ཏིང་ཞུའེ་ཞང་གིས་ཨུ་རུ་སུའི་ཙུང་ལི་གཞོན་པ་དང་པོར་མཇལ་འཕྲད་གནང་།
ཁུངས། ཀློག་གྲངས། 6

ཟླ5པའི་ཚེས19ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་གིས་པེ་ཅིང་དུ་ཨུ་རུ་སུའི་ཙུང་ལི་གཞོན་པ་དང་པོ་མན་ཐུའུ་ལུའོ་ཧྥུའུ་དང་མཇལ་འཕྲད་གནང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་གིས་ཚེས19ཉིན་པེ་ཅིང་དུ་ཨུ་རུ་སུའི་ཙུང་ལི་གཞོན་པ་དང་པོ་མན་ཐུའུ་ལུའོ་ཧྥུའུ་དང་མཇལ་འཕྲད་གནང་།

ཏིང་ཞུའེ་ཞང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྲིད་འཛིན་ཕུའུ་ཅིང་གི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་ཡོད་ཕྱོགས་ཀྱིས་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་དངུལ་གཏོང་མཉམ་ལས་ཐད་ནས་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་སྲུང་འཛིན་བྱེད་པར་སྐུལ་འདེད་བཏང་། ད་ལོ་ནི་ཀྲུང་ཨུ་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་ངོ30འཁོར་བ་དང《ཀྲུང་ཨུ་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་ཆིངས་ཡིག》ལ་མིང་རྟགས་བཀོད་ནས་ལོ25འཁོར་བའི་ལོ་ཡིན་པས། ཕྱོགས་གཉིས་ཀྱིས་འདི་གོ་སྐབས་སུ་བརྩིས་ནས། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་གི་ལྟ་བ་གལ་ཆེན་སྔར་ལས་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཀྲུང་ཨུའི་དངུལ་གཏོང་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གཅིག་འདོམས་མཐུན་སྦྱོར་གྱི་ནུས་པ་འདོན་སྤེལ་བྱས་ནས། གཙོ་གནད་ལས་གཞི་བརྟན་བརླིང་ངང་སྐུལ་འདེད་གཏོང་བ་དང་། མཉམ་ལས་ཁྱབ་ཁོངས་རྒྱ་བསྐྱེད་དེ། དངོས་གཉེར་གྲུབ་འབྲས་སྔར་ལས་མང་པོ་བརྩོན་ལེན་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བར་རྒྱུན་མཐུད་ངང་སྒུལ་ཤུགས་ཆེན་པོ་སྩོལ་དགོས།

མན་ཐུའུ་ལུའོ་ཧྥུའུ་ཡིས་བསྟན་དོན། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་བར་གྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་། མཉམ་ལས་ཀྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ཕྱོགས་གཉིས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ཐག་གཅོད་བཟང་བོ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་དངུལ་གཏོང་མཉམ་ལས་ཀྱི་ཆུ་ཚད་རྒྱུན་མི་ཆད་པར་མཐོ་རུ་གཏོང་འདོད་ཡོད།