“ལྔ་གཅིག”གུང་གསེང་རིང་འཛད་སྤྱོད་བྱེད་མཁན་མང་།
ཁུངས། ཀློག་གྲངས།

ཚོང་དོན་པུའུ་ཡིས་ཚེས་ལྔ་ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། ད་ལོའི“ལྔ་གཅིག”གུང་གསེང་རིང་དུས་ཆེན་གྱི་འཛད་སྤྱོད་གསོན་ཤུགས་རྒྱུན་མཐུད་ངང་འཕེལ།

ཚོང་ཚོམས་ཆེ་གྲས་ཁག་ཏུ་མི་ཚོགས་ཀྱིས་ཁེངས་ནས། ཟླ5པའི་ཚེས1ཉིན་ནས་ཚེས4ཉིན་བར་ཚོང་དོན་པུའུ་ཡིས་གཙོ་གནད་ལྟ་ཞིབ་ཚད་ལེན་བྱས་པའི་རྐང་ཐང་ཁྲོམ་གཞུང78གྱི་འགྲུལ་རྒྱུན་ཚད་དང་ཚོང་གཉེར་འབོར་གྲངས་ན་ནིང་གི་དུས་མཉམ་ལས་སོ་སོར5.0%དང5.3%འཕར།

ཞབས་ཞུའི་འཛད་སྤྱོད་ཀྱི་དགོས་མཁོ་ཧ་ཅང་ཆེ་སྟེ། གུང་གསེང་རིང་། གཙོ་གནད་ལས་སྟེགས་ཀྱི་རྒྱལ་ཡོངས་ཀྱི་ཞིང་ཆེན་བརྒལ་བའི་ཡུལ་སྐོར་བའི་གྲངས་འབོར་གཞི་ཁྱོན་ན་ནིང་གི་དུས་མཉམ་ལས7.6%འཕར་བ་དང་། དེའི་ཁྲོད་སྤྱི་ལེ800ཡན་ཕྱིར་སྐྱོད་བྱས་པའི་ཡུལ་སྐོར་བའི་གྲངས་འབོར20%འཕར་ནས། དེར་མཚུངས་ཀྱི་གསོལ་མགྲོན་ཁང་གི་ཞག་སྡོད་འཛད་སྤྱོད18%འཕར་བར་སྐུལ་ཁྲིད་བྱས།

ཚོང་ཟོག་འཛད་སྤྱོད་ཀྱི་རྣམ་པ་རིམ་སྤར་བྱས་ནས། ཟླ5པའི་ཚེས4ཉིན་བར།  2026ལོར་འཛད་སྤྱོད་ཐོན་རྫས་རྙིང་ཚབ་གསར་བརྗེ་བྱས་ནས་མི་ཐེངས་བྱེ་བ་བརྒྱད་ས་ཡ་དྲུག་ཉིས་འབུམ་བཞི་སྟོང་ལ་ཕན་ཐོགས་ཏེ། ཕྱིར་འཚོང་གྲངས་འབོར་སྒོར་ཁྲག་ཁྲིག་དྲུག་ཐེར་ཆེན་གཉིས་ཐེར་འབུམ་དགུ་དུང་ཕྱུར་གཉིས་བྱེ་བ་བདུན་སྐུལ་ཁྲིད་བྱས།