ཞི་ཅིན་ཕིང་གིས་ཀྲུང་གོའི་ན་གཞོན་ལྔ་བཞིའི་གཟེངས་རྟགས་དང་དུས་རབས་གསར་པའི་ན་གཞོན་གདོང་ལེན་བྱ་དགའ་ཐོབ་མཁན་གྱི་འཐུས་མིར་འཕྲིན་ལན་སྤྲིངས་པར་རྒྱ་ཆེ་བའི་ན་གཞོན་ཁྲོད་དོ་སྣང་ཆེན་པོ་བྱུང་། 
ཁུངས། ཀློག་གྲངས།

ལྔ་བཞིའི་ན་གཞོན་དུས་ཆེན་སླེབས་ལ་ཉེ་བའི་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ན་གཞོན་ལྔ་བཞིའི་གཟེངས་རྟགས་དང་དུས་རབས་གསར་པའི་ན་གཞོན་གདོང་ལེན་བྱ་དགའ་ཐོབ་མཁན་གྱི་འཐུས་མིར་འཕྲིན་ལན་སྤྲིངས་ནས་རྒྱལ་ཡོངས་མི་རིགས་སོ་སོའི་ན་གཞོན་ཚོར་དུས་ཆེན་ལ་རྟེན་འབྲེལ་ཞུས་པ་མ་ཟད་ཐུགས་རེ་ཟབ་མོ་ཡང་བཏོན། སྤྱི་ཁྱབ་ཧྲུའུ་ཅིའི་བརྩེ་བས་ཕྱུག་ཅིང་སེམས་པ་དྲོ་བའི་འཕྲིན་ལན་དེ་རྒྱ་ཆེའི་ན་གཞོན་ཁྲོད་དོ་སྣང་ཆེན་པོ་བྱུང་། ཚང་མས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་དེ་འབད་འབུངས་ཡར་བརྩོན་གྱི་སྒུལ་ཤུགས་སུ་བསྒྱུར་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་འཐབ་ལམ་གསར་པ་རུ་དཔའ་ངར་ཆེར་བསྐྱེད་ཀྱི་ཉམས་འགྱུར་མངོན་པ་དང་ལང་ཚོའི་སྟོབས་ཤུགས་འབུལ་དགོས་པར་བསྟན།  

ཞི་ཅིན་ཕིང་གིས་འཕྲིན་ལན་ཁྲོད་གསུང་དོན། ཁྱེད་ཚོས་ཏང་གི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས། ཚན་རྩལ་གསར་གཏོད་དང་གྲོང་གསེབ་དར་སྤེལ། སྤྱི་ཚོགས་ཞབས་ཞུ། རྒྱལ་སྲུང་མཐའ་སྲུང་སོགས་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་རྐང་ཚུགས་པ་དང་།   དངོས་སྒྲུབ་ཁག་ཁུར་ལ་བརྟེན་ནས་ལང་ཚོའི་ལེའུ་བྲིས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ན་གཞོན་གྱི་རང་སྟོབས་རང་སྤེལ་དང་དཔའ་ངར་ཆེར་སྐྱེད་ཀྱི་ཉམས་འགྱུར་བཟང་བོ་མངོན་ཡོད།

སྤྱི་ཁྱབ་ཧྲུའུ་ཅིའི་སྐུལ་ལྕག་གིས་རྒྱ་ཆེའི་གཞོན་ནུ་ཚོར་སྐུལ་ལྕག་དང་ངར་ཤུགས་ཆེན་པོ་བསྩལ་ཡོད།

 2013ལོའི་ལོ་འཁོར་གྱི་ཀྲུང་གོའི་ན་གཞོན་ལྔ་བཞིའི་གཟེངས་རྟགས་ཐོབ་མཁན། ཀྲུང་གོ་རྡོ་སྣུམ་བཟོ་སྐྲུན་ཚད་ཡོད་ཀུང་སིའི་འཛུགས་སྐྲུན་ཀུང་སི་དང་པོ་གློག་ཤུགས་ཚ་ལའི་དབུ་བཞུགས་ལག་རྩལ་པ། ཕའེ་ཞན་ཧྥིན་གིས་བཤད་རྒྱུར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁས་ལེན་གང་ལེགས་གནང་བར་ང་ཚོར་སྤོབས་སེམས་ཆེན་པོ་སྐྱེས་སུ་བཅུག་ལ། ཕྲག་གི་འགན་འཁྲི་དང་འོས་འགན་ལྕི་བ་ཡང་ཚོར་བྱུང་། ངས་འཕྲིན་ལན་གྱི་དགོངས་དོན་མཛུབ་སྟོན་དུ་བཟུང་ནས་རྩལ་ནུས་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་སེམས་འདུན་དམ་སྲུང་དང་། ལས་གནས་ལ་གཞི་ཚུགས་ནས་ལག་རྩལ་ཞིབ་འཇུག་དང་འཇོན་ཐང་སྦྱོང་བརྡར་བྱས་ཏེ་ལས་ཀའི་ཡུལ་དངོས་སུ་རྐང་བཙུགས་ནས།  དངོས་སྒྲུབ་ཀྱིས་ལག་རྩལ་གྱི་དཀའ་གནད་སྒྲོལ་བ་དང་།  བཟོ་བོའི་སྙིང་སྟོབས་ཀྱིས་རྒྱལ་ཁབ་ཆེན་མོའི་མཆོག་ནོར་བཟོ་བ་དང་ལྷན་དུ་ན་གཞོན་དེ་བས་མང་བའི་རྩལ་ནུས་ལ་བརྟེན་ནས་འཇོན་ཐང་ཅན་དུ་འགྱུར་བ་དང་རྩལ་ནུས་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་ལམ་དུ་བསྐྱོད་པར་སྐུལ་ཁྲིད་བྱས་ཏེ། དངོས་སྒྲུབ་འགན་འཁུར་གྱིས་བཟོ་སྐྲུན་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་ལང་ཚོའི་བློ་གྲོས་དང་སྟོབས་ཤུགས་འབུལ་རྒྱུ་ཡིན།

2018ལོའི་ལོ་འཁོར་གྱི་ཀྲུང་གོའི་ན་གཞོན་ལྔ་བཞིའི་གཟེངས་རྟགས་ཐོབ་མཁན། ཅིས་ལིན་སློབ་ཆེན་ལུས་རྩལ་སློབ་གླིང་གི་དགེ་རྒན་ཆེན་མོ། ཝུའུ་ཏ་ཆིན་གྱིས་བཤད་རྒྱུར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་འབྱོར་བས་ང་ལ་སྐུལ་ལྕག་ཆེན་པོ་ཐེབས་པ་དང་། སེམས་སུ་དྲོད་ཁོལ་གྱིས་ཁེངས་ཤིང་།  སེམས་ཤུགས་ལྡབ་འགྱུར་གྱིས་འཕེལ་བྱུང་། དེ་ནི་ང་ཚོར་ཁས་ལེན་གནང་བ་ཡིན་པ་མ་ཟད། རྒྱ་ཆེའི་ན་གཞོན་རྣམས་ལ་དེ་བས་ཀྱང་ཐུགས་རེ་ནན་མོ་བཅོལ་ཡོད་ལ།    ང་ཚོའི་འབད་འབུངས་ཡར་བརྩོན་ལ་ཁ་ཕྱོགས་མཛུབ་སྟོན་གནང་ཡོད།   ལང་ཚོ་ནི་འབད་འཐབ་དབང་གིས་འོད་སྣང་ལྡན་ཞིང་། འགན་འཁྲི་ཕྲག་ཏུ་འཁུར་བས་རབ་ཏུ་ལྕི། ངས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཡིད་ལ་དམ་པོར་བཅངས་ཏེ་ཐོག་མའི་སེམས་འདུན་བརྟན་སྲུང་དང་སྙིང་རུས་ཆེན་པོས་འབད་འཐབ། དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་ནས། ན་གཞོན་གྱི་ཕུགས་འདུན་དོན་གཉེར་དང་རྒྱལ་ཁབ་ལ་གཟི་བརྗིད་བརྩོན་ལེན་བྱས་ཏེ། བྱ་སྤྱོད་དངོས་ཀྱིས་ལུས་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱ་ཆེད་ལང་ཚོའི་སྟོབས་ཤུགས་འབུལ་རྒྱུ་ཡིན། 

བོད་ལྗོངས་ཞིང་ཕྱུག་སློབ་ཆེན་རྩི་ཤིང་ཚན་རིག་སློབ་གླིང་ལོ་ཏོག་རིག་པའི་ཆེད་ལས་ཀྱི་ཞིབ་འཇུག་སློབ་མ། ཚེ་རིང་གཡང་འཛོམས་ཀྱིས་བཤད་རྒྱུར།

ལྔ་བཞིའི་ན་གཞོན་དུས་ཆེན་སླེབས་ཐེངས་རེར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ན་གཞོན་ཚོར་གཟིགས་ནས་ང་ཚོའི་སེམས་ལ་དྲོད་འཁོལ་དང་སྟོབས་ཤུགས་བསྩལ་ཡོང་། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གྱི་གྲོང་གསེབ་དར་སྤེལ་གཏོང་བའི་སྐོར་གྱི་བཀའ་སློབ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། གཞི་རྩའི་ནུས་རྩལ་ལེགས་པར་སྦྱངས་ནས་ཁྱད་ལྡན་ཐོན་ལས་དང་གྲོང་གསེབ་ཀྱི་རིག་གནས་དང་ཡུལ་སྐོར་སོགས་མཐའ་དར་དམངས་ཕྱུག་གི་ཐོན་ལས་ལ་རྐང་ཚུགས་ཏེ།  བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་སྔར་བས་བཟང་བོ་ཞུ་བ་དང་ཡུལ་མི་ཚོར་རོགས་རམ་བྱས་ཏེ་འཚོ་བ་ཇེ་ལེགས་སུ་བཏང་ནས་ཡངས་ཤིང་རྒྱ་ཆེ་བའི་གྲོང་གསེབ་ཏུ་ངོ་གནོང་མི་དགོས་པའི་ལང་ཚོའི་རྒྱུགས་ལན་འབྲི་རྒྱུ་ཡིན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་གསུང་དོན། ད་ལོ་ནི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་བརྩམས་པའི་ལོ་ཡིན་ཞིང་། ན་གཞོན་རྣམས་ཀྱིས་བྱས་རྗེས་འཇོག་པའི་དུས་ལ་བབས་ཡོད། ཁྱོད་ཚོས་ཕུགས་བསམ་ཆེན་པོ་བཅངས་ནས་འབད་འཐབ་བྱ་དགོས་པ་དང་།  རྒྱ་ཆེའི་ན་གཞོན་རྣམས་ཀྱི་སྣེ་ཁྲིད་དེ་སྒེར་གྱི་འཚོལ་སྙེགས་དེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཁྲོད་འདྲེས་སུ་འཇུག་པ་དང་། རང་སོ་སོའི་ལས་གནས་ལ་རྐང་བཙུགས་ནས་བྱས་རྗེས་གསར་པ་རྒྱུན་མི་ཆད་པར་སྐྲུན་ཏེ། འཐབ་ལམ་གསར་པ་རུ་ལང་ཚོའི་སྟོབས་ཤུགས་འབུལ་དགོས། ཚང་མས་བསྟན་དོན། འཕྲིན་ལན་ནང་དུ་། སྤྱི་ཁྱབ་ཧྲུའུ་ཅིས་དུས་རབས་གསར་པའི་ན་གཞོན་ཚོར་བཅངས་པའི་ཡིད་ཆེས་དང་ཐུགས་རེས་ཁེངས་ཡོད་ཅིང་། བསླབ་བྱ་ནན་ཏན་དང་མངགས་བཅོལ་ཟབ་མོས་འབད་འབུངས་ཡར་བརྩོན་གྱི་སྐུལ་མ་གནང་ཡོད།

2026ལོ་འཁོར་གྱི་ཀྲུང་གོའི་ན་གཞོན་ལྔ་བཞིའི་ཐུན་མོང་གཟེངས་རྟགས་ཐོབ་མཁན།  ཧྲང་ཧའེ་དབྱིབས་མྱུར་བར་མཐོངས་ཀྱི་དཔེ་དབྱིབས་ཆེན་པོ་གསར་གཏོད་སྐྱེ་ཁམས་སྡེ་ཁུལ་ཏང་ཨུའི་ཧྲུའུ་ཅི། ཀྲང་ཡུན་གྱིས་བཤད་རྒྱུར། ན་ནིང་ཟླ4པར་སྤྱི་ཁྱབ་ཧྲུའུ་ཅིས་དབྱིབས་མྱུར་བར་མཐོངས་ལ་རྟོག་ཞིབ་གནང་སྐབས།  ང་ཚོའི་ན་གཞོན་ཚོར་རྒྱལ་གཅེས་ཀྱི་བསམ་པ་འཆང་བ་དང་། རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་ཕུགས་བསམ་འཛུགས་པ། རྒྱལ་ཁབ་ཀྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས་པའི་ལྕག་སྐུལ་གནང་བ་རེད།  ད་ཐེངས་འཕྲིན་ལན་ནང་ཁོང་གིས་སླར་ཡང་ང་ཚོར་ཐུགས་རེ་ཆེན་པོ་བཅོལ་ཡོད།  ང་ཚོའི་རྒྱ་ཆེའི་ན་གཞོན་རྣམས་ཀྱིས་ཕུགས་བསམ་ཆེན་པོ་འཆང་བ་དང་འབད་འཐབ་ལྷོད་མེད་བྱ་རྒྱུའི་ཐུགས་རེ་བཅངས་ཡོད།   ང་ཚོས་མངག་བཅོལ་ཡིད་ལ་དམ་པོར་བཅངས་ནས། “གཏན་འཁེལ་གཉིས་”མཐའ་གཅིག་ཏུ་བརྩི་སྲུང་དང་། “སྲུང་སྐྱོང་གཉིས་”མཐའ་གཅིག་ཏུ་སྒྲུབ་ནས། མི་སྒེར་གྱིས་འབད་འཐབ་བྱེད་པ་དེ་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་དང་དམ་པོར་སྦྲེལ་ཏེ། མིས་བཟོས་རིག་ནུས་ཁྱབ་ཁོངས་སུ་རྐང་ཚུགས་ནས་དཔེ་དབྱིབས་ཆེན་པོ་གསར་གཏོད་དང་སྐྱེ་ཁམས་འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། དངོས་སྒྲུབ་ཀྱི་ཚན་རྩལ་གསར་གཏོད་བྱས་འབྲས་ལ་བརྟེན་ནས་ཚན་རྩལ་གྱིས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་ཐོག་མའི་བསམ་འདུན་གྱི་འགན་འཁྲི་ལག་བསྟར་བྱེད་དགོས། 

2026ལོ་འཁོར་གྱི་དུས་རབས་གསར་པའི་ན་གཞོན་ནུ་གདོང་ལེན། རྒྱལ་སའི་གསོ་རིག་ཚན་རིག་སློབ་ཆེན་ཞོན་ཝུའུ་སྨན་ཁང་གི་ཀྲུའུ་རེན་གཞོན་པ་སྨན་པ་ཆིན་ཆི་ཡིས་བཤད་རྒྱུར།

སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་གྱིས་ང་ཚོའི་སེམས་ཤུགས་བསྩལ་ཡོད། ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་བརྩམས་པའི་ལོ་འདིར། ངས་ཕུགས་བསམ་དང་ཡིད་ཆེས་བརྟན་པོས་སྨན་པའི་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་མི་སྒེར་གྱི་འཚར་ལོངས་དེ་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་གྱི་སྤྱི་ཡོངས་དང་མཉམ་བསྲེས་བྱས་ཏེ་ནད་ཐོག་སྨན་བཅོས་དང་ཚན་རིག་ཞིབ་འཇུག་གི་འཐབ་ས་དང་པོ་ནས་བློ་བརྟན་འགྱུར་མེད་དང་འབད་འབུངས་ཡར་བརྩོན་བྱས་ཏེ། དངོས་སྒྲུབ་ལ་བརྟེན་ནས་ནད་བརྟག་སྨན་བཅོས་གྱི་ལག་རྩལ་ཡར་རྒྱས་དང་ནད་པར་ཞབས་འདེགས་ཞུ་བ་དང་། ཚན་རིག་ཞིབ་འཇུག་གི་འགག་གནད་སྒྲོལ་བར་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་དཔའ་ངར་ཆེན་པོས་གསོ་རིག་གི་ཡང་རྩེར་བསྙེགས་ཏེ་མི་དམངས་ཀྱི་བདེ་ཐང་སྲུང་སྐྱོབ་ལ་ལང་ཚོའི་སྟོབས་ཤུགས་འབུལ་རྒྱུ་ཡིན། 

2026ལོ་འཁོར་གྱི་དུས་རབས་གསར་པའི་ན་གཞོན་གདོང་ལེན། ཆིང་ཧྭ་སློབ་ཆེན་གྲངས་རིག་ཚན་ཁག་གི་དགེ་རྒན་ཆེན་མོ་ལིའུ་ཀྲེང་ཝེ་ཡིས་བཤད་རྒྱུར།

“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འི་རྩ་གནད་ནང་ཚད་རྡུལ་ཚན་རྩལ་དེ་མ་འོངས་པའི་ཐོན་ལས་ནང་བཅུག་ཡོད་པས།  ངའི་སེམས་སུ་འགན་འཁྲི་ཕྲག་ཏུ་བབས་ཡོད་པ་དང་། སྤྱི་ཁྱབ་ཧྲུའུ་ཅིས་གསུངས་པ་ལྟར་ན་གཞོན་རྣམས་ཀྱིས་བྱས་རྗེས་འཇོག་པ་ནི་དུས་སྐབས་དང་མཐུན་པ་ཞིག་རེད། འབད་འཐབ་ཀྱིས་འཐབ་ལམ་གསར་པར་སྐྱོད་སྐབས་ངས་འགན་འཁྲི་འཁུར་ཕོད་ལ་རྒྱུན་མཐུད་འགག་སྒྲོལ་བྱ་རྒྱུ་ཡིན་པ་དང་། ཚད་རྡུལ་ཚན་རྩལ་དེ་རྨང་གཞིའི་རིགས་གཞུང་གི་ཞིབ་འཇུག་ནས་འགག་རྩའི་ལག་རྩལ་གྱི་འགག་གནད་ལས་སྒྲོལ་ཏེ་གྲུབ་འབྲས་དོན་འཁྱོལ་དངོས་སྒྱུར་དང་། མུ་ཕྲེང་ཡོངས་སུ་ཐོན་ལས་ཀྱི་ནུས་པ་འབྲེལ་མཐུད་བྱེད་པར་སྐུལ་འདེད་ཧུར་ཐག་བཏང་སྟེ། ཚན་ཞིབ་གྲུབ་འབྲས་དེ་མེས་རྒྱལ་གྱི་ས་གཞི་ཆེན་པོར་འབུལ་དགོས་ལ། དུས་མཚུངས་སུ་ཚན་རིག་ཞིབ་འཇུག་དང་མི་གསོ་སྐྱོང་བྱེད་པའི་འཐབ་ཕྱོགས་དང་པོར་གཞི་ཚུགས་ཏེ་བློ་རྩེ་གཅིག་སྒྲིམ་གྱིས་རྒྱལ་ཁབ་ལ་གསར་གཏོད་ཤེས་ལྡན་མི་སྣ་རྩེ་གྲ་གསོ་སྐྱོང་བྱེད་པ་དང་། ན་གཞོན་མང་པོས་རྒྱལ་ཁབ་ཀྱི་ཆུ་ཚད་མཐོ་བའི་ཚན་རྩལ་གྱི་རང་ཚུགས་རང་སྟོབས་ལ་ལང་ཚོའི་སྒུལ་ཤུགས་བསྣོན་རྒྱུ་ཡིན།

དེ་རིང་། གུང་གཞོན་ཚོགས་པ་ཀྲུང་དབྱང་དང་རྒྱལ་ཡོངས་ན་གཞོན་མཉམ་འབྲེལ་ལྷན་ཚོགས། རྒྱལ་ཡོངས་སློབ་མའི་ལྷན་ཚོགས། རྒྱལ་ཡོངས་ལོ་ཆུང་བྱིས་པའི་ལས་དོན་ཨུ་ལྷན་བཅས་ཀྱིས་བཞུགས་མོལ་ཚོགས་འདུ་བསྡུས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱས། ན་གཞོན་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་དང་གཅེས་སྐྱོང་དེ་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་སྒུལ་ཤུགས་སུ་བསྒྱུར་ནས། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་ལང་ཚོའི་བློ་གྲོས་དང་སྟོབས་ཤུགས་འབུལ་བའི་འབོད་སྐུལ་བཏང་།

2026ལོའི་ཀྲུང་གོའི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་ཐོབ་མཁན། ཀོང་ཏུང་ཞིང་ཆེན་ཀོང་ཀྲོའུ་གྲོང་ཁྱེར་སྤྱི་བདེ་ཅུས་ཉེན་རྟོག་ལག་རྩལ་ཉིང་ལག་རུ་ཁག་གི་ཉིང་ལག་རུ་གཙོ་གཞོན་པ་ཀྲའོ་ཅན།

སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་གྱིས་ང་ཚོས་འགན་འཁྲི་གཙང་སྒྲུབ་དང་འགན་འཁྲི་འཁུར་ཕོད་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བོ་བསྟན་ཡོད། ངས་ལག་རྩལ་གྱི་བྱ་བ་གཙོ་བོ་གཏིང་ཟབ་པའི་སྒོ་ནས་ཞིབ་འཇུག་དང་རང་ཉིད་ཀྱི་འཇོན་ཐང་ནུས་ལྡན་དུ་བཏང་ནས། མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་ཏེ་ཚན་རྩལ་གསར་གཏོད་ཀྱི་སྤྱི་བདེའི་དངོས་འཐབ་ལ་རྒྱུན་མཐུད་ངང་སྐུལ་འདེད་དང་། དྲང་བཞག་དྲང་བདེན་གྱི་སྲོག་རྩ་དམ་པོར་སྲུང་ནས་བློ་བརྟན་འགྱུར་མེད་ངང་ཏང་དང་མི་དམངས་ཀྱི་ལྷག་བསམ་རྣམ་དག་གི་སྲུང་དམག་བྱས་ཏེ་ཆུ་ཚད་མཐོ་བའི་དུས་བདེའི་ཀྲུང་གོ་འཛུགས་སྐྲུན་བྱ་ཆེད་ལང་ཚོའི་སྟོབས་ཤུགས་འབུལ་རྒྱུ་ཡིན།

2026ལོ་འཁོར་གྱི་དུས་རབས་གསར་པའི་ན་གཞོན་གདོང་ལེན། ཀན་སུའུ་ཞིང་ཆེན་མིན་ཆིང་རྫོང་སོན་ནགས་སྤྱི་ཕན་འཕེལ་རྒྱས་ལྟེ་གནས་ཀྱི་འགན་འཁུར་བ་ཀྲུང་ལིན་གྱིས་བཤད་རྒྱུར།

སྒེར་གྱི་ཕུགས་བསམ་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ནང་བཞག་ན་ལང་ཚོར་གཞི་ནས་རིན་ཐང་ལྡན་པ་ཤེས། ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་ཚུགས་པའི་ལོ་འདིར་ངས་མངགས་བཅོལ་ཡིད་ལ་དམ་པོར་བཅངས་ནས་འབད་འཐབ་ལྷོད་མེད་ཀྱིས་མུ་མཐུད་དུ་བྱེ་ཐང་གི་བྱེ་བཅོས་སྔོ་སྲུང་ལ་གཞི་ཚུགས་ཏེ་སྡོང་བོ་ལེགས་པོར་འཛུགས་རྒྱུ་ཡིན། གཞོན་ནུ་མང་བོའི་སྒེར་གྱི་དོན་གཉེར་དེ་རྒྱལ་ཁབ་ཀྱི་ཁོར་ཡུག་འཐབ་ཇུས་དང་སྤྱི་ཡོངས་ཀྱི་འཕེལ་རྒྱས་ནང་མཉམ་བསྲེས་བྱེད་པར་སྐུལ་ཁྲིད་བྱས་ནས་སྙིང་རུས་མཐའ་འཁྱོངས་ཀྱིས་དངོས་སྒྲུབ་བྱས་ཏེ་བྱེ་ཐང་དུ་ལང་ཚོའི་འགན་འཁྲི་འཁུར་རྒྱུ་ཡིན།

2026ལོ་འཁོར་གྱི་ཀྲུང་གོའི་ན་གཞོན་ལྔ་བཞིའི་གཟེངས་རྟགས་ཐོབ་མཁན། རྒྱལ་ཁབ་ལྕགས་ལམ་ཞི་ཨན་ཡན་ལག་ཅུས་ཀྱི་ཟོག་འགྲེམས་ལྟེ་གནས་ཞི་ཨན་རྒྱལ་སྤྱིའི་གྲུ་ཁའི་ལས་གཉེར་པུའུ་ཡི“དར་གོས་ལམ་བུའི་ན་གཞོན་ནུ་གདོང་ལེན”ན་གཞོན་ཚོགས་པའི་ཁོངས་མི་ཧན་པིང་ཅེ་ཡིས་བཤད་རྒྱུར།

ད་ལོ་ནི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་སྒྲུབ་འགོ་ཚུགས་པའི་ལོ་ཡིན། ན་གཞོན་རྣམས་ཀྱིས་དུས་ཐོག་ཏུ་བྱས་རྗེས་བཞག་པར་བརྟེན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་དགོངས་དོན་མཛུབ་སྟོན་དུ་བཟུང་སྟེ་ལང་ཚོའི་ཕུགས་བསམ་དང་རྒྱལ་ཁབ་གཅིག་ཏུ་དམ་པོར་སྦྲེལ་ནས་རྒྱལ་སྤྱིའི་གྲུ་ཁའི་ས་ཚིགས་ཀྱི་འཐབ་ཕྱོགས་དང་པོར་གཞི་ཚུགས་ནས་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་ལ་སྲུང་སྐྱོང་དང་། ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་དར་གོས་ལམ་བུའི་སྟེང་ཇེ་བརྟན་དང་ཇེ་མགྱོགས་སུ་སོང་ནས་སྤུས་ཚད་མཐོན་པོའི་ངང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་ཆེད་ལང་ཚོའི་སྟོབས་ཤུགས་འབུལ་རྒྱུ་ཡིན།