད་པའི་རྟོག་ཞིབ་ཚོགས་པར་མཇལ་འཕྲད་གནང་།
ཧན་ཀྲེང་གིས་ཀྲུང་གོ་དང་བྷང་ག་ལ་རྒྱལ་ཁབ་གཉིས་ནི་ཕན་ཚུན་རྒྱུས་མངའ་ཡོད་པའི་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་ཡིན། ཀྲུང་གོའི་ཕྱོགས་ཀྱིས་བྷང་ག་ལའི་འདེམས་བསྐོ་ཆེན་མོ་བདེ་བླག་ངང་ལེགས་འགྲུབ་བྱུང་བར་རྟེན་འབྲེལ་ཞུས་པ་དང་། བྷང་ག་ལའི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་ཐུན་མོང་ངོས་འཛིན་གལ་ཆེན་གྱིས་སྣེ་ཁྲིད་དེ་སྲོལ་རྒྱུན་གྱི་མཛའ་མཐུན་རྒྱུན་འཁྱོངས་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ་དང་།“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། ཀྲུང་གོ་དང་བྷང་ག་ལའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་བྷང་ག་ལའི་མི་རིགས་རིང་ལུགས་ཏང་དང་མཉམ་དུ་མཉམ་ལས་བརྗེ་རེས་ལ་ཤུགས་སྣོན་འདོད་ཡོད་པ་བསྟན།
ཨ་ལ་མུའུ་ཅིའར་གྱིས་བསྟན་དོན། ཀྲུང་གོ་ནི་བྷང་ག་ལའི་བློས་ཐུབ་གྲོགས་པོ་དང་སྤུན་ཟླ་ཡིན། མོང་ཞིན་སྲིད་གཞུང་གིས་ཀྲུང་གོ་གཅིག་གི་རྩ་དོན་དང་ཀྲུང་གོའི་བར་གྱི་མཛའ་མཐུན་འབྲེལ་བ་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་མཐོ་རིམ་འགྲོ་འོང་དང་ཁྱབ་ཁོངས་མཉམ་ལས་ལ་ཤུགས་བསྣན་ནས། བྷང་ག་ལ་དང་ཀྲུང་གོའི་འབྲེལ་བ་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་བའི་རེ་བ་བཅངས་ཡོད།