ཧན་ཀྲེང2026འཛམ་གླིང་གྲངས་འཛིན་སློབ་གསོའི་ཚོགས་ཆེན་གྱི་འགོ་རྩོམ་མཛད་སྒོར་ཞུགས་པ་མ་ཟད་ཤིས་ཚིག་ཕུལ།
ཁུངས། ཀློག་གྲངས། 10

ཟླ5པའི་ཚེས11ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་ཧང་ཀྲོའུ་རུ2026འཛམ་གླིང་གྲངས་འཛིན་སློབ་གསོའི་ཚོགས་ཆེན་གྱི་འགོ་རྩོམ་མཛད་སྒོར་ཞུགས་པ་མ་ཟད་ཤིས་ཚིག་ཕུལ།

ཟླ5པའི་ཚེས11ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་ཧང་ཀྲོའུ་རུ2026འཛམ་གླིང་གྲངས་འཛིན་སློབ་གསོའི་ཚོགས་ཆེན་གྱི་འགོ་རྩོམ་མཛད་སྒོར་ཞུགས་པ་མ་ཟད་ཤིས་ཚིག་ཕུལ། 

ཧན་ཀྲེང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིས་བཟོས་རིག་ནུས་ཀྱིས་སློབ་གསོར་ཤུགས་རྐྱེན་ཟབ་མོ་ཐེབས་པར་ཚད་མཐོའི་མཐོང་ཆེན་གནང་བཞིན་ཡོད་ལ། མིས་བཟོས་རིག་ནུས་ཀྱི་སློབ་མཚམས་ཧྲིལ་པོའི་སློབ་གསོ་དང་སྤྱི་ཚོགས་ཡོངས་ཀྱི་ཀུན་ཤེས་སློབ་གསོར་སྐུལ་འདེད་བཏང་སྟེ། བྱང་ཚད་མཐོ་བའི་ཤེས་ལྡན་པ་རྒྱུན་ཆད་མེད་པར་སྐྱེད་སྲིང་བྱེད་དགོས་པ་ནན་གྱིས་བསྟན། ཀྲུང་གོས་རྒྱལ་ཁབ་ཀྱི་སློབ་གསོའི་གྲངས་འཛིན་ཅན་གྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ནས།  གྲངས་འཛིན་གྱིས་སློབ་གསོའི་གསར་སྒྱུར་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་སྟེ། ཕྱོགས་སོ་སོ་དང་མཉམ་དུ་སྔར་ལས་འདྲ་མཉམ་དང་དཀྱེལ་ཡངས། རྒྱུན་མཐུད་བཅས་ཀྱི་གོ་ལ་ཧྲིལ་པོའི་གྲངས་འཛིན་སློབ་གསོའི་ཁོར་ཡུག་སྒྲིག་འཛུགས་བྱེད་པར་སྐུལ་འདེད་གཏོང་དགོས།   

ཧན་ཀྲེང་གིས་བསྟན་དོན། མིས་བཟོས་རིག་ནུས་སོགས་གྲངས་འཛིན་ལག་རྩལ་དང་སློབ་གསོའི་མཉམ་འདྲེས་འཕེལ་རྒྱས་ནི། གོ་ལ་ཧྲིལ་པོའི་སློབ་གསོའི་འཕེལ་རྒྱས་ཀྱི་གོ་སྐབས་གལ་ཆེན་ཞིག་ཡིན་ལ། རྒྱལ་ཁབ་སོ་སོ་འཕྲད་པའི་ཐུན་མོང་གི་བསླབ་གཞི་ཡང་ཡིན། ཀྲུང་གོས་ཕྱོགས་སོ་སོ་དང་མཉམ་དུ་གྲངས་འཛིན་སློབ་གསོའི་འཕེལ་རྒྱས་ཀྱི་མདུན་ལྗོངས་དང་བཅོས་སྐྱོང་ཐབས་ལམ་ལ་དཔྱད་གླེང་གཏིང་ཟབ་བྱེད་པ་དང་། སྒྲིག་སྲོལ་དང་ཚད་གཞིའི་མ་ལག་འཐུས་ཚང་དུ་བཏང་ནས། གྲངས་འཛིན་སློབ་གསོའི་གསར་སྒྱུར་དང་གསར་གཏོད་ལ་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད། ཧན་ཀྲེང་གིས་གྲོས་གཞི་བཞི་བཏོན་པ་སྟེ། གཅིག་ནི་མི་རྩ་བར་འཛིན་རྒྱུ་རྒྱུན་འཁྱོངས་དང་མི་སྐྱེད་སྲིང་གི་ཐོག་མའི་བསམ་འདུན་སྲུང་ནས། གནད་དོན་ཐག་གཅོད་བྱེད་མཁས་པ་དང་ཚེ་གང་བོར་སློབ་སྦྱོང་བྱེད་ནུས་ལྡན་པ། མིས་བཟོས་རིག་ནུས་བཀོལ་སྤྱོད་ཐུབ་ལ། མ་འོངས་པའི་འཕེལ་རྒྱས་ལ་སྣེ་ཁྲིད་ཐུབ་པ་བཅས་ཀྱི་དུས་རབས་དང་མཐུན་པའི་མི་སྣ་སྐྱེད་སྲིང་བྱེད་དགོས། གཉིས་ནི་ཀུན་ཕན་དྲང་གཞག་རྒྱུན་འཁྱོངས་དང་། འདྲ་མཉམ་བཀོལ་སྤྱོད་འགན་སྲུང་བྱས་ཏེ། གྲངས་འཛིན་ལག་རྩལ་དང་སློབ་གསོའི་མཉམ་འདྲེས་འཕེལ་རྒྱས་ཀྱི་ཁེ་ཕན་མི་སྔར་ལས་མང་པོར་འཐོབ་ཏུ་འཇུག་དགོས། གསུམ་ནི་རིག་ནུས་ལེགས་སྒྲུབ་རྒྱུན་འཁྱོངས་བྱས་ནས། བདེ་འཇགས་གོ་རིམ་ལྡན་པར་འཕེལ་རྒྱས་བཏང་སྟེ། མིས་བཟོས་རིག་ནུས་ལག་རྩལ་གྱིས་སློབ་སྦྱོང་མཁན་གྱི་ཕྱོགས་ཡོངས་འཚར་ལོངས་ལ་ཞབས་འདེགས་ཞུ་བར་འགན་ལེན་བྱེད་དགོས། བཞི་ནི་སྒོ་འབྱེད་མཉམ་གཏོད་རྒྱུན་འཁྱོངས་བྱས་ཏེ། ཤེས་དཔལ་དཔྱད་གཞིར་འཛིན་རེས་ལ་སྐུལ་སྤེལ་གཏོང་བ་དང་། རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། གྲངས་འཛིན་སློབ་གསོ་སྐྱོན་བྲལ་འཕེལ་རྒྱས་འབྱུང་བར་མཉམ་དུ་སྐུལ་འདེད་གཏོང་དགོས།  

སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་ཀྲུའུ་ཞི། དཔལ་འབྱོར་དང་སློབ་གསོ། ཞིབ་འཇུག་པུའུ་ཡི་པུའུ་ཀྲང་བཅས་ཀྱི་འགན་གཅིག་ལྕོགས་སུ་འཁུར་མཁན་ཕ་མུའུ་ལན་གྱིས་འགོ་རྩོམ་མཛད་སྒོར་བརྙན་ལམ་ཤིས་ཚིག་ཕུལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྤྱིའི་འགན་འཛིན་པ་ཨ་ན་ཉི་མཛད་སྒོར་ཞུགས་ཏེ་ཤིས་ཚིག་ཕུལ།

2026འཛམ་གླིང་གྲངས་འཛིན་སློབ་གསོའི་ཚོགས་ཆེན་ལས“མིས་བཟོས་རིག་ནུས་དང་སློབ་གསོ་ཟུང་འབྲེལ་ཏེ། འཕོ་འགྱུར་དང་འཕེལ་རྒྱས། བཅོས་སྐྱོང”བཅས་བརྗོད་དོན་བྱས་ཏེ། ཀྲུང་གོ་དང་ཕྱི་རྒྱལ་གྱི་སྲིད་གཞུང་སྡེ་ཁག་དང་རྒྱལ་སྤྱིའི་རྩ་འཛུགས། སློབ་གྲྭ་ཆེ་འབྲིང་ཆུང་གསུམ། ཁེ་ལས་ཀྱི་འཐུས་ཚབ། དེ་བཞིན་ཆེད་མཁས་པ་སོགས་མི850ལྷག་འགོ་རྩོམ་མཛད་སྒོར་ཞུགས།

འགོ་རྩོམ་མཛད་སྒོ་མ་སྤེལ་གོང་། ཧན་ཀྲེང་གིས་སློབ་གསོའི་གྲངས་འཛིན་ཅན་གྱི་གྲུབ་འབྲས་འགྲེམ་སྟོན་དང་འགྲེམ་གནས་ལ་གཟིགས་ཞིབ་གནང་།