
ཟླ5པའི་ཚེས20ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིན་དང་མཇལ་འཕྲད་གནང་བ་རེད།
ལི་ཆང་གིས་བསྟན་དོན། ཚེས20ཉིན་གྱི་སྔ་དྲོར་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཞབས་སྲིད་འཛིན་གྱིས་མཇལ་འཕྲད་གནང་ནས། ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཐད་སྔར་ལས་འཆར་འགོད་བཀོད་སྒྲིག་གནང་བ་རེད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་འཐབ་ཇུས་སྣེ་ཁྲིད་ལ་བརྩི་སྲུང་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་དང་ཕན་ཚུན་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། ངེས་ཤུགས་མུ་མཐུད་རྒྱུན་འཁྱོངས་དང་ཚོང་དོན་དངུལ་གཏོང་ཇེ་ཟབ་ཏུ་བཏང་ནས། ནུས་ཁུངས་དང་ཞིང་ལས། ཕན་ཚུན་སྦྲེལ་མཐུད། མི་གཞུང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཆུ་ཚད་སྔར་ལས་མཐོ་བའི་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱ་འདོད་ཡོད། ཕྱོགས་གཉིས་ཀྱིས་ཕྱོགས་མང་ལས་སྟེགས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོ་དོན་འཁྱོལ་ཧུར་ཐག་བྱས་ཏེ་ཐུན་མོང་གིས་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བྱ་དགོས།
ཕུའུ་ཅིང་གིས་བསྟན་དོན། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་དང་མཐོ་རིམ་འགྲོ་འོང་དམ་ཟབ་བྱས་ནས། ཙུང་ལིའི་དུས་བཅད་ཐུག་འཕྲད་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཉོ་ཚོང་དང་། ནུས་ཁུངས། འགྲིམ་འགྲུལ་ཟོག་འདྲེན། ཚན་རྩལ་གསར་གཏོད། མི་གཞུང་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་བཏང་ནས། ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་པ་དང་། མཉམ་དུ་འཛམ་གླིང་ཞི་བདེ་དང་། བརྟན་བརླིང་། དར་རྒྱས་བཅས་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
ཝུའུ་ཀྲེང་ལུང་བཅས་མཇལ་འཕྲད་ཁྲོད་ཞུགས།