
ཟླ5པའི་ཚེས27ཉིན། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ལྷན་ཀྲུང་དབྱང་ཨུ་ལྷན་ལ་གཞོགས་འདེགས་བྱས་ཏེ་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དམངས་གཙོའི་ལྟ་སྐུལ་བྱ་བ་ལེགས་པར་སྒྲུབ་པའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཀྲང་ཅིན་ཀང་གིས་ཚོགས་འདུར་འགོ་འཛིན་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་གོ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ལྷན་མཚོ་སྔོན་ཞིང་ཆེན་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་ལིའུ་ཐུང་ཏི་ཚོགས་འདུར་ཞུགས།
ཚོགས་འདུ་ལས་ཏང་ཀྲུང་དབྱང་གིས་དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣར་མངགས་བཅོལ་བྱས་ནས་དམངས་གཙོའི་ཆེད་དོན་ལྟ་སྐུལ་སྤེལ་བ་ནི་ཞི་ཅིན་ཕིང་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན་ལ། ཀྲུང་གོའི་སྲིད་ཏང་ལམ་ལུགས་གསར་བ་རྒྱུན་འཁྱོངས་བཟང་པོ་བྱེད་པ་དང་འཕེལ་རྒྱས་བཟང་པོ་བྱེད་པ། འཐུས་ཚང་གང་ལེགས་གཏོང་བ་བཅས་གསོན་ཉམས་ལྡན་པའི་ངང་ལག་བསྟར་བྱེད་པའི་ལག་ལེན་དངོས་ཡིན། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ལྷན་ཀྲུང་དབྱང་ཨུ་ལྷན་གྱིས་མཚོ་སྔོན་ལ་ཁ་གཏད་ནས་དམངས་གཙོ་ལྟ་སྐུལ་སྤེལ་བ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་བྱེད་པའི་ཆབ་སྲིད་ཐད་ཀྱི་ཉམས་སད་ཐེངས་ཤིག་ཡིན་ལ། མཚོ་སྔོན་གྱི་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གོ་སྐབས་ཡག་ཤོས་ཡིན། གཏན་ཕབ་གཉིས་ལ་གོང་བཀུར་དང་སྲུང་སྐྱོང་གཉིས་ལེགས་པར་བསྒྲུབ་པའི་ཆབ་སྲིད་ཀྱི་མཐོ་ཚད་ནས་ལྟ་རྟོག་དང་ལེན་དང་ལྟ་རྟོག་ལ་གཞོག་འདེགས་བྱེད་པའི་ཆབ་སྲིད་རང་རྟོགས་དང་འགུལ་སྐྱོད་རང་རྟོགས་ལ་ཤུགས་རྒྱག་དགོས་ཞེས་བསྟན།
ཚོགས་འདུ་ལས་ཚད་མཐོ་བའི་ཆབ་སྲིད་འགན་འཁྲི་དང་གཟབ་ནན་གྱི་བྱ་བའི་སྤྱོད་ཚུལ་ལ་བརྟེན་ནས་གཞོག་འདེགས་བྱ་བ་སོ་སོ་ནུས་ཤུགས་ཡོད་རྒུས་ལེགས་པར་བསྒྲུབ་ནས་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ལྷན་ཀྲུང་དབྱང་ཨུ་ལྷན་གྱིས་རང་ཞིང་དུ་དམངས་གཙོའི་ལྟ་སྐུལ་བྱ་བ་བདེ་ལེགས་ངང་མགོ་རྩོམ་རྒྱུ་དང་སྐུལ་འདེད་ཏན་ཏིག་གཏོང་བ། ཕན་འབྲས་ལེན་པ་བཅས་ལ་ཁག་ཐེག་བྱ་དགོས། དམངས་གཙོའི་ལྟ་སྐུལ་མགོ་རྩོམ་གྲོས་ཚོགས་བདེ་ལེགས་ངང་བསྡུ་བར་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱ་དགོས། ལྟ་རྟོག་ལ་གཞོག་འདེགས་བྱེད་པའི་ལྟ་རྟོག་ཡུན་ཕན་རྐྱེན་སྲོལ་འཐུས་ཚང་ཏུ་གཏོང་བ་དང་ལྟ་རྟོག་གི་གོ་རིམ་དེ་གནད་དོན་འཚོལ་བ་དང་བྱ་བ་ལེགས་བཅོས་གཏོང་བ། ཆུ་ཚད་མཐོར་འདེགས་གཏོང་བའི་གོ་རིམ་དུ་བསྒྱུར་ནས་ཆ་འཕྲིན་རྒྱུ་ཆ་གྲ་སྒྲིག་བྱ་བ་ལེགས་པར་སྒྲུབ་པ་དང་དྲིལ་སྒྲོག་སྣེ་ཁྲིད་ཤུགས་དྲག་ཏུ་བཏང་ནས་སྤྱི་ཚོགས་ཡོངས་ཀྱིས་ཐུགས་ཁུར་བྱེད་པའི་རྨ་ཆུ་སྲུང་སྐྱོབ་བཅོས་སྐྱོང་བྱ་བའི་རྣམ་པ་བཟང་པོ་ཆགས་པར་བྱེད་དགོས། འགན་འཁྲི་གཙོ་བོ་ནན་མོར་གཏོང་བ་དང་ལྟ་རྟོག་འདྲི་བཤེར་ཤུགས་དྲག་ཏུ་གཏོང་བ། བྱ་བའི་སྒྲིག་ལམ་ནན་སྲུང་བྱས་ནས་བྱ་བ་སོ་སོ་རང་གནས་སུ་དོན་འཁྱོལ་ཡོང་བར་ཁག་ཐེག་བྱ་དགོས་ཞེས་བསྟན།
མི་ཕམ་གྱིས་བསྒྱུར།