ཞི་ཅིན་ཕིང་གིས་ཨུ་རུ་སིའི་སྲིད་འཛིན་ཕུའུ་ཅིང་དང་ཇ་མོལ་མཛད།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 9

ཟླ5པའི་ཚེས20ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིང་དང་ལྷན་དུ་ཇ་མོལ་མཛད།

ཟླ5པའི་ཚེས20ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིང་དང་ལྷན་དུ་ཇ་མོལ་མཛད།

ཞི་ཅིན་ཕིང་གིས། ལོ་མང་རིང་། ངས་སྲིད་འཛིན་ཕུའུ་ཅིང་བར་འབྲེལ་འདྲིས་འགྲོ་འོང་རྒྱུན་འཁྱོངས་ལེགས་པོ་བྱས་ནས། མཉམ་དུ་ཀྲུང་གོ་དང་ཨུ་རུ་སུའི་དུས་རབས་གསར་པའི་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་རྒྱུན་མཐུད་ངང་གཏིང་ཇེ་ཟབ་དང་ཏན་ཏིག་ངང་འཕེལ་རྒྱས་འགྲོ་རྒྱུར་སྣེ་ཁྲིད་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་མཐུན་དེ་མང་ཚོགས་ཀྱི་སེམས་གཏིང་དུ་སྔར་ལས་ལེགས་པར་སིམ་པར་སྐུལ་འདེད་བཏང་སྟེ། ཕན་ཚུན་བརྩི་འཇོག དྲང་གཞག་དྲང་བདེན། མཉམ་ལས་གཉིས་ཕན་ཡིན་པའི་རྒྱལ་ཁབ་ཆེན་པོའི་བར་གྱི་འབྲེལ་བའི་དཔེ་རྣམ་གསར་པ་བཏོད་པ་དང་། རྙོག་འཛིང་ཆེ་བའི་འཛམ་གླིང་ལ་རྒྱུན་མཐུད་ངང་རིན་ཐང་བྲལ་བའི་བརྟན་བརླིང་རང་བཞིན་བསྣན། དེ་རིང་ང་དང་སྲིད་འཛིན་ཕུའུ་ཅིང་བར་ཡང་བསྐྱར་ཀྲུང་གོ་དང་ཨུ་རུ་སུའི་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བར་སྐུལ་འདེད་གཏོང་རྒྱུའི་ཐད་ཐུན་མོང་ངོས་འཛིན་གསར་པ་གལ་ཆེན་ཆགས་ཡོད། ལས་ལ་བརྩོན་ན་རྟག་ཏུ་འགྲུབ། ལམ་ལ་ཆས་ན་གཏད་སོར་ཐོན། ཕྱོགས་གཉིས་ཀྱི་འབད་བརྩོན་ལྷོད་མེད་འོག ཀྲུང་གོ་དང་ཨུ་རུ་སུ་བར་གྱི་འབྲེལ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་རྣམ་པ་མུ་མཐུད་རྒྱུན་འཁྱོངས་ཐུབ་པ་དང་ཇེ་རྒྱས་ཇེ་ཡག་ཏུ་འགྱུར་ངེས་ཡིན་པ་བསྟན།

ཕུའུ་ཅིང་གིས་བསྟན་དོན། ཐེངས་འདིའི་འཚམས་འདྲི་དངོས་སྒྲུབ་ནུས་མཐོ་དང་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ངས་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཉམ་དུ་ཨུ་རུ་སུ་དང་ཀྲུང་གོའི་བར་གྱི་འབྲེལ་བའི་ལོ་རྒྱུས་འཕེལ་རིམ་ལ་ཕྱིར་དྲན་བྱས་ཞིང་། གྲོས་འགོ་མང་པོའི་ཐད་ལ་བསམ་འཆར་བརྗེ་རེས་གཏིང་ཟབ་བྱས། གོ་རིམ་རྗེས་མའི་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཀྱི་ཁ་ཕྱོགས་ཁ་གསལ་བཟོས་ནས། ཨུ་རུ་སུ་དང་ཀྲུང་གོའི་བར་གྱི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བར་འགན་སྲུང་བྱ་རྒྱུར་ཕན་ཐོགས་ཡོད། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མུ་མཐུད་དུ་འབྲེལ་འདྲིས་འགྲོ་འོང་དམ་ཟབ་བྱེད་པ་དང་འཐབ་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་པ། ཨུ་རུ་སུ་དང་ཀྲུང་གོའི་བར་གྱི་འབྲེལ་བའི་ངེས་གཏན་རང་བཞིན་དང་བརྟན་བརླིང་རང་བཞིན་ལ་བརྟེན་ནས། འཛམ་གླིང་གི་ཞི་བདེ་དར་རྒྱས་ཐད་བྱས་རྗེས་གསར་པ་འཇོག་རྒྱུར་རེ་སྒུག་བྱེད་བཞིན་ཡོད།

རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ད་དུང་ཝུའུ་ཁི་ལན་གྱི་ཉམས་ཉེན་སོགས་ཀྱི་གནད་དོན་ཐད་ནས་དགོངས་འཆར་བརྗེ་རེས་གནང་།

ཚའེ་ཆི་དང་ཝང་དབྱི་གོང་གསལ་བྱེད་སྒོར་ཞུགས།