
ཟླ5པའི་ཚེས25ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་ཞིང་ཆེན་གཙང་གསུམ་སྡེ་ཚོགས་སུ་སོང་ནས་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བའི་གནས་ཚུལ་ལ་རྟོག་ཞིབ་མཛུབ་སྟོན་བྱས། ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་ཐད་ཀྱི་རྒྱས་བཤད་གལ་ཆེན་དང་མཚོ་སྔོན་བྱ་བའི་རེ་བ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་ལ། ཕྱོགས་ཡོངས་ནས“སྤྱིའི་ཆེད་དུ་ཏང་འཛུགས་པ་དང་། དམངས་ཀྱི་ཆེད་དུ་བདེ་སྐྱིད་བསྐྲུན་པ། ཚན་རིག་ཐག་གཅོད། དངོས་སྒྲུབ་དངོས་གཉེར”གྱི་སྤྱིའི་རེ་བ་ལག་བསྟར་བྱེད་པ་དང་། སྲིད་འབྲས་ལྟ་བ་ཡང་དག་གིས་ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་རྒྱལ་གཉེར་ཁེ་ལས་ཀྱི་སྟོབས་ཤུགས་འབུལ་དགོས་ཞེས་ནན་གྱིས་བསྟན།
མཚོ་སྔོན་ཝེ་སི་ཏོན་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་ཟི་ནས། ལིའུ་ཆི་ཧྥན་ཐོན་སྐྱེད་འཁོར་ཁང་དུ་ཟབ་ཞུགས་བྱས་ཏེ། ལོ་གཅིག་ལ་ཞོག་ཁོག་ཏུན་འབུམ་གཉིས་དང་ཁྲི་བདུན་ལས་སྣོན་བྱེད་པའི་ཕྱོགས་བསྡུས་ནུས་ཤུགས་མཐོར་འདེགས་ཀྱི་རྣམ་གྲངས་འཛུགས་སྐྲུན་དེ་ཐོན་སྐྱེད་བྱེད་མགོ་བརྩམས་པའི་གནས་ཚུལ་ལ་ཡུལ་དངོས་རྟོག་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། ཁེ་ལས་ཀྱི་རང་སྟེང་གི་ཁྱད་ཆོས་ལ་རྐང་བཙུགས་ནས། ཧུར་ཐག་གིས་ཁེ་ལས་གོང་འོག་ལ་སྦྲེལ་མཐུད་བྱ་དགོས་ལ། མ་བཅོས་རྒྱུ་ཆ་མཁོ་སྤྲོད་རྒྱ་བསྐྱེད་དེ། ལས་སྣོན་སྤུས་ལེགས་བྱེད་པ་དང་། ཁེ་ལས་སྦྲེལ་ཐག་རིང་དུ་བསྲིངས་ནས། ཁྲོམ་རའི་བཀོད་སྒྲིག་རྒྱ་ཆེར་བཏང་ནས། བདེ་འཇགས་ཐོན་སྐྱེད་ཀྱི་མ་གནས་བརྟན་སྲུང་བྱེད་པ་དང་། ཁེ་ལས་གཞི་ཁྱོན་ཅན་དང་། ཚད་མཐོ་ཅན། ཚན་རྩལ་ཅན་དུ་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་དགོས།
ལིའུ་ཆི་ཧྥན་གྱིས་གཙང་གསུམ་སྡེ་ཚོགས་ཀྱིས་སློབ་སྦྱོང་སློབ་གསོ་སྤེལ་བ་དང་འབྲེལ་ཡོད་གནད་དོན་ལེགས་བཅོས་བཏང་ཚུལ་གྱི་གནས་ཚུལ་སྙན་ཞུར་ཉན་པ་དང་། འབྲེལ་ཡོད་ཁེ་ལས་ཚན་ཁག་གི་འགན་ཁུར་མི་སྣར་གྲོས་མོལ་འབྲེལ་འདྲིས་བྱས་རྗེས་བསྟན་དོན། སློབ་སྦྱོང་སློབ་གསོ་སྤེལ་བ་ནི་ཏང་ཀྲུང་དབྱང་གིས་བཏོན་པའི་ཇུས་ཐག་འགངས་ཆེན་གྱི་བཀོད་སྒྲིག་ཡིན་ལ། ཁེ་ལས་རང་སྟེང་གི་གནད་དོན་ཐག་གཅོད་སྐུལ་འདེད་གཏོང་བ་དང་། ཇེ་རྒྱས་ཇེ་ལེགས་ཇེ་ཆེར་གཏོང་བའི་གོ་སྐབས་གལ་ཆེན་ཡིན། གཙང་གསུམ་སྡེ་ཚོགས་ཀྱིས“སློབ་བརྟག་བཅོ”གསུམ་གཞི་གཅིག་ཏུ་སྐུལ་སྤེལ་བྱེད་པ་རྒྱུན་འཁྱོངས་བྱས་ནས། སློབ་སྦྱོང་ནན་མོ་དང་། བརྟག་ཞིབ་དངོས་འབེབས། ལེགས་བཅོས་དངོས་མའི་སྟེང་ཤུགས་འདོན་དགོས་ལ། ལེགས་སྒྱུར་འཕེལ་རྒྱས་ཀྱིས་ཁེ་ལས་བརྟན་ཐོག་ཡར་འཕེལ་དང་། ཕན་འབྲས་མཐོར་འདེགས་ལ་ངང་ཚུལ་ལེགས་པོ་མངོན་དུ་འཇུག་དགོས།
ལིའུ་ཆི་ཧྥན་གྱིས་ནན་གྱིས་བསྟན་དོན། སྲིད་འབྲས་ལྟ་བ་ཡང་དག་གིས་དྲང་ལམ་ལེགས་བཅོས་བྱས་ཏེ། སྲིད་འབྲས་ལྟ་བ་ཡང་དག་གི་ཚན་རིག་གི་ནང་སྙིང་དང་དགོངས་དོན་དངོས་གཞི། ལག་བསྟར་རེ་བ་བཅས་ལ་རྒྱུས་ལོན་གཏིང་ཟབ་བྱེད་དགོས་ཤིང་། ལས་བྱེད་པ་དང་ལས་བཟོ་བར་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས། འགན་ཁུར་ཤེས་པ་དང་། འགན་ཁུར་ཕོད་པ། འགན་ཁུར་མཁས་པ་བཅས་བྱས་ཏེ། སྲིད་ཇུས་གོ་སྐབས་དམ་བཟུང་གིས་འཕེལ་རྒྱས་དཀའ་གནད་སེལ་དགོས་ལ། སྟོབས་ཤུགས་གང་ཡོད་ཀྱིས་གཙང་གསུམ་སྡེ་ཚོགས་ཀྱི་དར་རྒྱས་འཕེལ་རྒྱས་ཀྱི་ལེའུ་གསར་བ་འབྲི་དགོས། སྲིད་འབྲས་ལྟ་བ་ཡང་དག་གིས་སེམས་སྒྱུར་ལུས་སྒྱུར་བྱས་ཏེ། ཏང་ཡོན་ལས་བྱེད་ཀྱིས་ལེགས་དད་ལེགས་སྤེལ་ཁྲོད་ནུས་པ་སྦྱོང་ཞིང་། འགན་ཁུར་ལེགས་སྒྲུབ། ལས་སྐྲུན་གསར་གཏོད་བྱེད་དགོས་ལ། རྣམ་རིག་གྲུང་པོས་ཁེངས་ཤིང་། སྔར་བས་ཏན་ཏིག་གི་བྱ་བའི་སྤྱོད་ཚུལ་གྱིས་ལོ་རྒྱུས་ཀྱི་ཤུལ་ལུས་གནད་དོན་ཐག་གཅོད་བྱེད་དགོས་པ་དང་། ཁེ་ལས་གཞན་སྒྱུར་རིམ་སྤོར་ལ་སྐུལ་འདེད་བྱས་ནས། ཚན་རྩལ་གསར་གཏོད་ཀྱི་ཁྱད་ཆོས་དེ་ཁེ་ལས་འཕེལ་རྒྱས་ཀྱི་འཕེར་ཚུལ་དུ་བསྒྱུར་དགོས། སྲིད་འབྲས་ལྟ་བ་ཡང་དག་ལྟ་བ་སྣང་བརྙན་བསྐྱར་བཟོ་བྱས་ཏེ། ཁྲོམ་ར་དགོས་མཁོ་ལ་སྣེ་སྟོན་བྱེད་པ་རྒྱུན་འཁྱོངས་བྱས་ནས། བྱ་སྒྲུབ་ལམ་ལུགས་མཚམས་ཆད་མེད་པར་འཐུས་ཚང་དུ་བཏང་སྟེ། ཁེ་ལས་ཀྱི་གྲུབ་ཚུལ་མྱུར་མོར་ལེགས་བཅོས་བྱེད་དགོས་ལ། མུ་མཐུད་དུ་ཐོན་རྫས་གསར་གཏོད་དང་། ཁྲོམ་ར་རྒྱ་སྐྱེད། ཕན་ནུས་མཐོར་འདེགས་སྟེང་ནུས་པ་བཏོན་ནས། འཕེལ་རྒྱས་ཀྱི་འབྲས་བུས་སློབ་སྦྱོང་སློབ་གསོའི་འབྲས་བུར་ཞིབ་བཤེར་བྱ་དགོས། སྲིད་འབྲས་ལྟ་བ་ཡང་དག་ལ་བརྟེན་ནས་ལེགས་བཅོས་དང་། ཚད་གཞི་མཐོན་པོ། ནུས་ཕྱོད་ཆེན་པོ། སྤུས་ཚད་མཐོན་པོས་གནད་དོན་ལེགས་པོར་སེལ་དགོས་ལ། ལེགས་བཅོས་ཇུས་གཞི་འཐུས་ཚང་དུ་བཏང་ཞིང་། ཉམས་མྱོང་སྤྱི་སྡོམ་ཟབ་མོར་བྱེད་པ་དང་། རྩ་ལག་མཉམ་བཅོས་ཟབ་སྤེལ་བྱས་ཏེ། ཧུར་ཐག་གིས་ལག་ལེན་དང་མི་དམངས། ལོ་རྒྱུས་ཀྱི་ཞིབ་བཤེར་ཐོབ་པར་ལེགས་བཅོས་ཀྱི་རྒྱུགས་ལན་སྤྲོད་དགོས།
སྙིང་བྱམས་ཚེ་རིང་གིས་བསྒྱུར།