
ཟླ4ཚེས28ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལས་ཁུངས་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས་ན་གཞོན་ལས་བྱེད་པར"སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པ་དང་། དངོས་སྒྲུབ་དང་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་ལང་ཚོའི་སྟོབས་ཤུགས་འབུལ"ཞེས་པའི་མཉམ་སྤྱོད་བརྗེ་རེས་ཚོགས་འདུ་བསྡུས་ནས་མཉམ་དུ་ལང་ཚོའི་གཏམ་རྒྱུད་བྲིས་པ་དང་། འགན་འཁྲི་འཁུར་སེམས་གླེང་བ། བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
བྱེད་སྒོའི་ཁྲོད་ཚང་མས་མཉམ་དུ་ཞིང་ཆེན་ཞིབ་དཔྱོད་ཁང་གི12309ཞིབ་དཔྱོད་ཞབས་ཞུའི་ལྟེ་གནས་དང་། གྱོད་གཞི་དོ་དམ་ཚོམས་ཆེན། སྨྱན་སྦྱོར་མཉམ་འདྲེས་ལྟེ་གནས་སོགས་ལ་ལྟ་སྐོར་བྱས་པ་དང་། གྲངས་འཛིན་ཅན་གྱི་གྱོད་གཞི་སྒྲུབ་གཉེར་གྲུབ་འབྲས་ལ་རྒྱུས་ལོན་བྱས་ཤིང་། བྱ་བའི་ཆེད་དོན་བརྙན་ཐུང་ལ་བལྟས་པར་མ་ཟད། མཉམ་དུ《ཞི་ཅིན་ཕིང་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སྐོར་གྱི་རྣམ་བཤད་གཅེས་བཏུས》ཀྱི་འབྲེལ་ཡོད་ནང་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ན་གཞོན་རྣམས་ལ་གནང་བའི་མངགས་བཅོལ་སློབ་སྟོན་སློབ་སྦྱོང་བྱས། ལས་ཁུངས་གཉིས་ཀྱི་ན་གཞོན་ལས་བྱེད་པ8ཀྱིས་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས་ཁྲིམས་འཛུགས་ལྟ་སྐུལ་དང་ཞིབ་དཔྱོད་ཀྱི་འགན་འཁྲི་སྒྲུབ་པ་སོགས་ལས་གནས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་རིགས་པའི་གཞུང་ལུགས་སློབ་སྦྱོང་གི་མྱོང་ཚོར་དང་། འགན་འཁྲི་སྒྲུབ་པའི་འཚོལ་ཞིབ། མང་ཚོགས་ལ་ཞབས་འདེགས་ཞུ་བའི་མྱོང་ཚོར་དང་འགག་སྒྲོལ་དཀའ་སེལ་གྱི་གྲུབ་འབྲས་བཅས་མཉམ་སྤྱོད་བྱས་ཏེ་དུས་རབས་གསར་པའི་ན་གཞོན་ལས་བྱེད་པའི་དད་སེམས་བརྟན་པོ་དང་། ལྷག་བསམ་རྣམ་དག་གིས་འགན་འཁྲི་སྒྲུབ་པ། གསར་གཏོད་ཡར་བརྩོན་བཅས་ཀྱི་སྙིང་སྟོབས་ཀྱི་ཉམས་འགྱུར་གང་ལེགས་མངོན་པར་བྱས་པས་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁེངས།
ཚོགས་ཞུགས་ན་གཞོན་ལས་བྱེད་པ་ཚོས་གཅིག་གྱུར་སྒོས་བལྟས་ན། བྱེད་སྒོ་འདིའི་བརྗོད་བྱ་གཙོ་བོ་ཁ་གསལ་ཞིང་གྲུབ་འབྲས་མངོན་གསལ་ཡིན་པས། ཕྱོགས་གཉིས་ཀྱི་ན་གཞོན་ལས་བྱེད་པར་སློབ་སྦྱོང་བརྗེ་རེས་དང་མཉམ་དུ་ཡར་རྒྱས་ཡོང་བའི་སྟེགས་བུ་གལ་ཆེནོ་ཞིག་བསྐྲུན་ཡོད་པར་འདོད། ཚང་མས་བསྟན་དོན། བྱེད་སྒོ་འདི་འགོ་འཛུགས་ས་གསར་པར་བརྩིས་ནས། ཐོག་མའི་བསམ་འདུན་དང་འགན་འཁྲི་སེམས་ལ་བརྟན་པོར་ངེས་པ་དང་འགན་འཁྲི་འཁུར་སེམས་ལྡན་པ། ཡང་དག་པའི་སྲིད་འབྲས་ལྟ་བ་སེམས་ལ་ཟུག་པ་དང་ཕྱི་རུ་མངོན་པ། རང་འཁྲིའི་ལས་གནས་ལ་གཞི་ཚུགས་པ་དང་འགན་འཁྲི་ལྕི་མོ་འཁུར་ཕོད་པ། དངོས་སྒྲུབ་ལ་བརྟེན་ནས་ལང་ཚོའི་སྟོབས་ཤུགས་འབུལ་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ལ་ལང་ཚོའི་སྟོབས་ཤུགས་འབུལ་རྒྱུ་ཡིན།
ཤ་བོ་གསེར་མཚོས་བསྒྱུར།