
ཟླ5པའི་ཚེས25ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ཨུ། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཡིས་པེ་ཅིང་དུ་སེར་ཝེ་ཡ་མདུན་སྐྱོད་ཏང་གི་ཀྲུའུ་ཞི་ཝུའུ་ཆི་ཝེ་ཆི་ཡིས་སྣེ་ཁྲིད་པའི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།
ཟླ5པའི་ཚེས25ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ཨུ། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཡིས་པེ་ཅིང་དུ་སེར་ཝེ་ཡ་མདུན་སྐྱོད་ཏང་གི་ཀྲུའུ་ཞི་ཝུའུ་ཆི་ཝེ་ཆི་ཡིས་སྣེ་ཁྲིད་པའི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།
ཚའེ་ཆི་ཡིས་བསྟན་དོན། ཉེ་བའི་ལོ་ཤས་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྲིད་འཛིན་ཝུའུ་ཆི་ཆི་ཡི་ཐུན་མོང་གི་ཁྲིད་སྟོན་འོག ཀྲུང་སེར་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་མཆོང་སྐྱོད་རང་བཞིན་གྱི་འཕེལ་རྒྱས་བྱུང་སྟེ། ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱུན་མཐུད་ངང་སྐུལ་འདེད་བཏང་། ཀྲུང་གོ་ཕྱོགས་ཀྱིས་སེར་ཝེ་ཡ་ཏང་ཁག་བར་གྱི་ལམ་སྲོལ་ཅན་གྱི་འགྲོ་འོང་ཇེ་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ལྟ་བ་གལ་ཆེན་དོན་འཁྱོལ་བྱ་རྒྱུ་ཡིན་པ་དང་། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གནད་དོན་གལ་ཆེན་ཐད་མུ་མཐུད་དུ་ཕན་ཚུན་ལ་རྒྱབ་སྐྱོར་ལེགས་པོ་བྱེད་པ་དང་། འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་དང་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་ལམ་སྲོལ་ནང་གི་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་བསྣན་ཏེ། དུས་རབས་གསར་པའི་ཀྲུང་གོ་དང་སེར་ཝེ་ཡའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་གྲུབ་འབྲས་གསར་པ་སྔར་ལས་མང་པོ་འཐོབ་པར་སྐུལ་འདེད་གཏོང་འདོད་ཡོད།
ཝུའུ་ཆི་ཝེ་ཆི་ཡིས་ཀྲུང་གོའི་གུང་ཁྲན་ཏང་གིས་ཀྲུང་གོའི་སྣེ་ཁྲིད་དེ་འཛམ་གླིང་སྐྱེ་བོ་ཀུན་གྱིས་ཡིད་སྨོན་འཆོར་བའི་ངོ་མཚར་ཅན་གྱི་འཕེལ་རྒྱས་བླངས་པར་ཚད་མཐོའི་བསྔགས་བརྗོད་བྱས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་སེར་ཝེ་ཡ་རྒྱལ་ཁབ་ཀྱིས་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱེད་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཏེ། སེར་ཝེ་ཡ་མདུན་སྐྱོད་ཏང་གིས་ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་དཔྱད་གཞིར་བཟུང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་སྤེལ་གཏོང་རྒྱུ་ཡིན་ཟེར།