ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ཆེད་དམིགས་བྱ་སྤྱོད་ཆེན་པོ་ལྔ་བཀོད་སྒྲིག་བྱས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས།

ཉེ་ལམ། ཞིང་ཆེན་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ཇུས་གཞི་པར་འགྲེམས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ལས་ཁུངས་སུ་ཁྲིམས་ལྟར་ཁྲིམས་དང་གཏུག་བཤེར། འཕྲིན་བཅར་སོགས་ཀྱི་ཐད་བསགས་ཡོད་པའི་བྱ་བ་མང་པོ་དང་།   “ལག་བསྟར་བྱེད་དཀའ་བ”ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་པ།    ཆ་འཕྲིན་དྲ་རྒྱའི་མགོ་སྐོར་ལ་རྡུང་རྡེག་གཏོང་བ་དང་བཅོས་སྐྱོང་བྱེད་པ། འབྲེལ་ཡོད་ཁྱུ་ཚོགས་ཀྱི་སློབ་གསོའི་དོ་དམ་ཞབས་ཞུ་ཇེ་ལེགས་སུ་གཏོང་བ། ནར་མ་སོན་པའི་མིའི་ཁྲིམས་འགལ་ཉེས་གསོག་ལ་སྔོན་འགོག་དང་བཅོས་སྐྱོང་བྱེད་པ་བཅས་ཀྱི་ཐད་ཆེད་དམིགས་བྱ་སྤྱོད་ཆེན་པོ་ལྔ་རྩ་འཛུགས་བྱས་ཏེ། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གྱི་གཙོ་གནད་དང་དཀའ་གནད་ཀྱི་གནད་དོན་འགག་སྒྲོལ་ཐག་གཅོད་བྱས་ནས། མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོབ་ཏན་ཏིག་བྱས་ཏེ་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་།  

རྒྱུས་ལོན་པ་ལྟར་ན། ཆེད་དམིགས་ཀྱི་བྱ་སྤྱོད་ཆེན་པོ་ལྔའི་དམིགས་འབེན་གནད་ལ་འཁེལ་བ་དང་མཐུན་སྦྱོར་ཤུགས་སྣོན་བྱས་ཡོད། ཁྲིམས་ལྟར་བཅའ་ཁྲིམས་དང་གཏུག་བཤེར་ལ་འབྲེལ་བ་ཡོད་པ་དང་འཕྲིན་བཅར་གྱི་འགོར་ལུས་གྱོད་གཞིའི་ཆེད་དམིགས་བྱ་སྤྱོད་སེལ་བའི་ཐད་ཁྲིམས་སྐྱོང་བསམ་གཞིགས་དང་ཁྲིམས་སྐྱོང་བྱེད་སྟངས་རྒྱུན་འཁྱོངས་བྱས་ཏེ། 2024ལོ་ནས་བཟུང་བཅའ་ཁྲིམས་དང་གཏུག་བཤེར་ལ་འབྲེལ་བ་ཡོད་པའི་འཕྲིན་བཅར་དོན་དག་སེལ་བའི་ཐད། ཁྲིམས་ལྟར་ཁག་ཅིག་ལ་ཞིབ་བཤེར་དང་ཁག་ཅིག་སེལ་བ།     ཁག་ཅིག་ལ་རོགས་སྐྱོབ་བྱེད་པ། ཁག་ཅིག་མཇུག་སྒྲིལ་བ་བཅས་བྱས་ནས། བཅའ་ཁྲིམས་དང་གཏུག་བཤེར་ལ་འབྲེལ་བ་ཡོད་པའི་འཕྲིན་བཅར་གནད་དོན་ངོ་བོའི་རང་བཞིན་གྱི་ཐག་གཅོད་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་ཡོད།

ནུས་ཤུགས་ཡོད་རྒུས“ལག་བསྟར་དཀའ་བ”ཐག་གཅོད་བྱེད་པའི་ཆེད་དམིགས་བྱ་སྤྱོད་དེ“ལག་བསྟར་འགག་སྒྲོལ་ལོ”རྒྱབ་ལྗོངས་སུ་བྱས་ནས། ལག་བསྟར་མཉམ་འགུལ་གྱི་ཞན་ཆར་དམིགས་པ་དང་། སྡེ་ཁག་ལས་བརྒལ་བའི་མཉམ་འགུལ་བཅོས་སྐྱོང་གཏིང་ཟབ་ཏུ་བཏང་སྟེ།     ཕྱོགས་བསྡུས་བཅོས་སྐྱོང་གི“ལག་བསྟར་དཀའ་བའི”མ་ལག་དེ“རྐྱེན་སྲོལ་འཛུགས་པ”ནས“ནུས་ཕྱོད་གློད་པའི”ཕྱོགས་སུ་ཁྱོན་ཡོངས་ནས་རིམ་སྤར་བྱེད་པར་སྐུལ་འདེད་བཏང་སྟེ། “ལས་བགོས་གསལ་བོ་དང་། མཐུན་སྦྱོར་ནུས་མཐོ། ལྟ་སྐུལ་དོ་དམ་ནུས་ལྡན”བཅས་ཀྱི་མཉམ་འགུལ་བྱ་བའི་མ་ལག་ཆགས་པར་བྱས་ཡོད།

ཆ་འཕྲིན་དྲ་རྒྱའི་མགོ་སྐོར་ལ་རྡུང་རྡེག་གཏོང་བའི་ཆེད་དམིགས་བྱ་སྤྱོད་སྤེལ་ཏེ། དངུལ་རྩ་དང་འཕྲིན་གཏོང་། དྲ་རྒྱ། མགོ་སྐོར་ལ་འབྲེལ་བ་ཡོད་པའི་མི་སྣ་གཙོ་བོར་དོ་དམ་ཚོད་འཛིན་བྱེད་པ་སོགས་འགག་རྩའི་རིམ་པར་དམིགས་ནས། ནུས་ཤུགས་ཡོད་རྒུས་འགོ་ཁུངས་ནས་སྔོན་འགོག་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་སྟེ། རྒྱུན་རྣམ་ཅན་གྱི“བྱང་བུ་འགོག་པ”དང“རྒྱུན་གཅོད་པ”སོགས་ཀྱི་ཆེད་དམིགས་བྱ་སྤྱོད་སྤེལ་ཏེ། ཆ་འཕྲིན་དྲ་རྒྱའི་ཁྲིམས་འགལ་ཉེས་གསོག་གི་རྣམ་པ་མང་པོ་ཐོན་པར་གཏན་འགོག་བྱ་དགོས།

འབྲེལ་ཡོད་ཁྱུ་ཚོགས་ཀྱི་སློབ་གསོ་དོ་དམ་ཞབས་ཞུ་ཇེ་ལེགས་སུ་གཏོང་བ་དང་རིམ་སྤོར་བྱེད་པའི་ཆེད་དམིགས་བྱ་སྤྱོད་སྤེལ་ཏེ། ངོ་བོའི་རང་བཞིན་གྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་བརྒྱུད། རྨང་གཞིའི་འཚོལ་ཞིབ་དང་རྩལ་ནུས་གསོ་སྦྱོང་། ལས་གནས་གསར་སྤེལ།     ཁེ་དབང་འགན་སྲུང་། ཡུན་ཕན་དོ་དམ་ཚོད་འཛིན་བཅས་ཀྱི་མུ་ཕྲེང་ཧྲིལ་པོའི་རོགས་སྐྱོར་མ་ལག་བཙུགས་ཏེ། འབྲེལ་ཡོད་ཁྱུ་ཚོགས་དང་སྤྱི་ཚོགས་མཉམ་འདྲེས་བྱེད་ཚད་དངོས་གནས་མཐོ་རུ་གཏོང་དགོས།     

ནར་མ་སོན་པའི་མིའི་ཁྲིམས་འགལ་ཉེས་གསོག་གི་ཆེད་དམིགས་བྱ་སྤྱོད་ལ་སྔོན་འགོག་དང་བཅོས་སྐྱོང་བྱེད་དགོས། ནར་མ་སོན་པའི་མིའི་བདེ་འཇགས་ཁྲིམས་སྐྱོང་སློབ་གསོ་སྤེལ་བ་དང་། “སློབ་གྲྭ་སྲུང་སྐྱོང་དང་སྐྱེད་ཚལ་བདེ་འཇགས”ཀྱི་བྱ་སྤྱོད་གཏིང་ཟབ་ཏུ་སྤེལ་བ།     “བརྩེ་སེམས་སྲུང་བའི”རྟེན་གཞི་འཛུགས་སྐྲུན་ལ་ཤུགས་སྣོན་པ། བཙན་ཤེད་སྙན་ཞུའི་ལམ་ལུགས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ།  ནར་མ་སོན་པའི་མིའི་དྲ་རྒྱའི་ཁོར་ཡུག་གཙང་སྒྱུར་བྱེད་པ། སློབ་གསོའི་ཐད་ཀྱི་ཚབས་ཆེ་བའི་བྱ་སྤྱོད་ངན་པ་ཡོ་བསྲང་བྱེད་པ་སོགས་ཀྱི་ཐབས་ལམ་སྤྱད་དེ། ནར་མ་སོན་པའི་མིའི་ཉེས་གསོག་སྔོན་འགོག་དང་། ནར་མ་སོན་པའི་མིའི་ཁྲིམས་འཛིན་འགན་སྲུང་བཅས་བྱས་ཏེ། “འགོ་ཁུངས་ནས་སྔོན་འགོག་དང་།   བརྒྱུད་རིམ་དོ་དམ་ཚོད་འཛིན་བྱེད་པ། སྣ་མང་མཉམ་བཅོས་”བཅས་ཀྱི་སྔོན་འགོག་མ་ལག་འཛུགས་དགོས།

ཤ་བོ་རིན་མཚོས་བསྒྱུར།