
གསར་འགོད་པར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ནས་ཤེས་རྟོགས་བྱུང་དོན། ད་ལོའི་ཟླ་དང་པོ་ནས་གསུམ་པའི་བར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་ས་ཡ2འབུམ9ཁྲི9འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་བྱས་པའི་ལས་ཀ་ཤོར་ཚད་ཆ་སྙོམས་སུ་བརྒྱ་ཆ5.3ཟིན་པ་དང་། ལས་ཞུགས་གནས་བབ་སྤྱིའི་ཆ་ནས་བརྟན་པོ་རེད། དུས་ཚིགས་དང་པོར་ལས་ཤོར་འགན་བཅོལ་གྱི་གནས་བརྟན་ཕྱིར་སློག་མ་དངུལ་སྒོར་ཐེར་འབུམ3དུང་ཕྱུར1དང་། སྟེར་ཐེངས་གཅིག་གི་ལས་གནས་རྒྱ་སྐྱེད་ཀྱི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར5 རྩལ་ནུས་མཐོར་གཏོང་གི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར8བཅས་སྤྲད།