

ཧ་སག་སི་ཐན་གྲོས་ཁང་འོག་མའི་གྲོས་གཙོ་ཁོ་ཧྲ་ནོ་ཧྥུའུ་ཡིས་གདན་ཞུས་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་ཚེས25ཉིན་ནས་ཚེས27ཉིན་བར་ཧ་སག་སི་ཐན་ལ་དངོས་གཞིའི་མཛའ་མཐུན་འཚམས་འདྲི་མཛད་པ་དང་། འདི་ནི་ཟླ5པའི་ཚེས26ཉིན་ཀྲའོ་ལེ་ཅི་ཡིས་ཨ་སི་ཐ་ན་རུ་ཧ་སག་སི་ཐན་གྱི་སྲིད་འཛིན་ཐུའོ་ཁ་ཡེ་ཧྥུའུ་ལ་མཇལ་འཕྲད་གནང་བཞིན་པའི་པར་རེད།
ཧ་སག་སི་ཐན་གྲོས་ཁང་འོག་མའི་གྲོས་གཙོ་ཁོ་ཧྲ་ནོ་ཧྥུའུ་ཡིས་གདན་ཞུས་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་ཚེས25ཉིན་ནས་ཚེས27ཉིན་བར་ཧ་སག་སི་ཐན་ལ་དངོས་གཞིའི་མཛའ་མཐུན་འཚམས་འདྲི་མཛད་པ་དང་། ཨ་སི་ཐ་ན་རུ་ཧ་སག་སི་ཐན་གྱི་སྲིད་འཛིན་ཐུའོ་ཁ་ཡེ་ཧྥུའུ་དང་མཇལ་འཕྲད་གནང་ལ། གྲོས་ཁང་གོང་མའི་གྲོས་གཙོ་ཨ་ཞི་མུའུ་པ་ཡེ་ཧྥུའུ་དང་གྲོས་ཁང་འོག་མའི་གྲོས་གཙོ་ཁོའོ་ཧྲ་ནུའོ་ཧྥུའུ་ལ་སོ་སོར་གྲོས་མོལ་མཛད།
ཐུའོ་ཁ་ཡེ་ཧྥུའུ་དང་མཇལ་འཕྲད་གནང་སྐབས། ཀྲའོ་ལེ་ཅི་ཡིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཛའ་བརྩེའི་འཚམས་འདྲི་དང་སྨོན་འདུན་ཡག་པོ་བརྒྱུད་བསྒྲགས་གནང་། ཀྲའོ་ལེ་ཅི་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཞབས་སྲིད་འཛིན་རྣམ་གཉིས་ཀྱིས་འཐབ་ཇུས་སྣེ་ཁྲིད་དང་དངོས་སུ་བཀོད་པའི་འཆར་འགོད་འོག ཀྲུང་ཧའི་འབྲེལ་བར་མཆོང་སྐྱོད་རྣམ་པའི་འཕེལ་རྒྱས་བྱུང་ནས། ཡུན་རིང་གི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་ཆུ་ཚད་མཐོན་པོར་སླེབས་ཡོད། ཀྲུང་གོས་ཧ་སག་སི་ཐན་ཕྱོགས་དང་མཉམ་དུ། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བའི་གནད་དོན་ཐད་བློ་བརྟན་འགྱུར་མེད་ཀྱིས་ཕན་ཚུན་ལ་རྒྱབ་སྐྱོར་བྱས་ཏེ། སྤུས་ཚད་མཐོ་བའི་ངང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་འདོད་ཡོད། མཉམ་དུ“ཀྲུང་ཧའི་རིག་གནས་བརྗེ་རེས་ལོ”བཟང་བོར་བསྒྲུབ་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཕན་ཚུན་བར་རྒྱུས་མངའ་དང་མཛའ་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས། ཕྱོགས་མང་སྒྲོམ་གཞིའི་ནང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་ཐུན་མོང་གི་ཁེ་ཕན་དང་རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་ལ་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་བསྟན།
ཐུའོ་ཁ་ཡེ་ཧྥུའུ་ཡིས་ཀྲའོ་ལེ་ཅི་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ཕུལ་བའི་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་བརྒྱུད་སྤྲོད་བྱ་རྒྱུའི་རེ་ཞུ་བཏོན། ཁོང་གིས་2013ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧ་སག་སི་ཐན་ལ་འཚམས་འདྲི་མཛད་སྐབས“དར་གོས་ཚོང་ལམ་དཔལ་འབྱོར་རྒྱུད”བསྐྲུན་རྒྱུའི་གྲོས་འགོ་ཐོག་མར་བཏོན་པ་དང་། ཧ་སག་སི་ཐན་དང་ཀྲུང་གོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་ཐད་གྲུབ་འབྲས་བཟང་བོ་ཐོབ་ཡོད། རྒྱལ་ཁབ་གཉིས་བར་གྱི་དཔལ་འབྱོར་གསབ་རེས་རང་བཞིན་ཆེ་བ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་སྦས་ཤུགས་ཧ་ཅང་ཆེ། ཧ་སག་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་ནན་མོ་བྱེད་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་དང་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ཀྲུང་གོས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་སྣེ་ཁྲིད་ཧུར་ཐག་བྱས་ཏེ། འཛམ་གླིང་གི་ཞི་བདེ་གཏན་འཇགས་སྲུང་སྐྱོང་བྱ་ཆེད་བྱས་རྗེས་གལ་ཆེན་བཞག་པ་དང་། ཧ་སག་སི་ཐན་ཕྱོགས་ཀྱིས་དེར་བསྔགས་བརྗོད་ཆེན་པོ་བྱེད་ཀྱིན་ཡོད།
མཇལ་འཕྲད་གནང་རྗེས། ཀྲའོ་ལེ་ཅི་ཡིས་སྲིད་འཛིན་ཐུའོ་ཁ་ཡེ་ཧྥུའུ་ཡིས་གནང་བའི་རིམ་པ་དང་པོའི“མཛའ་བརྩེའི”བྱས་རྗེས་གཟེངས་རྟགས་དང་ལེན་མཛད།
ཨ་ཞི་མུའུ་པ་ཡེ་ཧྥུའུ་དང་ཁོ་ཧྲ་ནོ་ཧྥའུ་གཉིས་དང་སོ་སོར་གྲོས་མོལ་མཛད་སྐབས། ཀྲའོ་ལེ་ཅི་ཡིས་ཕྱོགས་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱིས་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་གི་ལྟ་བ་གལ་ཆེན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། རིམ་པ་སོ་སོའི་མཛའ་མཐུན་འགྲོ་འོང་དམ་ཟབ་ཏུ་གཏོང་བ། འབྲེལ་ཡོད་བཅའ་ཁྲིམས་ཡིག་ཆར་དུས་ཐོག་ཏུ་ཆོག་མཆན་འགོད་པ་དང་བཟོ་བཅོས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་ཐད་བཅའ་ཁྲིམས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས། ཀྲའོ་ལེ་ཅིས་ད་དུང་ཀྲུང་གོའི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རྩ་གནད་དང་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང་། རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་བཅའ་ཁྲིམས། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་བཅའ་ཁྲིམས་སོགས་ཀྱི་གནས་ཚུལ་ངོ་སྤྲོད་མཛད་པ་དང་། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱིས་དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྲུན་སོགས་ལ་དམིགས་ནས་ཉམས་མྱོང་བརྗེ་རེས་བྱེད་ཆོག་ཅེས་བསྟན།
ཨ་ཞིས་མུའུ་པ་ཡེ་ཧྥུའུ་ཡིས་བསྟན་དོན། ཀྲུང་གོ་འདི་ཉིད་འཛམ་གླིང་ཧྲིལ་པོ་བརྟན་ལྷིང་གི་འགན་ལེན་གལ་ཆེན་དང་འཛམ་གླིང་ཧྲིལ་པོའི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་སྟོབས་ཆེན་ཞིག་ཏུ་གྱུར་ཡོད། ཧ་སག་སི་ཐན་ཕྱོགས་ཀྱིས་ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་མ་འཇོག་མཉམ་ལས་ལ་ཆ་རྐྱེན་བཟང་པོ་གཏོད་རྒྱུ་ཡིན་ལ། ཧ་སག་སི་ཐན་གྲོས་ཁང་གིས་ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་དང་མཉམ་ལས་བྱ་རྒྱུར་ཤུགས་བསྣན་ནས་ཁྲིམས་འཛུགས་བྱ་བའི་ཉམས་མྱོང་བརྗེ་རེས་དང་དཔྱད་གཞིར་འཛིན་འདོད་ཡོད་པ་བསྟན།
ཁོའོ་ཧྲ་ནུའོ་ཧྥུའུ་ཡིས་ཧ་སག་སི་ཐན་ཕྱོགས་ཀྱིས་ཐའེ་ཝན་དང་། ཞིན་ཅང་། ཞང་ཀང་། བོད་ལྗོངས་སོགས་ལ་འབྲེལ་བ་ཡོད་པའི་གནད་དོན་ཐད་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་པ་བསྟན། ཧ་སག་སི་ཐན་དང་ཀྲུང་གོའི་དངུལ་གཏོང་སྲུང་སྐྱོང་གྲོས་ཆོད་ཀྱི་ནུས་པ་ཐོན་པ་དེས་རྒྱལ་ཁབ་གཉིས་ཀྱི་དངུལ་གཏོང་མཉམ་ལས་ལ་གོ་སྐབས་གསར་པ་སྐྲུན་རྒྱུ་ཡིན། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་སྒྲིག་གཞིའི་མཛའ་འབྲེལ་འགྲོ་འོང་ཇེ་ཟབ་ཏུ་བཏང་ནས་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད།
འཚམས་འདྲིའི་སྐབས་སུ། ཀྲའོ་ལེ་ཅི་ཡིས་ཨ་སི་ཐ་ན་རུ་ཀྲུང་གོའི་རྡོ་སྣུམ་ཨེ་ཤེ་ཡ་དབུས་མའི་ཨུ་རུ་སུའི་ཀུང་སིར་རྟོག་ཞིབ་གནང་སྟེ། གཉིས་ཕན་མཉམ་ལས་ཇེ་ཟབ་ཏུ་བཏང་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་གྲུབ་འབྲས་གསར་པ་ལེན་པའི་རེ་བ་བཏོན་པ་མ་ཟད། ད་དུང་ཡོ་རོབ་དང་ཨེ་ཤེ་ཡའི་རྒྱལ་བཙུགས་སློབ་ཆེན་ལུའུ་པན་བཟོ་ཁང་ལ་རྟོག་ཞིབ་གནང་བ་དང་། མི་གཞུང་བརྗེ་རེས་ཇེ་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས་པ་ནན་གྱིས་བསྟན།