རྒྱལ་ཁབ་སྡོམ་རྩིས་ཅུས་ཀྱི2026ལོའི་རྒྱུན་ལྡན་སྡོམ་རྩིས་ལྟ་ཞིབ་ཀྱི་སྡོམ་རྩིས་ལྟ་ཞིབ་ཚན་ཆུང་ལྔ་པ་མཚོ་སྔོན་ཞིང་ཆེན་དུ་ཡོང་ནས་སྡོམ་རྩིས་ལྟ་ཞིབ་བྱས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 11

ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་གནང་བ་ལྟར། རྒྱལ་ཁབ་སྡོམ་རྩིས་ཅུས་ཀྱི2026ལོའི་རྒྱུན་ལྡན་སྡོམ་རྩིས་ལྟ་ཞིབ་ཀྱི་སྡོམ་རྩིས་ལྟ་ཞིབ་ཚན་ཆུང་ལྔ་པ་ཉེ་ལམ་མཚོ་སྔོན་ཞིང་ཆེན་དུ་ཡོང་ནས་སྡོམ་རྩིས་ལྟ་ཞིབ་བྱས་པར་མ་ཟད། ཟླ5པའི་ཚེས20ཉིན་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བར་སྦྲེལ་མཐུད་འབྲེལ་འདྲིས་བྱས། ལྟ་ཞིབ་ཚན་ཆུང་གི་ཚན་གཙོ། རྒྱལ་ཁབ་སྡོམ་རྩིས་ཅུས་ཀྱི་ཏང་ཙུའུ་ཁོངས་མི། ཅུས་ཀྲང་གཞོན་པ་རོན་ཅན་ཧུང་གིས་སྡོམ་རྩིས་ལྟ་ཞིབ་ལས་དོན་ཁྱབ་བསྒྲགས་བྱས་ཏེ་བྱ་བའི་བླང་བྱ་བཏོན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་གྱིས་སྦྲེལ་མཐུད་འབྲེལ་འདྲིས་ལ་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་སྦྲེལ་མཐུད་འབྲེལ་འདྲིས་ལ་ཞུགས།

རོན་ཅན་ཧུང་གིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྡོམ་རྩིས་བྱ་བར་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྡོམ་རྩིས་རྫུན་བཟོ་འགོག་བཅོས་ཐད་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་རབ་དང་རིམ་པ་གནང་། ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་སྡོམ་རྩིས་རྫུན་བཟོ་འགོག་བཅོས་ཕན་འབྲས་བསྟུད་མར་སྲ་བརྟན་དང་ཟབ་སྤེལ་བྱས་ཏེ། སྡོམ་རྩིས་གཞི་གྲངས་ཀྱི་སྤུས་ཚད་མུ་མཐུད་དུ་ཇེ་མཐོར་བཏང་། ཡིན་ཡང་ས་ཁུལ་ཁ་ཤས་དང་ཁྱབ་ཁོངས་ཁ་ཤས་སུ་ད་རུང་སྡོམ་རྩིས་ཀྱི་ཁྲིམས་འགལ་སྒྲིག་འགལ་གནད་དོན་ཡོད་པས། ཚང་མས་ཚད་མཐོའི་མཐོང་ཆེན་དང་དོགས་ཟོན་ནན་མོ་བྱེད་དགོས།

རོན་ཅན་ཧུང་གིས་ནན་གྱིས་བསྟན་དོན། སྡོམ་རྩིས་ལྟ་ཞིབ་བྱེད་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྡོམ་རྩིས་བྱ་བ་དང་ལྷག་པར་དུ་སྡོམ་རྩིས་རྫུན་བཟོ་འགོག་བཅོས་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་འགུལ་སྐྱོད་གལ་ཆེན་ཞིག་ཡིན་ལ། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་དངོས་འཛིན་དངོས་གཉེར་དང་། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་ཏུ་བསྟར་བར་སྐུལ་འདོམས་བྱེད་པའི་ནུས་ལྡན་གྱི་བྱེད་ཐབས་ཤིགག་ཡིན་པར་མ་ཟད། སྡོམ་རྩིས་གཞི་གྲངས་ཡང་དག་ཡིན་ཞིང་། སྡོམ་རྩིས་ལྟ་སྐུལ་འགན་ནུས་སྔར་ལས་འདོན་སྤེལ་ལེགས་པོ་བྱེད་པར་སྲུང་སྐྱོང་བྱེད་པའི་ལམ་ལུགས་ཀྱི་བཀོད་སྒྲིག་གལ་ཆེན་ཞིག་ཀྱང་ཡིན། ལྟ་ཞིབ་ཚན་ཆུང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དངོས་འབེབས་ནན་མོ་བྱེད་པ་དང་། ཀྲུང་དབྱང་གིས་ཕྱི་ཚུལ་རིང་ལུགས་ལེགས་བཅོས་བྱས་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་བླང་བྱ་སྣ་ཚོགས་ལག་བསྟར་ནན་མོ་བྱེད་པ། མཚོ་སྔོན་ཞིང་ཆེན་གྱིས་ཏང་ཀྲུང་དབྱང་གི་སྡོམ་རྩིས་བྱ་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་དང་སྡོམ་རྩིས་རྫུན་བཟོ་འགོག་བཅོས་འགན་འཁྲི་དངོས་འབེབས་བྱེད་པ། སྡོམ་རྩིས་ཀྱི་ཁྲིམས་བཅད་ལས་འགན་ལག་བསྟར་བྱེད་པ་སོགས་ཀྱི་གནས་ཚུལ་ལ་དམིགས་ནས་ལྟ་ཞིབ་ཞིབ་བཤེར་བྱེད་དགོས་ལ། གཟབ་ནན་གྱི་གཞི་གདངས་རྒྱུན་འཁྱོངས་དང་། སྡོམ་རྩིས་ལྟ་ཞིབ་ཀྱི་བྱེད་ནུས་གལ་ཆེན་འདོན་སྤེལ་བྱས་ཏེ། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འགོ་ཡག་པོ་རྩོམ་ཆེད་སྡོམ་རྩིས་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས།

ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་རྒྱལ་ཁབ་སྡོམ་རྩིས་ཅུས་ཀྱིས་དུས་ཡུན་རིང་པོར་མཚོ་སྔོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཞུས། ཁོས་བསྟན་དོན། ལྟ་ཞིབ་ཚན་ཆུང་མཚོ་སྔོན་དུ་ཡོང་ནས་ལྟ་ཞིབ་བྱེད་པ་ནི་རང་ཞིང་གི་བྱ་བར་ཕྱོགས་ཡོངས་ནས་ཚད་ལེན་རྩད་ཞིབ་བྱེད་པ་ཡིན་པས། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ལྡན་གྱིས་སྐུལ་འདེད་གཏོང་སྲིད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྡོམ་རྩིས་བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་རྒྱུ་ཡིན་ལ། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་ལེགས་པོར་བསྒྲུབ་པའི་མཐོ་ཚད་ནས་སྡོམ་རྩིས་ལྟ་ཞིབ་ཀྱི་ཆབ་སྲིད་རང་བཞིན་དང་གཟབ་ནན་རང་བཞིན་ལ་ངེས་ཤེས་ཟབ་མོ་བསྐྱེད་པ་དང་། གཟབ་ནན་གྱི་རྣམ་འགྱུར་འཛིན་པ་དང་རང་འགུལ་གྱིས་གཞོགས་འདེགས་བྱས་ཏེ། སྡོམ་རྩིས་ལྟ་ཞིབ་བྱ་བ་རིམ་ལྡན་ནུས་མཐོའི་ངང་སྤེལ་བར་ཁག་ཐེག་བྱ་རྒྱུ་ཡིན། ལྟ་ཞིབ་ཚན་ཆུང་གིས་བཏོན་པའི་གནད་དོན་དང་བསམ་འཆར་ཚང་མ་དང་ལེན་བྱས་ནས་མྱུར་དུ་ལག་བསྟར་དང་ལེགས་བཅོས་བྱེད་པ་དང་། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་ཏུ་བསྟར་བའི་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱས་ནས། ལྟ་ཞིབ་ཀྱི་གྲུབ་འབྲས་དེ་སྡོམ་རྩིས་བྱ་བ་ལེགས་སྒྱུར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་དངོས་ཡོད་ཕན་འབྲས་སུ་བསྒྱུར་དགོས།

ལྟ་ཞིབ་ཚན་ཆུང་གི་འབྲེལ་ཡོད་བློ་མཐུན་དང་། ཞིང་ཆེན་གྱི་འགོ་ཁྲིད་ཀྲང་ཅིན་ཀང་སྦྲེལ་མཐུད་འབྲེལ་འདྲིས་ལ་ཞུགས།

ལྷ་མོ་འཚོས་བསྒྱུར།