
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཟླ4པའི་ཚེས29ཉིན་ནས་ཟླ5པའི་ཚེས1ཉིན་བར་ཀོང་ཞི་རུ་རྟོག་ཞིབ་གནང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆུ་དྲ་འཛུགས་སྐྲུན་སྐོར་གྱི་རྒྱས་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་བྱེད་དགོས་ཤིང་། དཔལ་འབྱོར་གྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས། སྐྱེ་ཁམས་ཀྱི་ཕན་འབྲས། བདེ་འཇགས་ཀྱི་ཕན་འབྲས་བཅས་གཅིག་གྱུར་ཡོང་བར་རྒྱུན་འཁྱོངས་བྱེད་དགོས་པ་དང་། རྒྱལ་ཁབ་ཀྱི་ཆུ་དྲའི་སྒྲོམ་གཞི་གཙོ་བོ་གང་མགྱོགས་ངང་བསྐྲུན་དགོས། རིམ་པ་སོ་སོའི་ཆུ་དྲའི་ལས་གྲྭ་གཅིག་འདོམས་འཆར་འགོད་དང་འཛུགས་སྐྲུན་བྱས་ནས། ཆུའི་ཐོན་ཁུངས་ཀྱི་ཕྱོགས་བསྡུས་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡོང་བར་རྨང་གཞིའི་འདེགས་སྐྱོར་དང་འགན་སྲུང་གལ་ཆེན་འདོན་སྤྲོད་བྱེད་དགོས་ཞེས་ནན་གྱིས་བསྟན།
ནན་ཉིང་གྲོང་ཁྱེར་དུ། ལི་ཆང་ཡུས་ཅང་ལའོ་ཁོའུ་ཆུ་བེད་ལྟེ་གནས་དང་ཡུང་ཆུའི་བྱང་རྒྱུད་ཀྱི་ཆུ་རགས་དབུས་མའི་ཆུས་གཏོར་དུམ་བུའི་འཕྲལ་སྡོམ་ཉེན་སེལ་ལས་གཞིའི་ཡུལ་དངོས་སུ་ཕེབས་ནས། ཀོང་ཞིའི་ཆུ་དྲ་འཆར་འགོད་དང་འཛུགས་སྐྲུན་བྱས་ཚུལ་སྐོར་གྱི་སྙན་ཞུར་གསན། ལི་ཆང་གིས་ཆུ་དྲ་འཛུགས་སྐྲུན་ནི་འབྲུབ་འགོག་གནོད་སེལ་གྱི་ནུས་པ་ཆེ་རུ་གཏོང་བ་དང་། ཆུའི་ཐོན་ཁུངས་ཀྱི་བཀོད་སྒྲིག་ལེགས་སྒྱུར་བྱེད་པ། རྒྱལ་ཁབ་ཀྱི་ཆུའི་བདེ་འཇགས་ལ་འགན་སྲུང་བྱེད་པའི་འཐབ་ཇུས་བྱེད་ཐབས་ཡིན་ཏེ། འགྲིམ་འགྲུལ་སྐྱེལ་འདྲེན་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། ཡུལ་སྐོར་མཛེས་ལྗོངས་སོགས་ཕྱོགས་མང་པོའི་བྱེད་ནུས་ལྡན་པས། མ་ལག་འཐུས་ཚང་དང་། བདེ་འཇགས་ཡིད་རྟོན་རུང་བ། ལེགས་བསྡུས་ཞིབ་གཉེར་དང་ལས་ཆོད་ཆེ་བ། ལྗང་མདོག་རིག་ནུས། འཁོར་རྒྱུག་ཤར་བགྲོད། སྙོམ་སྒྲིག་གོ་རིམ་ལྡན་པ་བཅས་ཀྱི་དམིགས་འབེན་དམ་པོར་བཟུང་ནས། ཆུ་དྲའི་འཛུགས་སྐྲུན་སྔར་ལས་མགྱོགས་པར་སྐུལ་འདེད་གཏོང་བ་དང་། གསོག་གྲངས་དང་འཕར་གྲངས་གཅིག་འདོམས་བྱེད་པ། མཉམ་འབྲེལ་མཉམ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཆུ་བེད་རྨང་གཞིའི་སྒྲིག་བཀོད་གསར་སྒྱུར་དང་གྲངས་རིག་ཅན་གྱི་སྒྱུར་བཀོད་ལ་སྐུལ་འདེད་གཏོང་བ་དང་། དྲ་རྒྱའི་ཕན་འབྲས་ཆེ་རུ་གཏོང་བར་ཤུགས་སྣོན་དགོས། ཀོང་ཞི་ཡིས་རྒྱལ་ཁབ་ཀྱི་ཆུ་དྲའི་འཆར་འགོད་དོན་འཁྱོལ་ནན་ཏན་བྱེད་པ་དང་། རིམ་པ་སོ་སོའི་ཆུ་དྲ་ལས་གཞི་ལག་བསྟར་ཡག་པོ་བྱེད་པ། ཉམས་མྱོང་དང་བྱེད་ཐབས་བཟང་པོ་སྔར་ལས་མང་པོ་འཚོལ་ཞིབ་ཧུར་ཐག་བྱེད་དགོས་པ་བསྟན།

ཟླ4པའི་ཚེས29ཉིན་ནས་ཟླ5པའི་ཚེས1ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཀོང་ཞི་རུ་རྟོག་ཞིབ་གནང་། འདི་ནི་ཟླ4པའི་ཚེས30ཉིན། ལི་ཆང་ཆིན་ཀྲོའུ་གྲོང་ཁྱེར་ཕིང་ལུའུ་མིས་བཟོས་གཙང་བོའི་མ་ཏའོ་ལྟེ་བར་ཕེབས་ནས། མིས་བཟོས་གཙང་པོའི་འཛུགས་སྐྲུན་གནས་ཚུལ་ངོ་སྤྲོད་ལ་གསན་ཏེ། ཨར་ལས་ཡུལ་དངོས་ལ་གཟིགས་ཞིབ་བྱེད་བཞིན་པ་ཡིན།
ཆིན་ཀྲོའུ་གྲོང་ཁྱེར་དུ། ལི་ཆང་ཕིང་ལུའུ་མིས་བཟོས་གཙང་བོའི་མ་ཏའོ་ལྟེ་གནས་སུ་ཕེབས་ནས། མིས་བཟོས་གཙང་བོ་འཛུགས་སྐྲུན་བྱས་ཚུལ་སྐོར་གྱི་ངོ་སྤྲོད་ལ་གསན། ལི་ཆང་གིས་ཕིང་ལུའུ་མིས་བཟོས་གཙང་བོ་ནི་གཙང་བོ་དང་རྒྱ་མཚོ་བར་སྦྲེལ་མཐུད་བྱེད་པ་དང་། སྐམ་མཚོ་མཉམ་འགུལ་ལ་མཚོན་ན་བྱེད་ནུས་གལ་ཆེན་ལྡན། ཚད་གཞི་དང་སྤུས་ཚད་མཐོ་བའི་སྒོ་ནས་མིས་བཟོས་གཙང་བོའི་འཛུགས་སྐྲུན་ལེགས་པར་བསྒྲུབ་སྟེ། དུས་བཅད་ལྟར་རྒྱུ་ལམ་ཤར་གཏོང་ཐུབ་པར་འགན་ལེན་བྱེད་པ་དང་། ཞིབ་བཤེར་ཐེག་ཐུབ་པའི་དཔེ་སྟོན་ལས་གཞི་ཧུར་ཐག་གིས་བསྐྲུན་དགོས་པ་བསྟན། ལི་ཆང་བྱང་རྒྱུད་མཚོ་ཁུག་གྲུ་ཁའི་ཆིན་ཀྲོའུ་རང་འགུལ་ཅན་དོས་སྒམ་གྲུ་ཁར་ཕེབས་ནས་རིག་ལྡན་གྲུ་ཁའི་ལས་སྒྲུབ་ཚུལ་ལ་གཟིགས། ཁོང་གིས་བྱང་རྒྱུད་མཚོ་ཁུག་གྲུ་ཁ་ཡིས་ཁུལ་གནས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། གྲུ་ཁའི་སྒྲིག་བཀོད་འཛུགས་སྐྲུན་སྔར་ལས་འཐུས་ཚང་དུ་གཏོང་བ། རིག་ནུས་ཅན་གྱི་གཉེར་སྐྱོང་ཆུ་ཚད་ཇེ་མཐོར་གཏོང་བ། སྣ་མང་མཉམ་འབྲེལ་སྐྱེལ་འདྲེན་ཧུར་ཐག་གིས་འཕེལ་རྒྱས་བཏང་ནས།ཁྱབ་འགྱེད་སྐུལ་ཁྲིད་ཀྱི་ཕན་ནུས་ཆེ་རུ་གཏོང་དགོས་ཞེས་ནན་གྱིས་བསྟན།

ཟླ4པའི་ཚེས29ཉིན་ནས་ཟླ5པའི་ཚེས1ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཀོང་ཞི་རུ་རྟོག་ཞིབ་གནང་། འདི་ནི་ཟླ5པའི་ཚེས1ཉིན། ལི་ཆང་པེ་ཧའེ་གྲོང་ཁྱེར་བྱང་རྒྱུད་མཚོ་ཁུག་སྐོར་བའི་ཀོང་ཞིའི་ཆུའི་ཐོན་ཁུངས་བགོ་སྒྲིག་ལས་གྲྭ་ཉིའུ་ཝེ་ལིན་ཆུ་འཐེན་ས་ཚིགས་སུ་ཕེབས་ནས་རྟོག་ཞིབ་གནང་བཞིན་པ་ཡིན།
པེ་ཧའེ་གྲོང་ཁྱེར་དུ། ལི་ཆང་ཅིན་ཧའེ་མཚོ་ཁུག་སྡོང་དམར་ནགས་ཚལ་སྐྱེ་ཁམས་སྲུང་སྐྱོབ་ཁུལ་དུ་ཕེབས་ནས། སྡོང་དམར་ནགས་ཚལ་སྲུང་སྐྱོབ་ཀྱི་གནས་ཚུལ་ཞིབ་མོར་དྲིས། ཁོང་གིས་བསྟན་དོན། ཆུའི་སྐྱེ་ཁམས་སྲུང་སྐྱོབ་ནི་ཆུ་དྲ་འཛུགས་སྐྲུན་གྱི་ནང་དོན་གལ་ཆེན་ཞིག་ཡིན་པས། རྒྱུད་རིམ་ལྡན་པའི་བཅོས་སྐྱོང་དང་ཕྱོགས་བསྡུས་བཅོས་སྐྱོང་། འབྱུང་རྩ་ནས་བཅོས་སྐྱོང་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཏེ། སྡོང་དམར་ནགས་ཚལ་གྱི་བརླན་ས་སོགས་སྲུང་སྐྱོབ་དང་ཉམས་གསོ་བྱ་རྒྱུར་ཤུགས་སྣོན་དགོས། བྱང་རྒྱུད་མཚོ་ཁུག་སྐོར་བའི་ཀོང་ཞིའི་ཆུའི་ཐོན་ཁུངས་བགོ་སྒྲིག་བཟོ་སྐྲུན་ཉིའུ་ཝེ་ལིན་ཆུ་འཐེན་ས་ཚིགས་སུ། ལི་ཆང་གིས་ཆུ་འདྲེན་ལས་གྲྭ་གལ་ཆེན་ལ་འཆར་འགོད་དང་འཛུགས་སྐྲུན་ལེགས་པོ་བྱས་ཏེ། ཆུའི་ཐོན་ཁུངས་བགོ་སྒྲིག་གི་རྣམ་པ་འཐུས་ཚང་དུ་གཏོང་དགོས་པ་དང་། ཕན་ཚུན་རོགས་སྐྱོར་དང་མཉམ་འབྲེལ་ཆུ་འདྲེན་མངོན་འགྱུར་བྱས་ཏེ། ཆུའི་ཐོན་ཁུངས་ཀྱི་བགོ་སྒྲིག་བྱེད་ནུས་དང་ཆུ་མཁོ་འདོན་འགན་སྲུང་བྱེད་ནུས་ཆེ་རུ་གཏོང་དགོས་ཞེས་ནན་གྱིས་བསྟན།
རྟོག་ཞིབ་སྐབས་སུ། ལི་ཆང་གིས་ཀོང་ཞིའི་ཞོད་འགོག་གྲ་སྒྲིག་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་མཛད། ཁོང་གིས་བསྟན་དོན། ཀོང་ཞི་སོགས་ལྷོ་ཕྱོགས་ས་ཁུལ་དུ་ཆུ་རྒྱས་པའི་དུས་སུ་སླེབས་ཡོད་པས། ཉེན་ཁའི་མངོན་མེད་རྐྱེན་ངན་ལེབ་བཤེར་བཅོས་སྒྲིག་ཁྱོན་ཡོངས་ནས་སྤེལ་ཏེ། ཆར་བའི་གནས་ཚུལ་དང་ཆུའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བར་ཤུགས་སྣོན་པ་དང་། ཆུ་བེད་ལས་གྲྭ་མཉམ་འབྲེལ་བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ། མི་སྣ་མྱུར་དུ་གནས་སྤོ་དང་ཉེན་གཡོལ་བྱེད་པ་སོགས་ཀྱི་སྔོན་ཇུས་འཐུས་ཚང་དུ་བཏང་སྟེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱེད་དགོས།
ཝུའུ་ཀྲིན་ལུང་གིས་མཉམ་དུ་རྟོག་ཞིབ་བྱས།