ཀྲའོ་ལེ་ཅི་ཡིས་ཀུའེ་ཀྲོའུ་རུ་རྟོག་ཞིབ་གནང་།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

ཟླ5པའི་ཚེས13ཉིན་ནས་ཚེས15ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅེ་ཡིས་ཀུའེ་ཀྲོའུ་རུ་རྟོག་ཞིབ་གནང་། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་ཟླ5པའི་ཚེས13ཉིན་ནས15ཉིན་བར་ཀུའེ་ཀྲོའུ་རུ་རྟོག་ཞིབ་གནང་།  ཁོང་གིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ནས།  ཏང་དང་རྒྱལ་ཁབ་ཀྱི་རྩ་བའི་ལས་འགན་ལ་རྩེ་གཅིག་ཏུ་གཞོལ་བ་དང་། དམངས་ཆེན་གྱི་ནུས་པ་དང་འགན་ཁུར་ཡིད་ལ་དམ་པོར་བཅངས་ཏེ། ཁྲིམས་ལྟར་གོ་རིམ་བཞིན་བྱ་བ་སོ་སོར་སྐུལ་འདེད་གཏོང་བ་དང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པ”ལག་བསྟར་བཟང་པོ་བྱེད་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྣམ་པ་གསར་པ་འཛུགས་སྐྲུན་ལ་བྱས་རྗེས་འཇོག་དགོས།

ཀྲའོ་ལེ་ཅི་སྔ་རྗེས་སུ་ཆན་ནན་རང་སྐྱོང་ཁུལ་དང་ཀོས་དབྱང་གྲོང་ཁྱེར་དུ་ཕེབས་ཏེ། དམངས་ཆེན་འཐུས་མིའི་འབྲེལ་གཏུག་ཁང་དང་ཁེ་ལས། གྲོང་གསེབ། དུད་ཁྱིམ་བཅས་ཀྱི་ཁྲོད་ཟབ་ཞུགས་བྱས་ནས། དམངས་ཆེན་འཐུས་མི་དང་མང་ཚོགས་བར་བསམ་ཚུལ་བརྗེ་རེས་དང་། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་།  དམངས་ཆེན་བྱ་བ་ལེགས་པོ་འཁྱོངས་པར་དམིགས་ནས་རྟོག་ཞིབ་གནང་། ཕིང་ཐང་རྫོང་དམངས་ཆེན་དང་ཞིང་ཆེན་དམངས་ཆེན་གྱི་ལས་ཁུངས་སུ“ལས་ཁུངས་བཞི་”འཛུགས་སྐྲུན་དང་། རྫོང་དང་ཞང་རིམ་པའི་དམངས་ཆེན་སྐབས་བརྗེ་འདེམས་བསྐོ། སྔོན་རྩིས་ལྟ་སྐུལ་སོགས་ཀྱི་བྱ་བར་རྒྱུས་ལོན་གནང་བ་དང་།  ལས་ཁུངས་ཀྱི་ལས་བྱེད་པར་གཟིགས་སྐོར་གནང་བ་མ་ཟད་འགོ་འཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས།

ཟླ5པའི་ཚེས13ཉིན་ནས་ཚེས15ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅེ་ཡིས་ཀུའེ་ཀྲོའུ་རུ་རྟོག་ཞབ་གནང་།  འདི་ནི་ཀྲའོ་ལི་ཅེ་ཡིས་ཀོས་དབྱང་གྲོང་ཁྱེར་དཔའ་ཞི་ཆུས་ཞི་པའེ་སྡེ་ཁུལ་གྱི་དམངས་ཆེན་འཐུས་མིའི་འབྲེལ་གཏུག་ཁང་དུ་དམངས་ཆེན་འཐུས་མི་དང་མང་ཚོགས་དང་མཉམ་དུ་བརྗེ་རེས་གནང་ཞིང་། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་དམངས་ཆེན་བྱ་བ་ལེགས་པོ་འཁྱོངས་པར་དམིགས་ནས་རྟོག་ཞིབ་གནང་བའི་རྣམ་པ་རེད། 

ཀྲའོ་ལེ་ཅི་ཡིས་བསྟན་དོན། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་ལག་བསྟར་ལ་དམིགས་ནས། དམངས་ཆེན་འགན་ནུས་འདོན་སྤེལ་ལེགས་པོ་བྱེད་དགོས། ཆུ་ཚད་མཐོ་བའི་ཚན་རྩལ་གྱི་རང་ཚུགས་རང་འབད་ཇེ་མགྱོགས་སུ་གཏོང་བ་དང་། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ། དཔལ་འབྱོར་གྲུབ་ཚུལ་ལེགས་འགྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ལས་འགན་གལ་ཆེན་དང་འབྲེལ་ནས་ཁྲིམས་འཛུགས་བྱ་བར་སྐུལ་འདེད་གཏོང་དགོས། ཚན་རྩལ་གསར་གཏོད་དང་། ཐོན་ལས་རྒྱབ་སྐྱོར། ནོར་ཁྲལ་དངུལ་རྩ། ལྗང་མདོག་ཐཱན་ཉུང་སོགས་ཀྱི་བཅའ་ཁྲིམས་ལམ་ལུགས་འཐུས་ཚང་དུ་གཏོང་བ། སྤུས་ཚད་མཐོ་བའི་ཁྲིམས་འཛུགས་ཞབས་ཞུར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་བྱེད་དགོས། ལྟ་སྐུལ་ཡང་དག་པ་དང་། ལྟ་སྐུལ་ནུས་ལྡན། ཁྲིམས་ལྟར་ལྟ་སྐུལ་བཅས་བྱས་ཏེ། ལྟ་སྐུལ་གྱི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་བཏང་ནས་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།

ཀྲའོ་ལི་ཅི་ཡིས་བསྟན་དོན། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ཏུ་བསྟར་པར་དམིགས་ཏེ། དམངས་ཆེན་དང་མི་དམངས་མང་ཚོགས་བར་གྱི་འབྲེལ་བ་གཏིང་ཟབ་ཏུ་གཏོང་དགོས་པ་དང་།  མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཀྱིས་བརྒྱུད་རིམ་ཧྲིལ་པོར་མི་དམངས་དམངས་གཙོ་མངོན་འགྱུར་བྱེད་པའི་ལམ་ལུགས་ཀྱི་གཞི་རྟེན་གལ་ཆེན་གྱི་ནུས་པ་འདོན་སྤེལ་བྱས་ཏེ།  མི་དམངས་མང་ཚོགས་ཀྱི་བསམ་ཚུལ་དང་འདོད་བློ་ལ་དམིགས་ནས་རང་འགན་གཙང་སྒྲུབ་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཁྲིམས་ལྟར་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་དགོས།  བརྟག་དཔྱད་ཞིབ་འཇུག་བྱེད་པར་ཕན་འབྲས་དངོས་ལ་བརྟེན་པ་དང་།  གཞི་རིམ་དུ་བསྐྱོད་པ་དང་མང་ཚོགས་དང་འདྲེས་པར་བྱས་ཏེ།  དམངས་ཆེན་བྱ་བ་དོན་དངོས་དང་མཐུན་ཞིང་མི་དམངས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱེད་པ། མི་དམངས་ཀྱི་བློ་གྲོས་གཅིག་ཏུ་བསྡུ་བ།  དམངས་འཚོར་ཕན་བདེ་བསྐྲུན་པ་བཅས་བྱེད་དགོས། བཟོ་བཅོས་བྱས་རྗེས་ཀྱི་འཐུས་མིའི་བཅའ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། འཐུས་མིའི་བྱ་བའི་ནུས་པ་ཇེ་ཆེར་གཏོང་པར་ཤུགས་སྣོན་དགོས། ཏང་ཀྲུང་དབྱང་གི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ། འགན་འཁྲི་ཁག་བགོས་ལྟར། རྫོང་དང་ཞང་རིམ་པ་གཉིས་ཀྱི་དམངས་ཆེན་སྐབས་བརྗེའི་འདེམས་བསྐོའི་འབྲེལ་ཡོད་བྱ་བ་ལེགས་པོར་སྒྲུབ་དགོས།

ཀྲའོ་ལེ་ཅི་ཡིས་ནན་གྱིས་བསྟན་དོན། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་གིས་སྤེལ་ནས། དམངས་ཆེན་བྱ་བ་དང་ཏང་འཛུགས་སྐྱོང་གི་སྤུས་ཚད་མུ་མཐུད་དུ་མཐོ་རུ་གཏོང་དགོས། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ།   ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་ནུས་ལྡན་སྒོས་གཅིག་གྱུར་བྱས་ཏེ། སློབ་སྦྱོང་སློབ་གསོ་སྤེལ་བ་དེ“ལས་ཁུངས་བཞི་”འཛུགས་སྐྲུན་གྱི་བླང་བྱ་དང་འདྲེས་པར་བྱེད་པ་དང་། ཁྲིམས་བཀོད་འགན་འཁྲི་སྒྲུབ་པ་དང་གཅིག་གྱུར་བྱས་ནས།  ངེས་པ་དོན་གྱིས་སྲིད་འབྲས་ལྟ་བ་ཡང་དག་འཛུགས་དགོས་པ་མ་ཟད་ལག་ཏུ་བསྟར་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་རྒྱུན་མཐུད་ངང་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། བསམ་བློ་ཆབ་སྲིད་ཀྱི་ཆུ་ཚད་དང་ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་ནུས་པ་རྒྱུན་མི་ཆད་པར་ཆེ་རུ་བཏང་སྟེ། དངོས་ཡོད་འགུལ་སྐྱོད་ཀྱིས“གཏན་ཕབ་གཉིས་”ལ་གོང་བཀུར་དང་“སྲུང་སྐྱོང་གཉིས་”ལེགས་པོར་བསྒྲུབ་དགོས།  བདེན་འཚོལ་དངོས་གཉེར་གྱི་སྤྱོད་ཚུལ་དར་སྤེལ་གཏོང་བ་དང་། དོན་དངོས་གཞིར་འཛིན་པ་དང་ཆོས་ཉིད་ལྟར་བྱ་བ་བསྒྲུབ་རྒྱུ་རྒྱུན་འཁྱོངས་བྱེད་པ། བྱ་བ་སྣ་ཚོགས་ཏན་ཏིག་དང་གཏིང་ཟབ་ཏུ་བསྒྲུབ་པ། ཏང་ཕྱོགས་ཡོངས་ནས་ནན་སྐྱོང་བྱེད་པའི་འགན་འཁྲི་གཙོ་བོ་ལག་བསྟར་བྱས་ནས། ལས་སྒྲུབ་ལས་གཏོད་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་དགོས།