ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་པུའུ་ལས་ཁུངས་ཀྱི་ན་གཞོན་ལས་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས། 
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས།

ལྔ་བཞིའི་ན་གཞོན་དུས་ཆེན་གྱི་སྐབས་སུ། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་པུའུ་ལས་ཁུངས་ཀྱི་ན་གཞོན་ལས་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ན་གཞོན་བྱ་བའི་སྐོར་གྱིི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ན་གཞོན་ལས་བྱེད་པས་ལྔ་བཞིའི་སྙིང་སྟོབས་དར་སྤེལ་དང་། ལས་བྱེད་པའི་འགན་འཁྲི་འཁུར་རྒྱུར་སྐུལ་ལྕག་བཏང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཚའོ་ཅུན་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད་པ་དང་། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ལས་ཁུངས་ཀྱི་ན་གཞོན་ལས་བྱེད་པ12ཀྱིས་ལས་གནས་ཀྱི་འགན་འཁྲི་དང་འཚར་ལོངས་ཀྱི་མྱོང་ཚོར་དང་ཟུང་འབྲེལ་བྱས་ཏེ། ཕུགས་བསམ་དད་སེམས་ཇེ་བརྟན་དུ་གཏོང་བ་དང་། འཇོན་ཐང་ཆེ་རུ་གཏོང་བ། སྒྲིག་ཁྲིམས་དང་སྒྲིག་ལམ་ནན་སྲུང་བྱེད་པ་སོགས་ཀྱི་ཐད་ནས་བརྗེ་རེས་གཏམ་བཤད་བྱས།

ཚོགས་འདུ་ལས་བསྟན་དོན། ན་གཞོན་ལས་བྱེད་པ་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་སྟོབས་ཤུགས་གསར་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་རྒྱུན་འཛིན་པ་ཡིན་ལ།   པུའུ་ལས་ཁུངས་ཀྱི་ན་གཞོན་ལས་བྱེད་པ་ནི་ཏང་གི་རྩ་འཛུགས་བྱ་བའིི་མ་འོངས་པ་དང་རེ་བ་ཡིན་པས། ངེས་པར་དུ་དར་ཆ་གསལ་སྒྲེང་གིས་ཆབ་སྲིད་ཨང་དང་པོར་འཇོག་པ་དང་། "གཏན་ཕབ་གཉིས"ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ"དང་། འདུ་ཤེས་བཞི"ཇེ་དྲག་ཏུ་གཏོང་བ། "ཡིད་རྟོན་བཞི"ཇེ་བརྟན་དུ་གཏོང་བ། "སྲུང་སྐྱོང་གཉིས"ལེགས་པོར་བསྒྲུབ་པ་བཅས་བྱས་ཏེ། རང་རྟོགས་ངང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་དད་མོས་མཁན་དང་ལྷག་བསམ་རྣམ་དག་གི་ལག་ལེན་པ་བྱས་ནས། ཏང་གི་རྩ་འཛུགས་བྱ་བའི་ཁྲོད་དངོས་སྒྲུབ་དང་འབད་བརྩོན་ཆེན་པོས་མདུན་སྐྱོད་བྱེད་དགོས་ཞེས་བསྟན།

ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། རྩ་འཛུགས་སྡེ་ཁག་གི་ན་གཞོན་ལས་བྱེད་པས་ཏང་གཤིས་བརྟན་པོས་ལས་གཉེར་བྱེད་པ་དང་། ཚེ་གང་བོར་སློབ་སྦྱོང་བྱས་ནས་འཚར་ལོངས་ཡོང་བར་བྱེད་པ། དངོས་སྒྲུབ་ཀྱི་རྣམ་འགྱུར་གྱིས་ཡར་རྒྱས་བརྩོན་ལེན་བྱེད་པ། ཀུན་སྤྱོད་བཟང་པོས་ཉམས་འགྱུར་མངོན་པར་བྱེད་པ། བདེ་ཐང་གི་དགའ་ཕྱོགས་ཀྱིས་སེམས་ཁམས་གསོ་སྐྱོང་བྱེད་པ། རང་གཅུན་ནན་མོས་ཚད་མཐའ་སྲུང་བ་བཅས་བྱས་ཏེ། དུས་རབས་དང་མི་ཚེ་སྟོང་ཟད་དུ་མི་གཏོང་བར། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་ལག་ལེན་ཁྲོད་དང། རྩ་འཛུགས་བྱ་བའི་ཞུན་བརྡར་ཁྲོད་འགན་འཁྲི་འཁུར་མཁན་དང་འབད་འཐབ་པ། གསར་གཏོད་པ། ལེགས་སྐྱེས་འབུལ་མཁན་བཅས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་རྩོམ་ཆེད་ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།

ཤ་བོ་གསེར་མཚོས་བསྒྱུར།