ཞི་ཅིན་ཕིང་གིས་མཛད་སྒོ་བསྡུས་ནས་ཨ་རིའི་སྲིད་འཛིན་ཀྲུང་གོར་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 42

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས14ཉིན་གྱི་སྔ་དྲོ་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཐང་ཆེན་དུ་མཛད་སྒོ་བསྡུས་ནས། ཨ་རིའི་སྲིད་འཛིན་ཐང་ན་ཏེ·ཐི་ལང་ཕུའུ་ཡིས་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་གནང་བར་དགའ་བསུ་ཞུས།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས14ཉིན་གྱི་སྔ་དྲོ་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཐང་ཆེན་དུ་མཛད་སྒོ་བསྡུས་ནས། ཨ་རིའི་སྲིད་འཛིན་ཐང་ན་ཏེ·ཐི་ལང་ཕུའུ་ཡིས་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་གནང་བར་དགའ་བསུ་ཞུས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་གཞུང་སྒྲུབ་ཐིང་གི་ཀྲུའུ་རེན་ཚའེ་ཆི་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཕྱི་དོན་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་ཝང་དབྱི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧི་ལི་ཧྥུང་སོགས་དགའ་བསུའི་མཛད་སྒོར་ཞུགས།

ཐི་ལང་ཕུའུ་དང་མཉམ་དུ་ཀྲུང་གོར་འཚམས་འདྲི་གནང་མཁན་ལ་ཀྲུང་གོར་སྡོད་པའི་གཞུང་ཚབ་དང་རྒྱལ་སྲིད་བློན་ཆེན། ནོར་སྲིད་པུའུ་ཀྲང་། རྒྱལ་སྲུང་པུའུ་ཀྲང་། ཚོང་དོན་འཐུས་མི་སོགས་ཡོད།

དམག་དཔུང་རོལ་མོའི་རུ་ཁག་གིས་ཨ་རི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་བ་དང་། རྟེན་འབྲེལ་མེ་སྒྱོགས21བརྒྱབ།

ཐི་ལང་ཕུའུ་ཡིས་ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་།

རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གཟིགས་ཞིབ་སྟེགས་བུའི་སྟེང་ཕེབས་ནས་གཟབ་སྦྲེང་རུ་ཁག་གི་རུ་སྟར་རྣམ་འབྱེད་ལ་གཟིགས་ཞིབ་གནང་།

དེའི་རྗེས་སུ། དམག་མིའི་རོལ་མོའི་རུ་ཁག་གིས་རོལ་རྡུང་འཁྲབ་སྟོན་བྱས།

ཐི་ལང་ཕུའུ་ཡིས་ཞི་ཅིན་ཕིང་གི་གདན་ཞུ་ལྟར་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་གནང་།