
ཟླ5ཚེས23ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་“ཨ་སྔོན་མཉམ་སྲུང་ཞེས་པའི་ཀྲུང་ཨའི་ན་གཞོན་གྱི་མཛའ་མཐུན་ཡུལ་སྐོར”བྱེད་སྒོའི་ནང་ཞུགས་མཁན་གྱི་རྒྱལ་ཁབ་གཉིས་ཀྱི་སློབ་མར་འཕྲིན་ལན་སྤྲིངས།
ཞི་ཅིན་ཕིང་གིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་སློབ་མ“ཀྲུང་གོ་དང་ཨ་རིའི་ན་གཞོན་མཛའ་མཛའ་མཐུན་རྟགས་ཅན”ལ་བསྡད་ནས། མཉམ་དུ་བརྗེད་པར་དཀའ་བའི་མཛའ་མཐུན་ཡུལ་སྐོར་བྱས་པ་ཤེས་ནས་ང་རང་ཧ་ཅང་དགའ་པོ་བྱུང་། ཀྲུང་གོ་དང་ཨ་རིའི་མཛའ་མཐུན་གྱི་གཏམ་རྒྱུད་ནི་མི་དམངས་ཀྱིས་བྲིས་པ་ཡིན་ལ། ཀྲུང་གོ་དང་ཨ་རིའི་བར་གྱི་འབྲེལ་བའི་མ་འོངས་པ་ནི་ན་གཞོན་གྱིས་གསར་སྐྲུན་བྱས་པ་ཡིན། 2023ལོའི་ཟླ11པར་ངས་“ལོ་ལྔའི་རིང་ཨ་རིའི་གཞོན་ནུ་ལོ་ཆུང་ཁྲི5ཀྲུང་གོར་བརྗེ་རེས་དང་སློབ་སྦྱོང་བྱེད་པར་གདན་ཞུ་བྱ་རྒྱུའི་”གྲོས་འགོ་བཏོན་པ་ནས་བཟུང་། ཨ་རིའི་གཞོན་ནུ་ལོ་ཆུང་ཁྲི5ལྷག་ཀྲུང་གོར་འཚམས་འདྲིར་ཡོང་ནས། ལོ་གཉིས་དང་ཕྱེད་ཀའི་སྔོན་ལ་སྔོན་དཔག་དམིགས་འབེན་མངོན་འགྱུར་བྱུང་། འགྲོ་འོང་དང་བརྗེ་རེས་ཁྲོད། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་གཞོན་ནུ་ལོ་ཆུང་ཕྱོགས་གཉིས་སུ་བསྐྱོད་དེ་ཕན་ཚུན་ཤེས་རྟོགས་དང་རྒྱུས་ལོན་ཟབ་མོ་བྱས་ལ། མཛའ་མཐུན་ཟབ་མོ་ཆགས་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་དབར་མཛའ་མཐུན་བརྗེ་རེས་བྱས་པའི་ལེའུ་གསར་པ་བྲིས།
ཞི་ཅིན་ཕིང་གིས་བསྟན་དོན། གཞོན་ནུ་ལོ་ཆུང་ལ་སྐྱེ་སྟོབས་ཆེ་ཤོས་དང་ཕུགས་འདུན་ཆེ་ཤོས་ཡོད་ལ། ཀྲུང་གོ་དང་ཨ་རིའི་འབྲེལ་བའི་མ་འོངས་པ་དང་རེ་བ་ཡིན་ཞིང་། འཛམ་གླིང་གི་མ་འོངས་པ་དང་རེ་བ་ཡང་ཡིན། ཀྲུང་གོ་དང་ཨ་རིའི་གཞོན་ནུ་ལོ་ཆུང་སྔར་ལས་མང་པོས་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་བྱ་གཞག་གི་མཐུད་དབྱུག་འཛིན་པ་དང་། ཕན་ཚུན་སློབ་སྦྱོང་དང་མཉམ་དུ་ཡར་ཐོན་ཡོང་བ་བྱས་ཏེ། ཞི་བདེ་རྒྱ་མཚོ་ཆེན་མོ་བརྒལ་བའི“མཛའ་མཐུན་ཕོ་ཉ”བྱས་ནས། ཀྲུང་གོ་དང་ཨ་རིའི་འབྲེལ་བ་བརྟན་བརླིང་དང་སྐྱོན་བྲལ། རྒྱུན་མཐུད་འཕེལ་རྒྱས་ཡོང་བར་བྱས་རྗེས་གསར་པ་འཇོག་རྒྱུའི་རེ་བ་བཅངས་ཡོད།
ཉེ་ཆར། “ཨ་སྔོན་མཉམ་སྲུང་ཞེས་པའི་ཀྲུང་གོ་དང་ཨ་རིའི་ན་གཞོན་གྱི་ཡུལ་སྐོར་བྱེད་སྒོར་ཞུགས་མཁན་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་སློབ་མས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བྲིས་ནས། “ལོ5ཁྲི5”ཡི་གྲོས་འགོ་བཏོན་པ་དེས་རྒྱལ་ཁབ་གཉིས་ཀྱི་གཞོན་ནུ་ལོ་ཆུང་གི་སློབ་སྦྱོང་བརྗེ་རེས་ལ་གོ་སྐབས་ཡག་པོ་མཁོ་འདོན་བྱས་པར་ཐུགས་རྗེ་ཆེ་ཞུས།